དགའ་ལྡན་བྱིན་ཆགས་གླིང་།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2015-01-28 20:07:23    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

1.gif9bCརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།

    དགའ་ལྡན་བྱིན་ཆགས་གླིང་ནི་པེ་ཅིང་གྲོང་ཁྱེར་གྱི་ཤར་བྱང་མཚམས་སུ་གནས་ཡོད་ཅིང་། ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་ཁྲི་ལོ་སོ་གསུམ་པར་གོང་མ་ཁང་ཞིས་ཡིས་གསར་བཞེངས་བྱས་ཤིང་རྒྱལ་སྲས་བཞི་པ་ཡུང་ཆིན་ཝང་ལ་བསྩལ། མིང་ལ་ཡང་ཡུང་ཆེན་ཝང་སྒར་ཞེས་ཐོགས། ཡུང་ཀྲིན་ཁྲི་ལོ་གསུམ་པ་སྟེ་༡༧༢༥ལོར་གོང་མའི་བཞུགས་སྒར་དུ་གྱུར་ཞིང་མིང་ལ་ཡུང་ཧི་ཀོང་ཞེས་བཏགས། ཡུང་ཀྲིན་ཁྲི་ལོ་བཅུ་གསུམ་པ་སྟེ་༡༧༣༥ལོར་གོང་མ་ཡུང་ཀྲིན་སྐུ་གཤེགས། དེའི་རྗེས་ཀྱི་ཆིན་ལུང་ཁྲི་ལོ་དགུ་པར་ཡུང་ཧི་ཀོང་ནང་བ་སངས་རྒྱས་པའི་དགོན་སྡེ་རུ་བསྒྱུར་ཞིང་མཚན་ལ་ཡང་དགའ་ལྡན་བྱིན་ཆགས་གླིང་ཞེས་བཏགས། 9bCརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
     DSC01333.JPG
9bCརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།

   དགའ་ལྡན་བྱིན་ཆགས་གླིང་འདི་བཞེངས་གྲུབ་བྱུང་རྗེས་ཀྱི་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་ལ་སྔ་གཞུག་ཏུ་ལྕང་སྐྱ་རོལ་པའི་རྡོ་རྗེ་གཙོ་བྱས་པའི་བོད་ཀྱི་བླ་ཆེན་མཁས་ཆེན་དག་གིས་བོད་རྒྱ་མི་རིགས་ཀྱི་མཐུན་སྒྲིལ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་སྤེལ་སོགས་ཀྱི་ཐད་ལ་ནུས་པ་ཆེན་པོ་བཏོན། དུས་ད་ལྟ་ཡང་ད་དུང་རྒྱ་བོད་སོག་གསུམ་དང་རྒྱལ་ཁབ་ཕྱི་ནང་གི་དད་ལྡན་ཐམས་ཅད་གནས་འདིར་འདུས་ཏེ་ཚེ་ལ་བར་ཆད་མི་ཡོང་ཞིང་རྒྱལ་ཁམས་ཞི་བདེ་ཡོང་བར་གསོལ་འདེབས་དང་མཆོད་ཕྱག་བྱེད་གྱིན་ཡོད། 9bCརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།

 9bCརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།

 9bCརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།