གྲིབ་གཟུགས་ཁྲོད་ཀྱི་མི་ཚེ།
རྩོམ་པ་པོ།  ལྷ་བྱམས་རྒྱལ།    སྤེལ་དུས།  2012-11-05 21:25:19    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

    ཉི་ཐིག་ཅིག་ཡང་སྔོན་དང་མཚུངས་པར་བག་ཕེབས་པའི་ངང་འཇམ་ཅན་གེར་སྒེའུ་ཁུང་གི་ཤེལ་སྒོ་བརྟོལ་ནས་བཀྲ་ཤིས་ཀྱི་མདུན་ཅོག་ལ་འཕྲོས་ཡོང་། བཀྲ་ཤིས་ཀྱིས་ག་ལེར་དབྱིན་ཡིག་གི་ཚིག་མཛོད་མཐུག་པོ་དེའི་ཁ་བསུམས་ཤིང་། མཛུབ་བར་ལ་བརྩིར་བའི་ལྕགས་སྨྱུག་དེ་ལོགས་སུ་བཞག མཐའ་མར་གདོང་ལ་བཟར་བའི་མིག་ཤེལ་དེ་ཡར་ལ་ཐེངས་ཤིག་དེད་རྗེས། གཞི་ནས་ལག་པ་གཉིས་ག་ལེར་ཉི་ཐིག་གི་ཁྲོད་དུ་བསྲིངས། དེ་མ་ཐག་བཀྲ་ཤིས་ཀྱི་ཅོག་ཙེ་རུ་ལག་པའི་གྲིབ་གཟུགས་འཕོས་བྱུང་། དེ་ནས་ཁོས་མཛུབ་མོས་རེས་མོས་སུ་བརྐྱངས་ཏེ་བཟོ་ལྟ་སྣ་ཚོགས་བཏོད་ཅིང་། ཅོག་ཙེ་རུའང་དེ་དང་བསྟུན་ནས་གྲིབ་གཟུགས་ཀྱི་བཟོ་ལྟ་སྣ་ཚོགས་ཤིག་བབས་བྱུང་། དེ་ན་མཆེ་བ་གཙིགས་པའི་ཁྱི་དང་། སྐད་གསང་སྒྲོག་པའི་བྱ་ཕོ། ད་དུང་ཕག་པ། བ་ལང་། ལུག་རྟ་སོགས་སེམས་ཅན་སྣ་མང་འགུལ་བཞིན་འདུག མཚམས་ཤིག་ལ། ཅོག་ཙེ་རུ་ནུ་མ་རྒྱས་ཤིང་འཕོངས་ཚོས་འབུར་པའི་བུ་མོ་ཞིག་གི་གྲིབ་གཟུགས་ཀྱང་པྲ་ཆལ་གྱིས་བབས་བྱུང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    བཀྲ་ཤིས་རྩེད་མོ་དེ་ལ་ཕལ་ཆེར་ཤིན་ཏུ་མཁས་པ་འདྲ། ཁོ་ཉི་ཐིག་གི་རྩེད་མོ་དེར་གཡེང་དུས་ཙོག་ཙེའི་ངོས་ཀྱི་སེམས་ཅན་དེ་ཚང་མ་གྲིབ་བརྙན་ཙམ་ཡིན་པ་རྨང་ནས་བརྗེད་ཡོད་ལས་ཆེ། ཁོས་ངག་ལས་སེམས་ཅན་དེ་དག་གི་སྐད་སྒྲ་སྒྲོག་ཅིང་། ངང་ཚུལ་དེ་ལ་ལོ་གསུམ་བཞི་ཅན་གྱི་བྱིས་པའི་བཟོ་ལྟ་ཞིག་འདུགAZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ད་ལྟ། ཉི་ཐིག་ཕར་ལ་བཟུར་འདུག བཀྲ་ཤིས་ཀྱིས་ཀྱང་རྩེད་མོ་དེ་རྩེ་མཚམས་བཞག ཁོ་འདུག་སྟེགས་སུ་ཀྲོང་ངེར་ཅི་ཞིག་ལ་ཧད་ནས་བསྡད། ཁང་མིག་ཏུ་ཆུ་ཚོད་འཁོར་ལོ་འཁོར་བའི་ཐག་སྒྲ་ལས་ཅི་ཡང་ཐོས་རྒྱུ་མི་འདུག ཕར་ལ་བཟུར་པའི་ཉི་ཐིག་གི་ལྷག་མ་ཞིག་ཐད་ཀར་བཀྲ་ཤིས་ཀྱི་གདོང་གི་ཕྱེད་ཀར་ཕོག་ནས་ཁོའི་གདོང་པ་དེ་གདགས་སྲིབ་ཀྱི་ངོས་གཉིས་སུ་དབྱེ། རྣམ་པ་དེ་ནི་བསམ་བློ་པ་ཆེན་པོ་ཞིག་མཐའ་ཀླས་པའི་བསམ་གཞིག་གི་ཀློང་དུ་ཞུགས་པའི་ཉམས་དང་མཚུངས།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    བཀྲ་ཤིས་ཀྱི་མཐོང་སྣེ་དེད་ན། སྒེའུ་ཁུང་ལས་ནམ་མཁའ་ཕྱེད་ཙམ་མཐོང་ཐུབ། ད་དུང་ལྕགས་དྲ་ཞིག་ཀྱང་མཐོང་ཐུབ། མ་གཞིར་ཁོ་སྡོད་ས་ནི་ཐོག་ཁང་ཆེན་མོ་ཞིག་གི་ས་འོག་གི་ཁང་པ་ཙམ་རེད། གལ་ཏེ། ཁོའི་མགོ་ཐོག་གི་ཐོག་ཁང་ཆེན་མོ་དེའི་རྩེ་རུ་འགོས་ཚེ། མཐའ་མི་མངོན་པའི་གྲོང་ཁྱེར་ཆེན་པོ་ཞིག་མཐོང་ལམ་དུ་རྔམ་བརྗིད་ཀྱིས་ཆགས་ཡོད། དེ་ནས་མགོ་བོ་བཏེགས་ཏེ་བར་སྣང་ལ་བལྟས་ཚེ་བཀྲ་ཤིས་ལ་རྣམ་ཀུན་ཉི་ཐིག་གི་བགོ་སྐལ་འགྲེམ་པའི་ཉི་མ་དེའང་ཉམ་ཆུང་གིས་འོད་མག་མོག་ཅིག་བཀྱེས་ཏེ་འགྲོ་བཞིན་འདུག་གང་ལྟར་ཀྱང་། །བཀྲ་ཤིས་ཀྱི་སེམས་ནང་དུ་མགོ་ཐོག་གི་ཉི་མ་ལ་བཀའ་དྲིན་ཡང་ཡང་ཞུ་བཞིན་ཡོད། ཉིན་རེའི་ཞོགས་པའི་སྐབས་སུ། གནམ་གཤིས་དང་མཁའ་དབུགས་ཀྱི་གནང་བ་རེ་འཐོབ་པ་ཡིན་ཚེ། མགོ་ཐོག་གི་ཉི་མས་ཐོག་ཁང་དག་གི་འཚང་ཁའི་བར་གསེང་ཞིག་ནས་རྒྱུ་མཚན་ཅི་ཡང་མེད་པར་ཉི་ཐིག་ཕྲ་མོ་ཞིག་ས་འོག་གི་བཀྲ་ཤིས་ལ་བགོ་སྐལ་དུ་སྟེར་བཞིན་ཡོད། བཀྲ་ཤིས་ལ་མཚོན་ན། ཉི་ཐིག་དེ་ནི་ཉིན་གཅིག་གི་སེམས་ཁམས་ཀྱི་རྟགས་མཚན་ཞིག་ཏུ་གྲུབ་ཡོད། གལ་ཏེ་ཞོགས་པར་ཉི་ཐིག་དེ་མཐོང་རྒྱུ་མ་བྱུང་ཚེ། ཉོབ་མདངས་ནང་དོན་མེད་པའི་ཉིན་གཅིག་གི་དུས་ཚོད་དེ་བཀྲ་ཤིས་ཐོག་ཁང་དེའི་ས་འོག་གི་ཁང་པའི་ཕྱི་ལ་བུད་པའི་དུས་དེ་ནས་བཟུང་མགོ་བརྩམས་པ་རེད། དེ་དུས། ཏག་ཏག་ལ་གྲོང་ཁྱེར་དེའི་བར་སྣང་སྤྲིན་གྱིས་གཡོགས་ཡོད་པ་མིན་ན་མཁའ་དབུགས་ཁྲོད་རྫབ་རྗོབ་ཡོངས་སུ་འདྲེས་པའི་ཁུག་སྣ་འཐིབས་ཡོད་པ་ངེས་གཏན་རེད།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ཐོག་ཁང་གི་ཕྱི་རོལ་ཏུ། རྐང་འཁོར་དང་རླངས་འཁོར་ཆུང་ངུ་མང་པོ་གཡས་གཡོན་དུ་བསྒྲིགས་ཡོད་པའི་སྲང་ལམ་དོག་མོ་ཞིག་བརྒྱུད་ནས་སོང་ཚེ། བགྲོད་ལམ་སྔོ་ཚེ་ད་ཚོང་ར་ཞིག་ཏུ་འཐེན་ཡོད་ཅིང་། འ་འུར་དང་འདུ་འཛི་དེ་བརྒལ་ཚར་ཏེ་གཞི་ནས་ཁོད་ཡངས་པའི་གཞུང་ལམ་ཆེན་པོ་ཞིག་ཏུ་བསླེབས། བཀྲ་ཤིས་ཀྱིས་ཀོ་ཁུག་ནག་པོ་ཞིག་མཆན་ལ་བཙིར་ཏེ་སྤྱི་སྤྱོད་རླངས་འཁོར་ཨང་34པའི་འབབ་ཚིགས་མིང་བྱང་ཡོད་སར་ལངས་ནས་བསྡད་། དེ་ནི་གྲོང་ཁྱེར་དེའི་ལས་སྒྲུབ་པ་རྣམས་ཀྱིས་ཧ་ཅང་བྲེལ་བ་ཆེ་མདོག་གིས་རླངས་འཁོར་ལ་སྒུག་བཞིན་འདུག་བཀྲ་ཤིས་ཀྱང་ལས་སྒྲུབ་པ་ཞིག་ཡིན། ཁོར་ཡང་བྲེལ་བ་ཆེ། ཁོས་ཀྱང་སྤྱི་སྤྱོད་རླངས་འཁོར་ཨང་34པ་ལ་སྒུག་བཞིན་ཡོད།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    