མཚོ་སྔོན་གྱི་བོད་ཀྱི་རྩོམ་པ་པོ་ངོ་སྤྲོད་རགས་བསྡུས།
རྩོམ་པ་པོ།      སྤེལ་དུས།  2015-02-04 10:29:11    རྡེབ་ཚད།     ཡོང་ཁུངས། རྨ་ལྷོ་ཚགས་པར།

                                       མཚོ་སྔོན་གྱི་བོད་ཀྱི་རྩོམ་པ་པོ་ངོ་སྤྲོད་རགས་བསྡུས།

            1a69eae17cb8dc55e4bd945f464b4788.jpg

            9916954918e6d53b0019e22f6dc248b8.jpg
      མཚོ་སྔོན་ཞིང་ཆེན་གྱི་སྐབས་གསར་བའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཨུ་ཡོན་65ལས་བོད་ཀྱི་རྩོམ་པ་པོ་ངོ་སྤྲོད་རགས་བསྡུས།
མེ་སྒྲོན།  མོ།1966ལོའི་ཟླ7པར་སྐྱེས།   སྐབས་གསར་བའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི།   བརྩམས་ཆོས་ལ་སྒྲུང་རིང་《ཉི་མའི་ཚོ་བ》སོགས་ཡོད།།
འཇུ་སྐལ་བཟང་། 1960ལོའི་ཟླ12པར་སྐྱེས། སྙན་ངག་པ། སྐབས་གསར་བའི་བློ་འདྲི་ས། མགོ་ལོག་ཁུལ་བོད་སྐད་ཡིག་གཞུང་སྒྲུབ་ཁང་གི་ཞུས་ཆེན་པ། བརྩམས་ཆོས་ལ་《གངས་གྲོང་གི་རླུང་བུ》སོགས་ཡོད།།
ལུང་རིན་ཆེན། 1967ལོའི་ཟླ3པར་སྐྱེས། རྩོམ་པ་པོ། སྐབས་གསར་བའི་ཀྲུའུ་ཞི་གཞོན་པ། བརྩམས་ཆོས་ལ་སྒྲུང་ཐུང་དེབ་《སྒོར་བྲོ》སོགས་ཡོད།།
ཨ་སྨྱོན་བཀྲ་ཤིས་དོན་གྲུབ། 1967ལོའི་ཟླ6པར་སྐྱེས།རྩོམ་པ་པོ།ཀྲུའུ་ཞི་གཞོན་པ། 《སྦྲང་ཆར》རྩོམ་རིག་དུས་དེབ་ཀྱི་གཙོ་སྒྲིག་གཞོན་པ། བརྩམས་ཆོས་ལ་སྒྲུང་ཐུང་དེབ་《སྟོན་གྱི་རང་སྒྲ》སོགས་ཡོད།།
འཇམ་དབྱངས་ཚེ་རིང་། 1970ལོའི་ཟླ9བར་སྐྱེས། རྩོམ་པ་པོ། ཀྲུའུ་ཞི་གཞོན་པ། ཡུས་ཧྲུའུ་ཁུལ་རྩོམ་པ་པོ་ལྷན་ཚོགས་ཀྱི་ཀྲུའུ་ཞི།  བརྩམས་ཆོས་ལ་སྒྲུང་རིང་《ཁམས་པའི་གོམས་སྲོལ》སོགས་ཡོད།།
ཚེ་རིང་དོན་གྲུབ། 1961ལོའི་ཟླ10བར་སྐྱེས། རྩོམ་པ་པོ། རྨ་ལྷོ་སོག་རྫོང་གི་ས་གནས་ལོ་རྒྱུས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། བརྩམས་ཆོས་ལ་སྒྲུང་རིང་ 《མེས་པོ》སོགས་ཡོད།།
རྡོ་སྦིས་རྡོ་རྗེ།  1965ལོའི་ཟླ12པར་སྐྱེས། སྙན་ངག་པ། མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི། བརྩམས་ཆོས་ལ་སྙན་དེབ་《སྲིད་པའི་རྩེ་མོ》སོགས་ཡོད།།
སྟག་འབུམ་རྒྱལ།   1965ལོའི་ཟླ2པར་སྐྱེས། རྩོམ་པ་པོ། མང་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན། བརྩམས་ཆོས་ལ་སྒྲུང་རིང་《རྒུད》སོགས་ཡོད།།
ཚེ་བརྟན། མོ།  1965ལོའི་ཟླ2པར་སྐྱེས། རྩོམ་པ་པོ།མུན་ཡོན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།།
འཇུ་གསར་ཚེ། 1965ལོའི་ཟླ12པར་སྐྱེས། རྩོམ་པ་པོ། མགོ་ལོག་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི།།
