ང་ལ་དགྲ་བོ་གཅིག་ཡོད།
རྩོམ་པ་པོ།  གངས་བུ།    སྤེལ་དུས།  2018-05-29 21:04:06    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

                                                  ང་ལ་དགྲ་བོ་གཅིག་ཡོད།

                                                             གངས་བུ།    (དཀར་མཛེས།)

         微信图片_20180529210519.jpg

དེ་ནི་ཁོ་བོ་དང་བར་ཐག་མི་རིང་སྟེ
བར་སྣང་དང་དུ་སྤྲིན་བཞིན
ཉི་འོད་དང་སྒྲ་གཅན་ལྟར
སྲིན་འབུ་དང་མར་མེ་བཞིན
ནམ་ཡང་ལྷན་དུ་འགྲོགས་ནས་ཡོད 
 
 
ངའི་དགྲ་བོ
སྙིང་གི་ན་ཟུག
ཡིད་ཀྱི་དགྲ་བོ
བརྗེད་ངེས་ཀྱི་ཀུན་པོ
བསླུ་བྲིད་ཀྱི་སྒྱུ་མ་མཁན་པོ་ཡ
 
 
ཁྱེད་ཀྱིས་སྔར་ནས་གཡུལ་འཐབ་བཤམས་ཤིང
ངའི་གློ་སྙིང་མཆིན་གསུམ་ལ་རལ་གྲིས་བསྣུད
ངའི་ཡིད་ཀྱི་གཙང་བོ་དེ་ཁྲག་གིས་གཡོགས
 
 
སྡིག་སྦྱོངས་ལ་གོམས་པའི་དགྲ་བོ
ཁྱོད་ཀྱིས་དུག་གསུམ་གྱི་མཚོན་ཆ་བཀོལ་སོང
ངའི་བྱང་ཁོག་གི་རྣམ་ཤེས་འགྱེལ་སོང
ཐ་ན་འཆར་ཡན་གྱི་བློ་སྒོ་ཡང་གཏན་སོང
 
 
དེ་ཡི་ཕྱིར
འདས་དུས་ཀྱི་བྱ་བཞག་གར་སོང་ཆ་མེད་གྱུར
འབད་བརྩོན་གྱིས་གྲུབ་པའི་ཐ་སྙད་དག་ཀྱང
ནངས་དུས་ཀྱི་སྨུག་པ་འདྲ་ལ
མཚན་མོ་ཡི་རྨི་ལམ་དང་ཡང་འདྲ
 
 
ངའི་དགྲ་བོ
སྙིང་གི་ན་ཟུག
ཡིད་ཀྱི་དགྲ་བོ
ད་ནི་ཁོ་བོས་ཀྱང
ཡང་དག་པའི་གོ་ཁྲབ་ཅིག་གྱོན་ཞིང
གསེར་གྱི་སྤུ་གྲི་ཞིག་གཡར་ཏེ
ཁྱོད་ལ་རྒོལ་ལན་སྤྲད་དགོས་སམ
ཡང་ན་་་་་་
 
                         ‪2017/11/21 ནུབ་མོར།‬
支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།