དེ་ནི་བཀྲ་ཤིས་ལོ་ན་ཆུང་བའི་དུས་རེད། དེ་དུས་ཀྱི་ངང་ཚུལ་མང་པོ་ཞིག་ད་ལྟ་ཕྱིར་དྲན་དུས། བཀྲ་ཤིས་ལ་སྐྱེ་བ་སྔོན་མ་ཞིག་རང་ཉིད་དྲན་པའི་ཉམས་སྣང་བྱུང་། དེ་དུས་ཁོ་གོ་ལ་འདིའི་ཆེས་མཐོས་སྟེ་ཉི་མ་དང་བར་ཐག་ཆེས་ཉེ་སའི་མཐོ་སྒང་དེའི་ལྟེབས་ཁུགས་ཤིག་ཏུ་བདེ་ལེགས་དང་སྟབས་བདེའི་ངང་འཚར་ལོངས་འབྱུང་བཞིན་པའི་སྒང་རེད། དེ་དུས་ཁོར་རྩེད་ཆས་མང་པོ་མེད། འོན་ཀྱང་ཉི་འོད་རྫོགས་མེད་ཅིག་ཡོད། རིམ་གྱིས་བཀྲ་ཤིས་ཉི་འོད་ལ་རྩེད་མོ་རྩེ་བར་གོམས་ཤིང་། །དེ་ཡང་ཐོག་མར་ཉི་འོད་ཁྲོད་རང་གི་ལུས་པོའི་ཡན་ལག་དང་ཉིང་ལག་གི་གྲིབ་གཟུགས་སྣ་ཚོགས་ཕབ་ནས་གད་མོ་ཡང་ཡང་དགོད། དུས་ཚོད་རིང་དུ་ཕྱིན་པ་དང་བསྟུན་ནས་ཁོས་རང་གི་ཡན་ལག་དང་ཉིང་ལག་ལ་བརྟེན་ནས་སེམས་ཅན་སྣ་མང་གི་བཟོ་ལྟ་འདྲ་འདྲ་པོ་དག་གྲིབ་གཟུགས་སུ་འབེབ་ཐུབ། དེ་དུས། བཀྲ་ཤིས་ཀྱི་མི་ཚེའི་ཁྲོད་དུ། ཐོག་དང་པོར་ཁོའི་འཁྲབ་སྟོན་ལ་ལྟ་བའི་ལྟད་མོ་བ་བྱུང་ཞིང་། དེ་དག་ནི་ཁྱིམ་མཚེས་ཀྱི་བྱིས་པ་སྣབས་ལུགས་དེ་ཚོ་དང་། ངལ་རྩོལ་གྱི་བར་གསེང་དུ་དགོད་འཛུམ་བསླུག་བསླུག་འབྱིན་པའི་ནང་མི་དག་ཡིན། ཡིན་ནའང་།དེ་དུས་བཀྲ་ཤིས་ཀྱིས་འཁྲབ་སྟོན་པ་དང་ལྟད་མོ་བའི་ཐད་ལ་མི་ཚེ་དང་སྦྱར་ནས་བསམ་བློ་གཏན་ནས་གཏོང་མི་སྲིད། ཁོར་མཚོན་ན་ཉི་འོད་དང་གྲིབ་གཟུགས་ནི་རི་ཚོགས་ཁོང་གསེང་དུ་ནུབ་པའི་རི་གྲོང་དེ་རུ་བྱིས་དུས་ཀྱི་ཉི་མ་རིང་མོ་དེ་སྐྱེལ་བའི་རྩེད་ཆས་ཙམ་ཡིན།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    དེར་བརྟེན། ཕྱིས་ཀྱི་ཉི་འོད་ལ་བཅངས་པའི་དམིགས་བསལ་གྱི་དུངས་པ་དང་གྲིབ་གཟུགས་ལས་བྱུང་བའི་སེམས་ཁམས་དེ་དག་ནི་ཕལ་ཆེར་ཁོའི་བྱིས་དུས་དང་འབྲེལ་བ་ཡོད་པ་མ་རེད།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ལོ་བཅུ་ལྷག་གི་རྗེས་ཀྱི་བར་སྐབས་ཤིག་ནས།བཀྲ་ཤིས་ཀྱིས་ནང་ལོགས་ཀྱི་གྲོང་ཁྱེར་ག་གེ་མོའི་བོད་ཀྱི་རིག་གནས་ཞིབ་འཇུག་གི་ལས་ཁུངས་ཆེན་པོ་ཞིག་ཏུ་ལས་ཀ་སྒྲུབ་བཞིན་ཡོད། ལས་ཁུངས་ཀྱི་ཕྱི་སྒོ་བརྒྱུད་དུས། བཀྲ་ཤིས་ཀྱིས་མི་རེ་གཉིས་ལ་ལག་བརྡ་རེ་སྟོན་ཞིང་། སྐད་བརྡ་རེ་སྤྲོད་བཞིན་འགྲོ། དེ་ནི་ཉིན་རེར་བསྐྱར་ཟློས་བྱེད་སྲིད་པའི་རྣམ་པ་ཙམ་ཡིན་ལ། མི་དེ་དག་ལ་ཉིན་རེའི་ཞོགས་པར་ཅིས་ཀྱང་འཕྲད་སྲིད་པ་དེ་ནི་འཁོར་རྒྱུག་གི་རང་བཞིན་དུ་གཏན་འཁེལ་བྱུང་ཟིན་པའི་ལྷུ་ལག་རེ་རེ་དང་མཚུངས། དེ་ནི་གོམས་སྲོལ་ཅིག་ཏུ་ཆགས་ཡོད་པས་ཕལ་ཆེར་ཁོ་ཚོ་ཕན་ཚུན་སུ་ཡིན་ཀྱང་དོ་སྣང་བྱེད་མི་སྲིད། འོན་ཀྱང་བཀྲ་ཤིས་ཀྱིས་རྣམ་ཀུན་དེ་དག་གི་གྲིབ་གཟུགས་ལ་དོ་སྣང་བྱེད་བཞིན་ཡོད། དོ་སྣང་བྱེད་ཡུན་རིང་པོ་དང་བསྟུན་ནས།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
  ཁོས་མགོ་ཡར་འགྱོག་མི་དགོས་པར་མི་དེ་དག་གི་གྲིབ་གཟུགས་ཀྱི་དབྱིབས་དང་རྣམ་པ་ལས་དེ་དག་སུ་དང་གང་ཡིན་པ་ཕལ་ཆེར་ཤེས་བཞིན་ཡོད་ཅིང་། མཚམས་རེར་མགོ་མི་འགྱོག་པར་〝ཨ་ཁུ་འབུམ་དགའ་བདེ་མོ་ཡིན་ནམ། 〞ཨ་ཅག་〞སོགས་ཀྱིས་འཚམས་འདྲི་བྱེད་པ་དང་། མི་དེ་དག་ཐོག་མར་ཁོའི་སྤྱོད་ལམ་དེར་མི་གོམས་ཀྱང་ཕྱིས་སུ་རིམ་གྱིས་གོམས་ནས་འདྲིས་པར་གྱུར། འོན་ཀྱང་ལས་ཁུངས་ཀྱི་མི་མང་པོ་ཞིག་གིས་ཁོར་ལྐོག་ཏུ〞བཀྲ་ཤིས་མགོ་སྒུར〞ཞེས་པའི་མཚང་མིང་ཞིག་ཀྱང་བཏགས་ཡོད།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ཉིན་དེའི་ཞོགས་པར། ཉི་འོད་གྲོང་ཁྱེར་གྱི་ཐོག་ཁང་དག་གི་བར་གསེང་ནས་གསེགས་འཕྲོ་བྱས་ཡོང་། བཀྲ་ཤིས་ལས་ཁུངས་ཀྱི་ནང་སྒོའི་ཕྱོགས་སུ་མགོ་སྒུར་ནས་བསྐྱོད་དུ་དུས། མཚམས་ཤིག་ལ་རྒྱུས་མངའ་མེད་པའི་གྲིབ་གཟུགས་ཤིག་ཁོའི་གཡས་ཕྱོགས་ནས་མངོན་ཅིང་བསྲིངས་ཡོད། དེ་ནི་རྣམ་ཀུན་གཏན་ཁེལ་བྱུང་ཟིན་པའི་འཁོར་རྒྱུག་དེའི་ལྷུ་ལག་ཅིག་མ་རེད། དེ་ནི་མི་རྒྱུས་མེད་ཅིག་གི་གྲིབ་གཟུགས་རེད། དེ་བས། བཀྲ་ཤིས་ཀྱིས་མགོ་བོ་ཡར་བཀྱགས་ནས་གཞོགས་སུ་གཅུས་ཏེ་གྲིབ་གཟུགས་དེའི་བདག་པོ་སུ་ཡིན་ལ་བལྟས། བུ་མོ་དེས་ཕལ་ཆེར་བཀྲ་ཤིས་ཀྱི་གདོང་གི་མཚར་ཉམས་དེ་རྟོགས་པ་འདྲ། གདོང་མདོག་ཅུང་དམར་པོར་གྱུར་ནས་མགོ་བོ་མར་སྒུར་སོང་། དེ་ནི་རྒྱུ་དག་ལྡན་ལ་མཛེས་སྡུག་གིས་ཀུན་ནས་ཁྱོགས་པའི་བུ་མོ་ཞིག་རེད་མོ་ནི་ལས་ཁུངས་དེ་གའི་ལས་ཀ་པ་ཞིག་རེད། མས་ཀྱིས་བྱུང་རིམ་ནི་བཀྲ་ཤིས་ཀྱིས་གོ་འཛོལ་ཞིག་གིས་ཡོད་ཚད་ལ་འཕལ་ག་འཕྲོད་པར་བྱས་པ་ནམ་ཡང་ཁས་མི་ལེན། སྒོ་སྲུང་པས་བུ་མོ་དེ་ཁོའི་གཞུང་ལས་ཁང་དུ་ཁྲིད་ཡོང་སྐབས། ཏག་ཏག་ལ་ཁོས་གཞུང་ལས་ཁང་གི་སྒེའུ་ཁུང་ལས་འཕྲོས་ཡོང་བའི་ཉི་ཐིག་ཆེན་པོ་དེའི་ཀློང་དུ་ལག་པ་བསྲིངས་ཏེ་ད་སོ་མར་ཕྱི་སྒོ་ནས་མཐོང་བའི་བུ་མོ་དེའི་བཟོ་ལྟ་གྲིབ་གཟུགས་སུ་འབེབ་བཞིན་ཡོད། དེར་བརྟེན། ལོ་ངོ་དུ་མའི་རྗེས་སུ་བཀྲ་ཤིས་ཀྱིས་ད་རུང་ཡང་རང་གི་ཆུང་མར་གྱུར་པའི་བུ་མོ་དེ་ཉི་འོད་དང་གྲིབ་གཟུགས་ཀྱིས་གནང་བར་ཡིད་ཆེས་བྱེད་བཞིན་ཡོད།།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    