དགེ་རྒན་ཚོ། བཀའ་དྲིན་ཆེ།
རྩོམ་པ་པོ།  གཅན་བུ་དགའ་སྐྱིད།    སྤེལ་དུས།  2017-06-29 19:26:13    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

 

ནངས་སྔ་དགོང་འཕྱིའི་ལས་འདི་དཀའ་ཁག་ཏུ་མ་འདོད།།

རང་གི་ཁྱིམ་ཚང་ལས་དོན་གལ་ཆེན་ཏུ་མ་བཞག 

སློབ་མ་ཁྲི་ཁྲག་མང་པོའི་མདུན་ལམ་ལ་བསམ་ནས།།

རང་གི་ཡོད་ཚད་འབུལ་བའི་དགེ་རྒན་ཚོ་ངོ་མཚར །།

 

སློབ་མ་རེ་རེའི་སེམས་ཁམས་ཞིབ་འཇུག་རེ་བྱེད་ཞོར།།

ཁྱིམ་བདག་དཔའ་བོའི་ཁོག་གི་དཔའ་ངར་ལ་སྐྲག་ཞོར།།

འགོ་བ་བཙན་པོའི་སྒྲིག་ལམ་དམ་པོ་དེ་བརྩི་ཞོར།།

མྱི་ཁའི་ཀློང་ན་འདུར་བའི་དགེ་རྒན་ཚོ་ངོ་མཚར།།

 

སློབ་མའི་ལས་བྱར་བལྟས་ནས་མིག་ཟུང་ནི་ཞར་ཡང་།།

སློབ་མའི་ཁོང་ཁྲོ་བསླངས་ནས་སྙིང་ནད་ཡང་བྱུང་རུང་།།

གཞོན་པའི་དུས་ནས་རྒས་པའི་གཉེར་མ་ཡང་མང་རུང་།།

སློབ་གསོར་དུངས་ཞེན་ཆེ་བའི་དགེ་རྒན་ཚོ་ངོ་མཚར།།

 

རང་གི་མི་ཚེ་ཡོད་ཚད་སློབ་གསོ་ལ་བསྟིམས་ནས།།

མི་ཚེ་ལམ་སྟོན་བྱེད་པའི་དགེ་རྒན་ཚོ་ངོ་མཚར།།

ཟ་འཐུང་བར་ནས་གླེང་བྱ་སློབ་མ་རང་ཡིན་རུང་།།

མྱི་ཁའི་གསོན་བསྲེགས་བྱེད་པའི་དགེ་རྒན་ཚོ་སྙིང་རྗེ།།

 

གོང་རིམ་དཔོན་པོའི་མདུན་ནས་ངོ་སོ་ཡང་མེད་ལ།།

སྤྱི་ཚོགས་ཁྲོད་ན་ནམ་ཡང་གླེང་བྱ་རུ་གྱུར་བའི།།

དགེ་བའི་ལས་འབད་འབད་འབུངས་འབུངས་ནི་བྱེད་པའི།།

དྲིན་ཆེན་དགེ་རྒན་ཚོ་འདི་ཚོར་བཀའ་དྲིན་ཆེ་ཞུའོ།།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།