ཟླ་བ་བཀྲ་ཤིས།  1966ལོའི་ཟླ6པར་སྐྱེས། རྩོམ་པ་པོ། མཚོ་སྔོན་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ།།
པདྨ་ཚེ་བརྟན། 1969ལོའི་ཟླ12པར་སྐྱེས། རང་དབང་རྩོམ་པ་པོ། གློག་བརྙན་འཁྲབ་ཁྲིད་པ། བརྩམས་ཆོས་ལ་སྒྲུང་དེབ་《བསླུ་བྲིད》སོགས་ཡོད།།
ཕུན་ཚོགས་ཟླ་བ། 1969ལོའི་ཟླ་12པར་སྐྱེས། རྩོམ་པ་པོ། ཡུས་ཧྲུའུ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི།།
གཅན་མེ་སྟག  1970ལོའི་ཟླ་1པོར་སྐྱེས། སྙན་ངག་པ། མགོ་ལོག་ཁུལ་སློབ་གསོ་ཅུའུ་ཡི་དགེ་རྒན་ཆེན་མོ། བརྩམས་ཆོས་ལ་སྙན་དེབ་《ལྷོ་བཞུད་ཀྱི་ཆུ་འཛིན》སོགས་ཡོད།།
 མཛེས་སེ། 1970ལོའི་ཟླ་4བར་སྐྱེས། སྙན་ངག་པ། ལོ་ཙཱ་བ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིན་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ། བརྩམས་ཆོས་ལ་སྙན་དེབ་《རྐང་ཐང་བ་ཞིག་གི་རྨི་བཤད》སོགས་ཡོད།།
ཨ་ལྡོང་དཔལ་རྡོ་ཐར། 1971ལོའི་ཟླ་3པར་སྐྱེས། སྙན་ངག་པ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ། བརྩམས་ཆོས་ལ་《དཔལ་རྡོ་ཐར་གྱི་སྙན་ངག་དེབ》སོགས་ཡོད།།
ཀླུ་འབུམ་རྒྱལ། 1972ལོར་སྐྱེས། རྩོམ་པ་པོ། དུས་དེབ་《གངས་རྒྱན་མེ་ཏོག》གི་གཙོ་སྒྲིག་པ།། རྟ་ལོ། 1972ལོའི་ཟླ4བར་སྐྱེས། ལོ་ཙཱ་བ། ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ།།
རྟ་ལོ།   1972ལོའི་ཟླ་4བར་སྐྱེས།   ལོ་ཙྰ་བ།  ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ།
ལོ་བརྒྱ་ཚེ་རིང་།   1972ལོའི་ཟླ་11པར་སྐྱེས།  སྙན་ངག་པ།  ལོ་ཙྰ་བ།  མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་ཀྲུའུ་རིན་རྩོམ་སྒྲིག་པ།
ཚའོ་ཡིག་ཡོན།  1972ལོའི་ཟླ་12པར་སྐྱེས།   རང་དབང་རྩོམ་པ་པོ།   བརྩམས་ཆོས་ལ་《ཚའོ་ཡིག་ཡོན་གྱི་སྙན་ངག་དེབ》སོགས་ཡོད།
སྒྲོལ་མ།  མོ།  1973ལོའི་ཟླ་7པར་སྐྱེས།  རྩོམ་པ་པོ།   མཚོ་སྔོན་མི་རིགས་སློབ་ཆེན་རྩོམ་རིག་གླིང་གི་དགེ་རྒན་ཆེན་མོ།
ཁྲི་སེམས་དཔའ།   1979ལོའི་ཟླ་12པར་སྐྱེས།  《མཚོ་སྔོན་བོད་ཡིག་གསར་འགྱུར》གྱི་རྩོམ་སྒྲིག་པ།    རྩོམ་པ་པོ།  སྙན་ངག་པ།  བརཙམས་ཆོས་ལ་ 《དིང་གླིང་ཁེར་འབུད》སོགས་ཡོད། 
རེ་རྐང་གླིང་།  1979ལོའི་ཟླ་12པར་སྐྱེས།   རྩོམ་པ་པོ།  སྙན་ངག་པ།  རྨ་ལྷོ་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ།  བརྩམས་ཆོས་ལ《བར་སྣང་གི་མགོ་འཁོར་ཕོ་བྲང》སོགས་ཡོད།
 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།