〞བུ་མོ་འདིས་ཁྱོད་འཚོལ་བཞིན་འདུག〞སྒོ་སྲུང་པས་སྐད་ཆ་དེ་བཤད་རྗེས་སྒོ་ཕྱི་ནས་གཏན་ཏེ་བུད་སོང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ཁོའི་གཞུང་ལས་ཁང་དུ་ཡུད་ཙམ་ལ་གྲག་འགུལ་མ་བྱུང་། བཀྲ་ཤིས་དང་བུ་མོ་དེ་གཉིས་རང་རང་ས་ནས་ཅུང་ཧད་པར་གྱུར། དུས་ཚོད་ཐུང་ཐུང་དེ་འདྲ་ཞིག་གི་ནང་དུ་ཁོ་གཉིས་སླར་ཡང་ཕྲད་ཡོང་བ་སུའི་ཡིད་དུ་ཡང་དྲན་མི་སྲིད།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
   〞ང་རབ་བརྟན་གྱི་བུ་མོ་ཡིན།〞བུ་མོ་དེས་དོགས་མི་བདེ་བའི་ངང་ལག་པས་རང་གི་སྟོད་གོས་ཀྱི་འདབས་ལ་རེག་བཞིན་སྒོའི་ནང་རོལ་ཏུ་འགྲེང་ནས་བསྡད། བཀྲ་ཤིས་ཀྱིས་རང་གི་ལག་པ་ཉི་ཐིག་གི་ཀློང་ནས་ཕྱིར་བསྡུས་ཏེ་ཡར་ལང་བཞིན〞འོ་། དེ་ནས་སྡོད〞ཅེས་ད་སོ་མར་ཉི་ཐིག་གི་ཁྲོད་བུ་མོ་དེའི་ནུ་འབུར་གྱི་བཟོ་ལྟ་འདོད་བྱེད་ཀྱི་མཛུབ་མོ་དེས་མདུན་ཅོག་གི་ཟུར་གྱི་འབོལ་སྟེགས་དེ་བསྟན་ཙམ་བྱས།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    〞ང་ངའི་ཨ་ཕས་ཁྱོད་ལ་བསྐུར་པའི་སྒོར་མོ་དེ་ལེན་དུ་ཡོང་བ་ཡིན།〞བུ་མོ་མར་བསྡད་ནས་དེ་ལྟར་ལབ། 〞འོ〞བཀྲ་ཤིས་ཀྱིས་མྱུར་དུ་དེ་ནི་གོ་འཛོལ་ཞིག་ཡིན་པ་ཚོར།〞ཁྱོད་ཀྱི་འཚོལ་བ་དེ་བཀྲ་ཤིས་ཁ་ཆེ་〞བཀྲ་ཤིས་ཀྱིས་དེ་མ་ཐག་བཤད་མཚམས་བཞག་ཅིང་དེ་ནས་མགོར་འཕྲུག་ཙམ་བྱས་ཏེ་རང་གི་གུས་པ་བོར་བའི་སྐད་ཆ་དེར་འགྱོད་སེམས་ཤིག་སྐྱེས་ཤིང་དེ་ནས〞ཁྱོད་ཀྱིས་ཨ་ཁུ་བཀྲ་ཤིས་འཚོལ་བཞིན་ཡོད་པ་འདྲ། ཧི་ཧི། ངས་ཁྱོད་ལ་ཁོའི་གཞུང་ལས་ཁང་སྟོན〞ཞེས་ཡར་ལངས། མ་གཞིར་ལས་ཁུངས་དེར་བཀྲ་ཤིས་ཟེར་བ་གཉིས་ཡོད། བཀྲ་ཤིས་ནར་སོན་པ་དང་བསྟུན་ནས་རང་ལ་མིང་འདོགས་མཁན་གྱི་རི་གྲོང་གི་དགོན་རྙིང་ཆུང་ཆུང་དེའི་གྲྭ་རྒན་དེས་སོ་སོར་དམིགས་བསལ་གྱི་ཁྱད་ཆོས་ཅི་ཡང་མེད་པའི་མིང་ཕལ་བ་ཞིག་བཏགས་ཡོད་པ་ཚོར། ཁོ་སློབ་གྲྭར་འགྲིམས་དུས་འཛིན་གྲྭ་གཅིག་གི་ནང་དུ་མིང་ལ་བཀྲ་ཤིས་ཟེར་བ་གསུམ་ཡོད་ཅིང་། ཁོ་ཚོར་དབྱེ་བ་འགར་བདེ་ཆེད་དགེ་རྒན་གྱིས་མིང་གི་རྗེས་སུ་མི་སོ་སོའི་ལོ་ཚོད་ཀྱི་ཆེ་ཆུང་ལྟར་ཆེ་འབྲིང་ཆུང་གསུམ་སྦྱར་ནས་འབོད་བཞིན་ཡོད། ཕྱིས་སུ། བཀྲ་ཤིས་ཀྱིས་རིམ་བཞིན་མི་ཞིག་ལ་མཚོན་ན་མིང་ཤིན་ཏུ་གལ་ཆེ་བ་རྟོགས་ཤིང་། རང་གི་མིང་བརྗེ་འདོད་ཀྱི་འདུན་པ་མ་ཡུལ་པར་རང་ཅིག་སོང་ཡང་ཁོའི་འདོད་ཐོག་ལ་འགྲོ་མ་ཐུབ། བཀྲ་ཤིས་ཀྱིས་བོད་པ་ཚོར་འཆར་ཡན་གྱི་ནུས་པ་ཞན་པ་བོད་པ་ཚེའི་མིང་ལས་ཀྱང་རྟོགས་ཐུབ་པར་སྙམ། ཕོ་ཐམས་ཅད་བཀྲ་ཤིས། མོ་ཐམས་ཅད་སྒྲོལ་མ། གལ་ཏེ་ཁོ་ཡིན་ཚེ་སོ་སོར་མིང་དཔེ་མི་སྲིད་པ་ཞིག་འདོགས་ངེས་སྙམ། ཡིན་ནའང་ད་ལྟའི་བར་དུ་ཁོའི་ཡིད་དུ་དཔེ་མི་སྲིད་པའི་མིང་བློར་འབབ་པ་ཞིག་འཁོར་མེད། ལས་ཁུངས་དེར་བསླེབས་རྗེས། བཀྲ་ཤིས་ཀྱིས་མི་རྣམས་ཀྱིས་རང་དང་མིང་གཅིག་པའི་ཨ་ཁུ་བཀྲ་ཤིས་གཉིས་ལ་འབོད་མིང་གི་ཐད་ནས་ཇི་ལྟར་དབྱེ་བ་འགེར་བཞིན་ཡོད་པར་དོ་སྣང་བྱས་མ་མྱོང་། གང་ལྟར་ཀྱང་མི་རྣམས་ཀྱིས་བཀྲ་ཤིས་གཞན་པ་དེ་ལ〞བཀྲ་ཤིས་ཁ་ཆེ〞ཞེས་འབོད་བཞིན་ཡོད་པ་ལྟར་ཁོས་ཀྱང་དེ་ལྟར་འབོད།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    〞བཀྲ་ཤིས་ཁ་ཆེ〞ནི་ལས་ཁུངས་དེའི་མགོ་པ་ཆུང་ཆུང་ཞིག་ཡིན། བཀྲ་ཤིས་ཀྱིས་ཁོའི་ཐད་ཀའི་མགོ་ཁྲིད་འོག་ཏུ་ལས་སྒྲུབ་བྱེད་བཞིན་ཡོད། བཀྲ་ཤིས་ཀྱིས་བུ་མོ་དེ〞བཀྲ་ཤིས་ཁ་ཆེ〞ཡི་གཞུང་ལས་ཁང་དུ་ཁྲིད་ནས་ཕྱིན་དུས། མགོ་པའི་བཞིན་ལ་འཛུམ་ཆུང་ཞིག་ལངས་ནས་བཀྲ་ཤིས་ལ〞ཐུགས་རྗེ་ཆེ〞ཞེས་གསུངས་བྱུང་ཡང་། ཕན་ཚུན་གྱི་སེམས་ནང་དུ་འཛུམ་དེ་ནི་གདོང་གི་སྐྱི་གཉེར་བསྡུས་ཙམ་དང་སྐད་ཆ་དེ་ནི་མགྲིན་པའི་ཡན་ནས་ཐོན་པ་ཙམ་ཡིན་པ་གསལ་བོར་ཤེས་ངེས། ལས་ཁུངས་དེའི་མི་སུས་ཀྱང་། བཀྲ་ཤིས་སུ་འབོད་པའི་མི་དེ་གཉིས་ནི་ཁྱི་དང་ར་བཞིན་མཉམ་གནས་ཡོང་རྒྱུ་དཀའ་མོ་ཡིན་པ་ཤེས་ཡོད། བཀྲ་ཤིས་དེ་མ་ཐག་ཕྱིར་རང་གི་གཞུང་ལས་ཁང་དུ་ལོགAZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    སློབ་གྲྭ་ཆེན་མོ་མཐར་ཕྱིན་པའི་སྔ་གཞུག་ཏུ། བཀྲ་ཤིས་ཀྱང་ལོ་ཚོད་དེའི་ན་གཞོན་ཀུན་དང་མཚུངས་པར་བློ་སྤོབས་འགོག་མེད་ཅིག་གིས་བརྟས་ཡོད། དེ་དུས། བར་སྣང་གི་ཉི་མའི་ཞལ་རས་འཛུམ་གྱིས་ཁེངས་ཡོད་ཅིང་། ས་ཐོག་གི་བཀྲ་ཤིས་ཀྱི་གྲིབ་གཟུགས་གྲིམ་གྱི་ལེར་འགུལ་བཞིན་ཡོད། ལས་ཁུངས་དེར་བསླེབས་ནས་མགོ་པ་བཀྲ་ཤིས་ཀྱི་ལག་འོག་ནས་རིག་གནས་ཞིབ་འཇུག་གི་ལས་ཀ་སྒྲུབ་པའི་སྐབས་སུ། བཀྲ་ཤིས་ཀྱིས་ལས་ཐོག་གི་ལས་ཀ་ཐམས་ཅད་འཆོལ་མེད་དུ་སྒྲུབ་བཞིན་ཡོད་ཅིང་། རུས་པའི་གཏིང་ནས་སོ་སོའི་ལས་ཀ་དེ་ལ་སྤྲོ་སྣང་གིས་ཁེངས་ཡོད། 〞ངའི་ལས་ཀའི་སྤྲོ་སྣང་འཛོམས་མཁན་གྱི་ཐད་ཀའི་ཉེས་ཅན་བཀྲ་ཤིས་ཁ་ཆེ་ཡིན། 〞དེ་ནི་ལོ་ངོ་དུ་མའི་རྗེས་སུ་བཀྲ་ཤིས་ཀྱིས་རང་གི་མི་ཚེ་ལ་ཕྱིར་དྲན་བྱེད་དུས་ལབ་པའི་སྐད་ཆ་ཞིག་རེད།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
དོན་དག་གི་རྒྱུ་རྐྱེན་ནི་བཀྲ་ཤིས་ཀྱིས་ལོ་མཇུག་ཏུ་རང་གི་བོད་ཁུལ་གྱི་མང་ཚོགས་འཚོ་བའི་ཆུ་ཚད་ལ་ཞིབ་རྟོག་བྱས་པའི་ལས་ཀའི་སྙན་ཞུ་ཞིག་གོང་ལ་ཕུལ་སྐབས། ཐོག་མར 〞བཀྲ་ཤིས་ཁ་ཆེ〞ཡི་ས་ནས་སྐྱོན་བརྗོད་རེག་པ་དེ་ཡིན།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    〞ཁྱེད་ཀྱིས་འདི་ལྟར་འབྲི་མི་ཉན།〞མགོ་པའི་ཁ་ཆེན་པོ་དེའི་ནང་ནས་ཚིག་འབྲུ་དེ་རྣམས་ལ་གཤོག་པ་ཐོགས་པ་བཞིན་ཁ་གཏད་དུ་ཡོད་པའི་བཀྲ་ཤིས་ཀྱི་རྣ་ལམ་དུ་འཕུར་ཡོང་། དེ་ནི་གནམ་ངོ་རུབ་ཡོད་པའི་ཉིན་ཞིག་རེད་། 〞བཀྲ་ཤིས་ཁ་ཆེ〞ཡི་གཞུང་ལས་ཁང་དུ་ཁང་པའི་གནམ་གཅལ་གྱི་གློག་སྒྲོན་གདལ་རིལ་མ་དེ་སྦར་ཡོད་ཀྱང་། བཀྲ་ཤིས་ཀྱིས་རང་གི་གྲིབ་གཟུགས་གང་ལ་བབས་ཡོད་པ་རྙེད་མ་བྱུང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    〞འོན་ཀྱང་དེ་ནི་དོན་དངོས་རེད། ང་དངོས་སུ་བོད་ཁུལ་དུ་སོང་ནས་ཞིབ་རྟོག་བྱས་པའི་དོན་ངོ་མ་དེ་ཡིན།〞བཀྲ་ཤིས་ཀྱི་འདི་ཕོ་གསར་གྱི་རང་རྟགས་ཁོ་ན་རེད།〞མགོ་པས་ལག་གི་འབྲི་ཤོག་མཐུག་པོ་དེ་མདུན་ཅོག་ཏུ་ཅལ་སྒྲ་དང་བཅས་གཡུགས་ནས〞འདི་ལྟར་བྲིས་ན་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མི་མཐུན། ཕྱིར་ཁྱེར་ནས་རྩོམ་ནང་གི་གྲངས་ཀ་དེ་དག་དང་ཐ་སྙད་ཁ་ཤས་ལ་བཟོ་བཅོས་བྱས་རྗེས་ཁྱེར་ཤོག〞ཟེར། ཉིན་ཁ་ཤས་ཀྱི་རྗེས་སུ། ས་གནས་སྔར་བཞིན་མགོ་པའི་གཞུང་ལས་ཁང་རེད། འོན་ཀྱང་མི་སྣ་ཇེ་མང་ལ་སོང་འདུག་སྟེ། ཞིབ་འཇུག་ལས་ཁུངས་དེའི་ཏང་ཨུའི་ཧྲུའུ་ཅི་དང་མགོ་པ་དང་པོ་གཉིས་ཀྱང་ཕེབས་འདུག〝ཁྱོད་འདི་ཨུ་ཚུགས་གཡག་ལྟར་ཆེ་བ་ཞིག་རེད་ཨང་།〞〝བཀྲ་ཤིས་ཁ་ཆེ〞ཡིས་ལག་པའི་གོང་མཛུབ་ཀྱིས་བཀྲ་ཤིས་སྟོན་བཞིན་དེ་ལྟར་ལབ་ནས་མགོ་བོ་གཡུག་བཞིན་བསྡད། བཀྲ་ཤིས་ཀྱིས་ཁོའི་ཐུང་ཞིང་རྒྱགས་པའི་མཛུབ་མོ་ནེམ་པོ་དེར་ལྟ་བཞིན་ཡིད་དུ་ལོ་དེའི་དབྱར་ཁར་བོད་ཁུལ་གྱི་རོང་གྲོང་ཞིག་ཏུ་རྟོག་ཞིབ་ཏུ་བསྐྱོད་དུས། ཁྱིམ་བདག་ཕོ་གཞོན་དེས་ཁོའི་མདུན་ནས་ས་ལ་ཨང་ཀི་བྲིས་ཏེ་ཞིང་པའི་ཡོང་འབབ་ལ་རྩིས་རྒྱག་པའི་ངང་ཚུལ་དེ་དྲན་བྱུང་། ཕོ་གཞོན་དེས་བཀོལ་པ་ཡང་རང་གི་གོང་མཛུབ་རེད་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
དེ་ནི་ངལ་རྩོལ་གྱི་མཛུབ་མོ་ཞིག་རེད། འོན་ཀྱང་ད་ལྟ་བཀྲ་ཤིས་ཁ་ཆེ་ཡིས་ཏག་ཏག་ལ་རང་གི་གོང་མཛུབ་བཀྲ་ཤིས་ཀྱི་ཕྱོགས་ལ་བཙུགས་ཏེ་ཕོ་གཞོན་ཞིང་ལས་པ་དེའི་གོང་མཛུབ་ཀྱིས་རྩིས་བརྒྱབ་པའི་ཡོང་འབབ་ཀྱི་ཁ་གྲངས་བསྣོག་པར་སྐུལ་བཞིན་ཡོད། སྐབས་དེར་། བཀྲ་ཤིས་ཀྱིས་རང་གི་མཐོ་འབྲིང་གི་སློབ་གྲོགས་ཐར་རྡོ་དྲན་བྱུང་། གལ་ཏེ། ད་ལྟ་མགོ་ཁྲིད་འདི་དག་གི་མདུན་དུ་འགྲེང་ཡོད་པ་དེ་ཐར་རྡོ་ཡིན་ཚེ། 〝བཀྲ་ཤིས་ཁ་ཆེ〞ཡི་ཁ་ཆེན་པོ་དེའི་ནང་དུ་ཁུ་ཚུར་རྡོ་ལོག་ལྟ་བུ་ཞིག་བབས་ཡོད་པ་ནི་ངེས་གཏན་ཡིན་སྙམ། འོན་ཀྱང་། བཀྲ་ཤིས་ནམ་ཡང་ཐར་རྡོ་ལྟ་བུ་ཞིག་འཁྱོངས་མི་སྲིད། དེ་བས་བཀྲ་ཤིས་ཀྱིས་མགོ་བོ་སྨད་ནས་རང་གི་གྲིབ་གཟུགས་བཙལ་ནས་བསྡད། 〝དེ་ནས་ཏང་ཨུའི་ཧྲུའུ་ཅི་ཡིས་ཁ་གྲགས་བྱུང་། 〞བཀྲ་ཤིས། རྩ་འཛུགས་དང་བསྟུན་རྒྱུ་གལ་ཤིན་ཏུ་ཆེ། 〝དེ་ནི་འགྲོས་དལ་བའི་སྐད་ཆ་ཞིག་རེད། འོན་ཀྱང་ཚིག་འབྲུ་རེ་རེར་སྒུལ་རྒྱུ་མེད་པའི་ཤུགས་ཀྱིས་ཁེངས་འདུག སྒུལ་རྒྱུ་མེད་པའི་ཤུགས་དེ་ནི་དབང་ཆ་རེད། བཀྲ་ཤིས་ཀྱིས་མི་ཚེ་འདིར་ཐོག་དང་པོར་དབང་ཆ་ནི་རྣམ་པ་འདི་འདྲ་ཞིག་གིས་ཀྱང་མཚོན་ཆོག་པ་ཤེས།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    མགོ་ཁྲིད་གསུམ་པོས་རེས་མོས་ཀྱིས་བཀྲ་ཤིས་ལ་སློབ་གསོ་གཏོང་མགོ་བརྩམས། འོན་ཀྱང་བཀྲ་ཤིས་ཀྱིས་ཁོ་ཚོའི་གྲིབ་གཟུགས་བཙལ་ནས་བསྡད། ཁོས་ཇི་ལྟར་བཙལ་ཀྱང་དེ་ཚོའི་གྲིབ་གཟུགས་མ་རྙེད། མི་དེ་ཚོར་གྲིབ་གཟུགས་མི་འདུག དེ་ནི་ཁོ་ཚོ་གྲིབ་གཟུགས་ཤིག་གི་ཁྲོད་དུ་ཡོད་པས་ཡིན་ངེས། གྲིབ་གཟུགས་ཀྱི་ཁྲོད་དུ་རང་གི་གྲིབ་གཟུགས་མཐོང་མི་སྲིད། ད་ནི་ཆེས་རྒྱུན་ལྡན་གྱི་འཚོ་བའི་ཉམས་མྱོང་ཞིག་ཡིན་ཀྱང་། བཀྲ་ཤིས་ཀྱིས་དེ་ལས་གནས་ལུགས་གཞན་ཞིག་མཐོང་བྱུང་། མགོ་ཁྲིད་ཚོ་ཅི་ཞིག་ལ་གྲིབ་གཟུགས་ཆེན་པོ་ཞིག་གི་འོག་ཏུ་སྒོང་ནས་འདུག་པ་ཤེས་བྱུང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    〞ཤུ།〝བཀྲ་ཤིས་ཀྱིས་དངན་པ་རིང་པོ་ཞིག་འཐེན་རྗེས། 〞ཁྱེད་ཅག་གི་གསུང་བརྩི〝ཞེས་ལབ་ཅིང་ཡར་ལངས་ཏེ་རང་གི་རྩོམ་ཡིག་ཅོག་ཙེ་སྒང་ནས་ཚུར་བླངས་རྗེས་ཕྱིར་བསྐྱོད། དེ་དུས། མགོ་ཁྲིད་ཚོས་ཁོའི་ངལ་ལས་ལྡབ་ལྡིབ་ཅིག་སྨྲ་བཞིན་པ་ཐོས་ཀྱང་ཚིག་འབྲུ་གསལ་བོ་ཞིག་གོ་མ་བྱུང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    〞ང་ལའང་གྲིབ་གཟུགས་མི་འདུག〞བཀྲ་ཤིས་ཀྱིས་བསླས་པའི་ལྡབ་ལྡིབ་ཀྱི་ཚོག་འབྲུ་ནི་དེ་དག་རེད།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ཁོར་མཚོན་ན་དེ་ནི་རང་ལ་ལབ་པ་ཡིན་པས། ཁ་གསལ་དགོས་དོན་མེད། འོན་ཀྱང་མགོ་ཁྲིད་དག་གིས་གཅིག་མཐུན་ངང་བཀྲ་ཤིས་ལྡབ་ལྡིབ་ཏུ་སྨྲས་པའི་ཚིག་དེ་ནི་ཁོ་ཚོར་དམོད་པའི་ཚིག་ཅིག་ཡིན་པར་ངོས་འཛིན་བྱས་སོང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    དེ་ནས་བཟུང་། བཀྲ་ཤིས་ལ་ཡང་བསྐྱར་རང་གི་གྲིབ་གཟུགས་བོར་པའི་དངངས་སྐྲག་བྱུང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    མིའི་རིགས་ཀྱི་སྤྱི་ལོ་1997ལོར། བཀྲ་ཤིས་ཀྱི་ཕ་རྒན་རྒྱུ་ནད་ལས་མ་ཐར་པར་ཚེ་ལས་འདས་སོང་། ལོ་དེར་བཀྲ་ཤིས་ཕོ་ལོ་བཅུ་བདུན་ཡིན། རྫོང་སློབ་འབྲིང་གི་ཐོག་ཁང་གི་བར་ཁྱམས་ཀྱི་ཉི་འོད་སྤྲིན་ནག་དུམ་བུ་ཞིག་གིས་སྡུད་བཞིན་པའི་སྐབས་དེར། འཛིན་གྲྭའི་མགོ་བདག་དགེ་རྒན་དཔལ་མགོན་ཉི་གྲིབ་གཉིས་ཀྱི་ཁ་མཚམས་ནས་མངོན་ཡོང་སྟེ་བཀྲ་ཤིས་ལ་བཀྲ་མི་ཤིས་པའི་བརྡ་དེ་བརྒྱབ། བཀྲ་ཤིས་མགོ་སྒུར་ནས་ཡུད་ཙམ་ལ་བསྡད་ཅིང་རང་གི་མིག་ཆུའི་ཐིགས་པ་ཐར་ཐོར་རིམ་གྱིས་ཡལ་བཞིན་པའི་རང་གི་གྲིབ་གཟུགས་སུ་ལྷུང་བ་མཐོང་། དེ་ནི་མངོན་ཆུང་གི་སེམས་ཀྱི་འགྱུར་བའི་བག་ཆགས་ཤིག་གྲུབ་པའི་གོ་རིམ་ཡིན་པ་འདྲ་སྟེ། བཀྲ་ཤིས་ལ་ཐོག་དང་པོར་རང་གི་གྲིབ་གཟུགས་མཐོང་མི་ཐུབ་པའི་དངངས་སྐྲག་བྱུང་། ཁོའི་སྣང་བ་ཞིག་ལ་ཞི་བའི་དབྱིངས་སུ་གཤེགས་བཞིན་པའི་ཕ་རྒན་ནི་རང་གི་ཡལ་བཞིན་པའི་གྲིབ་གཟུགས་ལྟ་བུ་རེད། མི་ཞིག་ལ་གྲིབ་གཟུགས་མེད་པ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། དེ་ནི་འཆི་བའི་རྣམ་པ་ཞིག་ཡིན་ཅིང་། ཤ་ཁྲག་གདོས་བཅས་ཀྱི་ལུས་རྟེན་འདི་ཡལ་ནས་གར་འགྲོ་གཏོལ་མེད་ཀྱི་རྣམ་ཤེས་ཕྱི་གསལ་ནང་གསལ་དེ་ཉི་འོད་མེད་པའི་བར་དོར་འཁྱམ་པའི་རྣམ་པ་ཞིག་རེད་ཨང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    བཀྲ་ཤིས་ནི་མ་གཞི་ནས་བུ་རྒོད་པོ་ཞིག་ཡིན་ངེས། མིག་ཆུ་འདོན་ཐེངས་དེས་ཁོ་སྨིན་ཐག་ཆོད་པར་བྱས་སོང་། དེ་དུས་ཁོ་ནི་མཐོ་འབྲིང་ལོ་རིམ་དང་པོར་བསླེབས་མ་ཐག་ཡིན། ཁོའི་བོད་ཡིག་གི་རྨང་གཞི་མཐུག་ཅིང་རྒྱ་ཡིག་སོགས་སློབ་ཚན་གཞན་པར་ཡང་བརྩོན་པ་ཤིན་ཏུ་ཆེ། ཁོས་སློབ་གྲྭའི་སྒྲིག་ལམ་སྣ་ཚོགས་ལྟར་འཚོ་བ་རོལ་ཅིང་། རང་གིས་རང་ལ་འཇུན་སྡོམ་ཡང་ཡང་བྱེད། དེ་བས། ཅུང་མ་འགོར་པར་ཁོ་འཛིན་གྲྭའི་དཔོན་པོར་བསྐོས། འཛིན་དཔོན་ནི་དོན་སྙིང་ངེས་ཅན་ཞིག་གི་ཆ་ནས་བཤད་ན་དབང་ཆ་ཞིག་རེད། དབང་ཆ་ནི་ཕ་རོལ་པོར་ཐེ་གཏོགས་བྱེད་ཆོག་པའི་ལས་ཀ་ཞིག་རེད། བཀྲ་ཤིས་ཀྱིས་ཀྱང་རང་གི་འཛིན་དཔོན་གྱི་དབང་ཆ་ལག་བསྟར་བྱེད་དུས། ཉིན་ཞིག་སློབ་གྲོགས་ཐར་རྡོས་ཁོ་ལ་ཁུ་ཚུར་སྟོན་བཞིན〝ཁྱོད་ཀྱིས་ངའི་རང་དབང་ལ་ཐེ་གཏོགས་བྱོས་དང་། ངས་ཁྱོད་ལ་འདི་སྟེར〞ཟེར། རྩོད་གཞི་ནི་རང་སྦྱོང་གི་སྐབས་སུ་ཐར་རྡོས་འཛིན་དཔོན་ལ་གནང་བ་མ་ཞུས་པར་གསང་སྤྱོད་དུ་སོང་བས་རེད། དེ་ནི་དབང་ཆ་ལ་ཕོག་ཐུག་བཏང་བའི་བྱ་སྤྱོད་ཅིག་ཡིན་པས་བཀྲ་ཤིས་ཀྱིས་བཟོད་སྒོམ་བྱེད་མི་སྲིད། དེ་ནས་ཁ་འཛིང་དང་ལག་འཛིང་རིམ་གྱིས་བྱུང་ཞིང་མཐའ་མར་འཛིན་གྲྭའི་མགོ་བདག་ཐོན་ནས་བཀྲ་ཤིས་གཞོགས་སུ་ལངས་ཏེ་ཐར་རྡོར་རང་སྐྱོན་ངོས་ལེན་ཞུ་རུ་བཅུག ཡིན་ནའང་ཐར་རྡོ་ནི་མ་གཞི་ནས་དབང་ཆ་ཆེན་པོར་སྐྲག་པའི་བུ་ཞིག་གཏན་ནས་མིན་པ་འདྲ། ཁོས་ཚང་མའི་སྡུན་ནས〝 ཇག་པ་ཡོང་རུང་སྐྱག་པ་གཏོང་དགོས་ཟེར་བའི་ཁ་དཔེ་ལྟར། གཅིན་ཞིག་གཏོང་དུ་འགྲོ་ནའང་འཛིན་དཔོན་ལ་གནང་བ་ཞུ་དགོས་པ་ནི་དཔེ་མི་སྲིད་པ་ཞིག་རེད། ཡང་གཅིག་བཤད་ན་ང་ཚོ་ནི་དུས་རབས་གསར་པའི་ན་གཞོན་ཡིན་པ་ལས་དུས་རབས་རྙིང་བའི་བྲན་གཡོག་ནི་མ་རེད〞ཅེས་སྐད་གྲགས་ཆེན་པོས་ཁ་ཕོ་དེ་འདྲ་ཞིག་ལབ་པ་ན། སློབ་གྲོགས་ཚང་མ་དགོད་ཁ་ཤོར་སོང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
   ཕྱིས་སུ། བཀྲ་ཤིས་དང་ཐར་རྡོ་གཉིས་གྲོགས་པོ་ཡག་ཤོས་ཤིག་ཏུ་གྱུར་སོང་། ཁོ་གཉིས་ནི་དེ་ལྟར་གཤིས་ཀ་མི་མཚུངས་པ་ཞིག་ཡིན་རུང་། དེ་ལྟར་འཆམ་མཐུན་ཡོང་བར་དགེ་སློབ་ཚང་མས་གོ་བ་ལོན་གྱིན་མེད། ཐར་རྡོ་ནི་སློབ་གྲྭ་ཡོངས་སུ་སྒྲིག་ལམ་གཏོར་བཤིག་བྱེད་མཁན་གྱི་ངན་པ་རྟགས་ཅན་ཞིག་ཡིན་ཅིང་། བཀྲ་ཤིས་ནི་སློབ་གྲྭ་ཡོངས་སུ་སྐད་གྲགས་ཆེ་བའི་གསུམ་བཟང་སློབ་མ་ཞིག་ཡིན། དེ་གཉིས་ནི་དེ་ལྟར་དཀར་ནག་མངོན་གསལ་ཞིག་ཡིན་ཀྱང་། མཐའ་མར་སློབ་གྲྭ་དེའི་སློབ་མ་ཚོའི་ཁྲོད་དུ་མཛའ་གཅུགས་ཆེས་དམ་ཟབ་ཡིན་པའི་གྲོགས་པོ་ཆ་ཞིག་ཏུ་གྱུར་སོང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ལོ་ངོ་དུ་མའི་རྗེས་སུ། བཀྲ་ཤིས་ཀྱིས་རང་གི་མཐོ་འབྲིང་གི་གྲོགས་པོ་ཡག་པོ་དེར་རྗེས་དྲན་ཞུ་སྐབས། སེམས་ཁོང་དུ་ད་དུང་ཡང་གུས་པ་དང་ཡིད་སྨོན་གྱིས་ཁེངས་ཡོད། ཁོའི་ཅི་བསམ་བཤད་ཕོད་ལ་ཅི་བཤད་སྒྲུབ་ཕོད་པའི་སྙིང་སྟོབས་དེ་ནི་དཔུང་སྡེའི་སྔོན་གྱི་དར་ཆ་ཞིག་དང་འདྲ་བར་བཀྲ་ཤིས་རང་གི་ཡིད་ཀྱི་དང་བ་འདྲེན་བཞིན་ཡོད། བཀྲ་ཤིས་ཀྱིས་ཕྱིས་སུ་ཐར་རྡོའི〝རྣམ་ཐར〞རེ་གཉིས་ཡིད་ལ་ཤར་དུས་དབང་མེད་དུ་དགོད་ཁ་འཆོར་བཞིན་ཡོད། བཀྲ་ཤིས་དང་ཐར་རྡོའི་མཛའ་གཅུགས་ཀྱི་འགྲོ་འོང་འབྲེལ་བའི་ཁྲོད་དུ། རྐྱེན་གཉིས་ཤིག་ལྷམ་མེར་སོ་སོའི་ཕྱིར་དྲན་གྱི་མེ་ལོང་ངོས་སུ་ནམ་རྒྱུན་ཤར་བཞིན་ཡོད། དེ་ནི〝ཅུང་པེང་གི་དོན་རྐྱེན〞〝ས་འགུལ་གྱི་དོན་རྐྱེན〞གཉིས་ཡིན། དེ་ལས་སྔ་མ་ནི་ཀུན་ལ་སྒྲོག་ཆོག་པའི་དཔའ་རྟགས་ཤིག་ཡིན་ཅིང་། ཕྱི་མ་ནི་ཁོ་གཉིས་མ་གཏོགས་གཞན་གྱིས་མི་ཤེས་པའི་གསང་བ་ཞིག་ཡིན། སློབ་གྲྭའི་ཇ་ཁང་གི་ཇ་མ་ཅུང་པེང་འཚོང་མཁན་དེ་ནི་མི་རྒན་སྣབས་ལུགས་ཤིག་རེད། རྣམ་ཀུན་ཁོས་སློབ་མ་ཚོར་ཅུང་པེང་འཚོང་སྐབས་ལག་པས་སྣབས་ཡང་ཡང་འབྱིད་ཅིང་། དེ་ནས་ལག་པ་དེས་དཀར་སོབ་སོབ་དང་རླངས་པ་ཐུ་ལི་ལི་བྱེད་པའི་ཅུང་པེང་བླངས་ཏེ་སློབ་མ་ཚོར་འཚོང་བཞིན་ཡོད། དེ་ལ་སློབ་མ་ཚོ་སྐྱུགས་མེར་ཅི་འདྲ་ལྡང་ཞིང་འཚིག་པ་ཅི་འདྲར་ཟ་རུང་གདོང་ལ་འཕུད་མཁན་ཞིག་མ་བྱུང་། ཉིན་ཞིག་ཐར་རྡོ་དང་བཀྲ་ཤིས་གཉིས་ཀྱིས་ཅུང་པེང་ཉོ་སྐབས་ཏག་ཏག་ལ་རྣམ་པ་དེར་ཕྲད་པས། ཐར་རྡོས་སྐད་གསེང་མཐོན་པོས〝ལས་ངན་ན་ཁྱོད་ཀྱི་སྣབས་ཀྱང་ཟ་དགོས་པ་རེད་དམ〞ཞེས་ཇ་མ་དེའི་ཐོང་རྩེ་ནས་བཟུང་སྟེ་ཨུ་ཚུགས་ཆེན་པོས་སློབ་གཙོ་ཡོད་སར་ཁྲིད། རྒྱུ་མཚན་བསྙད་སྐབས་བཀྲ་ཤིས་ཀྱིས་ཀྱང་ཟུར་ནས་བདེན་དཔང་བྱས་པས། ཅུང་མ་འགོར་པར་ཇ་མ་སྣབས་ལུགས་དེ་སློབ་གཙོའི་བཀའ་ལྟར་ཕྱིར་འཕུད་བྱས་སོང་། དེ་ལ་ཕྱིས་སུ་བཀྲ་ཤིས་ཀྱིས〝ཅུང་པེང་གི་དོན་རྐྱེན〞ཞེས་ཟེར་བཞིན་ཡོད་ཅིང་། ཐར་རྡོའི་མིང་དེ་ཡང་སློབ་གྲྭ་ཡོངས་སུ་གྲགས་སོང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ཡང་ཉིན་ཞིག་ལ་ས་འགུལ་བྱུང་། ས་འགུལ་གྱིས་སློབ་མ་ཚོའི་མལ་ཁང་ཆེ་ཤོས་ལ་གས་ཀ་བཟོས་པས་ཁང་པ་ཚང་མ་བརྡིབ་པའི་ཉེན་ཁ་བྱུང་། རླུང་འཕྲིན་དང་བརྙན་འཕྲིན་དུ་ཐེངས་དེའི་ས་འགུལ་གྱི་རྒྱུན་ད་རུང་འཇགས་ཤ་སྟག་མིན་པའི་ཉེན་བརྡ་སྒྲོག་གིན་ཡོད་ཅིང་། སློབ་གྲྭས་བདེ་འཇགས་ལ་གཞིགས་ཏེ་སློབ་མ་ཡོངས་བཀར་ཏེ་ཉལ་དུ་བཅུག་ཅིང་། ནམ་གུང་དཀྱིལ་བར་དུ་ཁོ་ཚོས་རེས་མོས་ཀྱིས་བར་མཚམས་དེ་ནས་ཡར་འགྲོ་མར་འགྲོ་བྱེད། བཀྲ་ཤིས་ལ་ཚེ་ཐོག་འདིར་རྔམ་བརྗིད་ཀྱི་རྣམ་པ་དེ་འདྲ་ཞིག་ཡང་བསྐྱར་མཐོང་བའི་གོ་སྐབས་ཡོད་མི་སྲིད། ཕོ་གཞོན་མོ་གཞོན་སྟོང་ཕྲག་ལྷག་ཐང་ཆུང་ཆུང་ཞིག་ཏུ་ཉལ་འདུག་པ་ནི་ཅི་འདྲའི་གསལ་བོར་བརྗོད་དཀའ་བའི་སེམས་ཚོར་ཞིག་རེད་ཨང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ཡང་ཐར་རྡོ་རེད། ཁོས་བཀྲ་ཤིས་ཀྱི་རྣ་རྩར་ཤུབ་བུས〞བུ་མོ་ཚོའི་རུམ་ཁ་འབྱེད་དུ་འགྲོ〝ཟེར། མཚན་མོར་དེར་ལུས་རྩལ་ཐང་དུ་ཉལ་ཡོད་པའི་སློབ་མ་ཕོ་ཕལ་མོ་ཆེ་བའི་ཡིད་ལ་དེ་ལྟ་བུའི་འདུན་པ་བྱུང་ཡོད་ཀྱང་། གྲོས་འགོ་དེ་ནི་སྐབས་དེའི་གནས་བབ་ལ་མཚོན་ན་ཅི་འདྲའི་ཉེན་ཁ་ཅན་ཞིག་རེད་ཨང་། འོན་ཀྱང་ཐར་རྡོ་ལ་མཚོན་ན་བཤད་ཐུབ་པ་དེ་ཕལ་ཆེར་སྒྲུབ་ཐུབ་པའི་གདེང་ཚོད་ཡོད། མཚན་མོ་དེར་བཀྲ་ཤིས་ལའང་ལྒང་བུ་སྦོས་པ་ལྟ་བུའི་ཚོར་སྣང་ཞིག་ཡང་ཡང་བྱུང་ཞིང་། ཕྱིས་སུ། ཐར་རྡོའི་ཁར་ཉན་ཏེ་གོག་མ་ནུར་གིས་གོམ་པ་ཁ་ཤས་ཀྱི་མཚམས་ན་ཡོད་པའི་བུ་མོ་ཚོའི་ཕྱོགས་སུ་སོང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    མཇུག་འབྲས་ནི་བུ་མོ་གཉིས་ཀྱི་ཨག་སྐད་ཀྱིས་ནམ་གུང་གི་རྨི་ལམ་ཡོད་ཚད་དཀྲོགས་པ་དེ་རེད། བཀྲ་ཤིས་ཀྱིས་ད་ལྟར་ཡང་དོན་དེ་དྲན་སྐབས་ཡིད་ལ་དངངས་འཚབ་ཅིག་འགོག་མེད་དུ་སྐྱེས་ཡོང་། སྐོར་སྐྱོད་བྱེད་པའི་དགེ་རྒན་བསླེབས་དུས། ཁོ་གཉིས་སྔ་མོ་ནས་ཕྱིར་རང་མལ་དུ་བྲོས་ནས་ཐར་ཡོད་ཀྱང་། ལག་སྒྲོན་གྱི་འོད་ལས་དགེ་རྒན་དེས་ཁོ་གཉིས་ཡོད་སའི་ཕྱོགས་དེའི་གྲག་འགུལ་ཚོར་འདུགAZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
ཆེར་མཐའ་མཇུག་ལ། ཐར་རྡོ་སློབ་གྲྭ་ནས་ཕྱིར་སྐྲོད་བྱས། ཁོས་མཚན་མོ་དེར་ཁོ་གཅིག་པུ་བུ་མོ་ཚོའི་ཁྲོད་དུ་བསྲེས་པ་ཡིན་ཅེས་ཨུ་ཚུགས་མཐར་སྐྱེལ་བྱས་པས། བཀྲ་ཤིས་ཁོ་དང་བསྡོངས་ནས་ཕྱིན་པའི་དོན་དེ་ནམ་ཡང་གསང་བ་ཞིག་ཏུ་གྱུར། དེ་ནི་〞ས་འགུལ་གྱི་དོན་རྐྱེན〝རེད། དོན་རྐྱེན་དེའི་རྗེས་ནས་བཀྲ་ཤིས་ཡང་བསྐྱར་སློབ་གྲྭ་དེའི་ནང་དུ་གྲོགས་མེད་ཁེར་རྐྱང་ལྟ་བུ་གྱུར། ཁོའི་སློབ་སྦྱོང་གི་སྦྱངས་འབྲས་སྔར་བཞིན་ཕུལ་དུ་བྱུང་བ་ཡིན་ལ། ཁོ་སྔར་བཞིན་འཛིན་དཔོན་ཡིན། ཡིན་ནའང་ཁོའི་གཤིས་ཀའི་གཏིང་རིམ་ཞིག་ན་འཕོ་འགྱུར་ཞིག་མངོན་ཆུང་གིས་འབྱུང་བཞིན་ཡོད་ཅིང་། དེ་ནི་ཐར་རྡོའི་ས་ནས་བརྒྱུད་འཛིན་བྱས་པའི་གཤིས་ཀ་ཞིག་ཁོའི་རང་གཤིས་དུ་རིམ་གྱིས་སྨིན་ཐག་ཆོད་པའི་གོ་རིམ་ཞིག་རེད། དཔེར་བཞག་ན་ཐར་རྡོའི་གཤིས་ཀ་ནི་ལྷོད་དམ་ཆེ་བའི་ཐ་གུ་ཞིག་ཡིན་ཚེ། བཀྲ་ཤིས་ཀྱི་ཐ་གུ་དེ་རིང་ནས་རིང་དུ་འཐེན་བཞིན་པ་དེའོ།། །མཐར་གཏུགས་ན་དེ་ནི་རང་གཤིས་ལ་ཟུར་ཁ་རྣོ་ཞིང་སེམས་ལ་དྲན་པ་དེ་བཤད་ཕོད་སྒྲུབ་ཕོད་པའི་སྙིང་སྟོབས་ཤིག་རེད།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ཆོས་སྒྲོན་གྱིས་བཀྲ་ཤིས་ལ་ང་ཉིན་དེར་ཁྱོད་ཀྱི་གཞུང་ལས་ཁང་ལ་ཐེངས་གཉིས་པར་ཡོང་བ་ནི་ཁྱོད་ལ་བཀའ་དྲིན་ཞུ་བ་འབའ་ཞིག་གི་ཆེད་དུ་ཡོང་བ་མིན་ཟེར། དེ་དུས་ཁོ་གཉིས་བཀྲ་ཤིས་ཀྱི་ས་འོག་གི་ཁང་པ་དེའི་མི་རྐྱང་གི་མལ་ཁྲིའི་ཐོག་ཏུ་གཅེར་བུར་ཉལ་བསྡད་ཡོད།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    〝ཁྱོད་ཀྱིས་ཉི་འོད་དང་གྲིབ་གཟུགས་ང་ལ་གནང་བ་རེད།〞བཀྲ་ཤིས་ཀྱི་གློག་འོད་ལ་བརྟེན་ནས་མལ་ཁྲིའི་འགྲམ་གྱི་རྩིག་ལྡེབས་སུ་ཁྱི་དང་། ཕག་པ། རྟ། ནོར་ལ་སོགས་གྲིབ་གཟུགས་སུ་འབེབ་བཞིན་དེ་སྐད་ལབ།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      〝ང་ཚེ་གང་བོར་ཁྱོད་དང་གྲིབ་མ་བཞིན་འགྲོག་རྒྱུ་ཡིན།〞ཆོས་སྒྲོན་གྱིས་བཀྲ་ཤིས་ཀྱི་སྐད་ཆའི་ནང་དོན་མ་གོ་བས། ལན་དེ་འདྲ་ཞིག་བཏབ།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    〝ཁྱོད་ངའི་གྲིབ་གཟུགས་ཁྲོད་དུ་སྡོད་འདོད་དམ།〞བཀྲ་ཤིས་ཀྱི་རྩེད་མོ་རྩེ་མཚམས་བཞག་སྟེ་ཆོས་སྒྲོན་ལ་འོ་ཞིག་བྱས་རྗེས〝ཟེར། དེ་དུས་ཆོས་སྒྲོན་གྱིས་བཀྲ་ཤིས་ཀྱི་མིག་ནང་དུ་འོད་ཀྲིག་ཀྲིག་གི་མཆི་མ་འཁོར་ཡོད་པ་མཐོང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ཐར་རྡོ་མེད་ཤུལ་ནས། ཁོས་རང་གིས་སྒྲུབ་འདོད་པའི་ལས་ཀ་ཞིག་ཇི་བཞིན་དུ་སྒྲུབ་ཐུབ་བྱུང་བ་ནི་སུ་ལའང་མི་མཐོང་བར་བྱས་ཏེ། འབྲི་དེབ་ཅིག་ལ་རང་མོས་སྙན་ཚིག་མང་པོ་ཞིག་བྲིས་པ་དེ་རེད། འབྲི་དེབ་དེ་ད་ལྟའང་ད་དུང་བཀྲ་ཤིས་སེམས་མི་སྐྱིད་དུ་འབྲི་དེབ་དེའི་ནང་གི་སྙན་ཚིག་རེ་གཉིས་ག་ལེར་སྐྱོར་ངེས།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ང་ནི་བྱ་ཞིག་ཡིན། བར་སྣང་དུ་ལྡིང་སྒོར་རྒྱག་དུས། ཐོགས་མེད་རེད་མེད་དེ་ངའི་གཤོག་པའི་རང་དབང་གི་བདེ་སྐྱིད་ཅིག་ཡིན། ཅེས་དང་། ཡང་སྙན་ཚིག་ཅིག་ཏུ། ཉི་འོད་ཡོད་ས་ནས། ཁྱོད་ཀྱིས་རང་ཉིད་གྲིབ་མདངས་སུ་ལུས་པར་སེམས་ཚེགས་བྱེད་མི་དགོས་ལ། ཁྱོད་ཀྱིས་རང་གི་གྲིབ་གཟུགས་འབོར་བར་དེ་བས་ཀྱང་སེམས་ཁུར་བྱེད་མི་དགོས་སོ། ཞེས་བྲིས་ཡོད། བཀྲ་ཤིས་ལས་ཀར་ཞུགས་རྗེས། སྙན་ངག་འབྲི་མཚམས་རྦད་དེ་ཆད་སོང་། ཁོ་མཚམས་རེར་རང་གི་ས་འོག་གི་ཁང་མིག་དོག་མོ་དེ་རུ་འཛུལ་ནས་སྡོད་དུས། སྔོན་ཆད་བྲིས་མྱོང་པའི་སྙན་ངག་དེ་དག་ཀློག་ཅིང་།ཀློག་བཞིན་ཀློག་བཞིན་དེ་དག་ནི་རང་གིས་བྲིས་པ་མིན་པའི་རྒྱུས་མེད་ཀྱི་ཚོར་བ་ཞིག་རྒྱུན་པར་བྱུང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    〞བཀྲ་ཤིས་ཁ་ཆེ〝གད་མོ་ཆུང་ཆུང་ཞིག་དགོད་བཞིན་དུ་ཆང་དཀར་ཡར་བཀྱགས་ཙམ་བྱས་ཏེ〞ད་ལྟ་ང་ཚོའི་ཕོ་གསར་བཀྲ་ཤིས་ལ་སྦྱོང་བརྡར་ཡག་པོ་ཞིག་ཐེབས་འདུག〝ཟེར། གསོལ་སྟོན་དུ་བྲེལ་བའི་ཁྲོད་ནས་ཁོམ་སྐབས་ཤིག་གཙིར་ཏེ་ཕེབས་པའི་ལས་ཁུངས་ཀྱི་མགོ་ཁྲིད་ཆེན་པོ་དེ་གཉིས་ཀྱིས་ཀྱང་བཀྲ་ཤིས་ལ་མུ་མཐུད་དུ་སྦྱོང་བརྡར་བྱོས་དང་། མདུན་ལམ་ཆེན་པོ་འདུག་ཅེས་བསྟོད་པ་བྱས་བྱུང་། ཆོས་སྒྲོན་གྱིས་ཧ་ཅང་བསྟུན་ཤེས་ཀྱིས་ཟུར་ཞིག་ནས་མངོན་ཆུང་གིས་མགོ་ཁྲིད་དག་གི་ཆང་དཀར་ལ་ཆང་རེ་བསྣན་ཅིང་། བཀྲ་ཤིས་ཀྱིས་ཡང་དང་ཡང་དུ་ཁོང་རྣམ་པར〞བཞེས་རོགས་གནང་རོགས་དང་མཆོད་རོགས་གནང་དང〝ཞེས་ཟས་འབུལ་དང་ཆང་འདྲེན་བྱས། འགྲོ་ཁར་ཧྲུའུ་ཅིས་བཀྲ་ཤིས་དང་ཆོས་སྒྲོན་གཉིས་རང་གི་ལག་པ་གཡས་གཡོན་ཀྱིས་བཟུང་སྟེ། 〞ང་ཚོ་ནི་རྒས་ཟིན། མ་འོངས་པ་ནི་ཁྱོད་ཅག་གི་རེད〝ཅེས་བཟི་ཉམས་ལ་གཟབ་ནན་འདྲེས་པའི་གཏམ་ཞིག་བཤད་ནས་ཕྱིན་སོང་། ས་འོག་གི་ཁང་པར་ཕྱིར་ལོག་རྗེས། ཆོས་སྒྲོན་ནི་བྱིས་པ་ཆུང་ཆུང་ཞིག་དང་མཚུངས་པར་དགའ་ཀྲོག་ཀྲོག་བྱེད་ཅིང་། མོས་བཀྲ་ཤིས་ལ་མ་འོངས་པར་ཁང་པ་རྒྱས་ཤོམ་དོད་པོ་ཅི་འདྲ་ཞིག་ཉོ་རྒྱུ་ཡིན་མིན་གྱི་སྐོར་ལ་གྲོས་ཁ་ཡང་ཡང་བྱེད། ཡིན་ནའང་བཀྲ་ཤིས་ལ་གཡུལ་དུ་ཕམ་པའི་ཚོར་བ་ལྟ་བུ་ཞིག་ལས་ཅི་ཡང་ལྷག་མི་འདུག ཁོས་ཆོས་སྒྲོན་གྱི་བྱ་བའི་ཆེད་དུ་གཉའ་ཞུམ་ཞུམ་གྱིས་མགོ་ཁྲིད་དག་གདན་འདྲེན་ཞུས་ཤིང་། དེ་ནས་གཉའ་ཞུམ་ཞུམ་གྱིས་དེ་དག་གིས་ཅི་གསུངས་ལ་ཡིན་མདོག་བྱས། རང་གི་ཡར་སྔོན་གྱི་བྱ་སྤྱོད་དག་ལ་སྐྱོན་བརྗོད་བྱས། ད་རུང་གཉའ་ཞུམ་ཞུམ་གྱིས་དེ་དག་ལ་ཆང་འདྲེན་བྱས། བཀྲ་ཤིས་ཀྱིས་དེ་དག་དྲན་བཞིན་རང་ཉིད་ལ་སྐྱུགས་མེར་འགོག་མེད་ཅིག་ལངས། བཀྲ་ཤིས་ཀྱིས་ཅིའི་ཕྱིར་ཡར་སྔོན་གྱི་རང་གི་གཤིས་ཀའི་རྒྱུན་བསྐྱངས་ཏེ་མགོ་ཁྲིད་དག་གིས〞བཀྲ་ཤིས་ཁ་ཆེ〝བར་བརྒྱུད་ཀྱིས་ཆོས་སྒྲོན་གྱི་སྒོར་མོ་བརྩེགས་མ་རེ་བླངས་པའི་རུལ་སུངས་ཀྱི་བྱ་སྤྱོད་ལ་དགག་པ་ཙམ་ཡང་རྒྱག་མ་ཐུབ་པ་ཡིན་ནམ། དོན་དངོས་དེ་དག་གི་ཐད་དུ། བཀྲ་ཤིས་གཞི་ནས་གཉའ་ཞུམ་ཞུམ་དུ་གྱུར།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    ཁོའི་མདུན་ནས་བར་གྱང་ཞིག་ཆོམ་སྒྲ་དང་བཅས་འགྱེལ་ཅིང་། རྡུལ་འཚུབ་རིམ་གྱིས་དྭངས་རྗེས་ཁོས་ཕ་རོལ་ན་མགོ་པ་བཀྲ་ཤིས་སོགས་ཀྱིས་ཁོར་གཡབ་མོ་བྱེད་བཞིན་པ་མཐོང་། ཁོས་ཞིབ་ཏུ་ལྟ་སྐབས་རང་ཉིད་ཀྱང་མི་དེ་དག་གི་ཁྲོད་དུ་ཡོད་པ་མཐོང་། འོན་ཀྱང་ཁོས་རང་ཉིད་ཇི་ལྟར་བོས་ཀྱང་ཕ་རོལ་པོར་ཉམས་སྣང་ཅི་ཡང་མི་འདུག སྐབས་ཤིག་ལ་ཁོས་མི་དེ་དག་ལ་གྲིབ་གཟུགས་མེད་པ་ཚོར། དེའི་ཁྲོད་ཀྱི་རང་ཉིད་ལའང་གྲིབ་གཟུགས་མི་འདུག་དེ་དག་གི་མགོ་ཐོག་ཏུ་སྤྲིན་པ་ནག་པོ་ཞིག་གཅན་གཟན་ཞིག་མཆེ་གཙིགས་སྡེར་བགྲད་ཀྱི་རྣམ་པ་འཛིན་པའི་ཚུལ་དུ་གྱུར་ཏེ་ས་ཐོག་ལ་གཟས་ནས་མཆོངས་བྱུང་། དེ་ནས་བཀྲ་ཤིས་ཀྱིས་ཕ་རོལ་གྱི་རང་ཉིད་ལ་སྐད་ཆེན་པོས་ཞིག་བརྒྱབ། སྐད་རྒྱག་ཐེངས་དེས་ཆོས་སྒྲོན་ཡང་གཉིད་ལས་བསླངས་སོང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    མོས་མིག་འཕུར་བཞིན〞བཀྲ་ཤིས། ཁྱོད་ལ་ཅི་བྱུང་སོང〝ཟེར། བཀྲ་ཤིས་ཀྱི་མགོ་གཡུགས་ཙམ་བྱས་ཏེ〞ཧེ། རྨི་ལམ་འཇིགས་སུ་རུང་བ་ཞིག་རྨིས་སོང་། ཁྱོད་མུ་མཐུད་དུ་གཉིད〝ཅེས་ཆོས་སྒྲོན་གྱི་མགོ་ལ་བྱིལ་བྱིལ་ཞིག་བྱས། ཆོས་སྒྲོན་གྱིས་ལུས་ཇེ་བདེར་བཏང་རྗེས་སླར་ཡང་གཉིད་ཀྱི་ཞིང་ཁམས་སུ་བསྐྱོད་སོང་། ནམ་གུང་དུ་ཁང་མིག་ཆུང་ཆུང་དེའི་ནང་དུ། བཀྲ་ཤིས་ཀྱི་གཉིད་རྐུན་མས་བརྐུས་སོང་། ཁོ་མལ་སའི་ནང་ནས་ཡར་དགྱེ་སྟེ་ཐ་མག་རྐང་ཞིག་ལ་མེ་བསྒྲོན། སྒེའུ་ཁང་ལས་འོད་མོག་ཅིག་འཕྲོས་ཡོང་ནས་གན་གྱི་གཉིད་དུ་ཡུར་པའི་ཆོས་སྒྲོན་གྱི་བཞིན་རས་མུན་པའི་ཁྲོད་ནས་རབ་རིབ་ཅིག་སྣང་ཡོང་། བཀྲ་ཤིས་ཀྱིས་ཐོག་དང་པོར་མོ་ལས་ཁུངས་ཀྱི་ཕྱི་སྒོ་ནས་མཐོང་བའི་ངང་ཚུལ་དེ་དྲན་བྱུང་། ཉི་འོད་དང་གྲིབ་གཟུགས་ཀྱིས་ལེགས་སྐྱེས་སུ་ཕུལ་པའི་བུ་མོ་འདི་སུ་ཡིན་ནམ། བུ་མོ་འདི་མ་གཞི་ནས་གྲིབ་མ་ཆེན་པོ་ཞིག་ཡིན་ནམ། བརྩེ་དུངས་ལ་གྲིབ་མདངས་སུ་འཆི་རག་བར་དུ་སྡོད་དགོས་སམ། ཇི་ལྟར་གཏིང་ཟབ་མོར་བསམས་ན་དེ་ལྟར་བློ་ཁ་འཛིངས་ནས་ཅི་ཡིན་མི་ཤེས་པ་ཞིག་ཏུ་གྱུར་པས། བཀྲ་ཤིས་ཀྱིས་ཐ་མག་ཐལ་སྒམ་དུ་ཤུགས་ཀྱིས་བཅིར་ཅིང་། རྐང་འཇབ་ལག་འཇབ་ཀྱིས་ཡར་ལངས་ཏེ་སྒེའུ་ཁུང་ཁ་གཏད་ཀྱི་རྐུབ་སྟེགས་སུ་ཀྲོང་ཀྲོང་བོར་བསྡད། ཆོས་སྒྲོན་ལ་སྔར་བཞིན་གཉིད་སྐྱིད་པོ་ཞིག་ཁུགས་འདུག མོའི་རྨི་ལམ་དུ་རྒྱས་ཤོམ་དོད་པའི་ཁང་པ་དང་། ཁྲ་ཁྲ་རིག་རིག་གི་ཚོང་ཁང་ཡོད་སྲིད་ཅིང་། ད་དུང་བོད་སྐད་མི་ཤེས་པའི་བུ་བུ་མོ་ཡང་ཡོད་ངེས།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
    བཀྲ་ཤིས་ཀྱིས་འོད་མག་མོག་གི་མདངས་ལ་བརྟེན་ནས་འབྲི་དེབ་རྙིང་བ་ཞིག་གི་ཁ་ཕྱེ། དེ་ནས་ཡིག་འབྲུ་རབ་རིབ་ཅིག་མཐོང་ཞིང་། ཁོས་ག་ལེར་མིག་ཤེལ་གྱོན་ནས་ཡིག་འབྲུ་དེ་དག་བཀླགས། དེ་དུས་ཕྱི་རོལ་ཏུ་རིམ་གྱིས་དཀར་གསལ་ཡོངས་སུ་མངོན་ཅིང་། བྱ་བྱིའུ་རེ་གཉིས་ཀྱི་གྲག་སྐད་ཀྱང་ཐོས་ཡོང་།AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
སྐབས་ཤིག་ལ། ཉི་ཐིག་ཅིག་ཡར་སྔོན་དང་མཚངས་པར་བག་ཕེབས་པའི་ངང་འཇམ་ཅག་གེར་སྒེའུ་ཁུང་གི་ཤེལ་སྒོ་བརྟོལ་ནས་བཀྲ་ཤིས་ཀྱི་མདུན་ཅོག་ལ་འཕྲོས་ཡོང་། དེ་ནས་བཀྲ་ཤིས་ཀྱིས་ལག་པ་ག་ལེར་ཉི་ཐིག་གི་ནང་དུ་བསྲིངས། །AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
AZwརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།