༄༅།། རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན།
རྩོམ་པ་པོ།  དྲ་རྒྱ་ལས་བཏུས་ཤིང་བསྒྲིགས།    སྤེལ་དུས།  2016-01-01 16:38:26    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

                   1.jpg

དཔེ་མིང་། རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན
ཡིག་རིགས། བོད་ཡིག
རྩོམ་པ་པོ། རྒྱ་ཡེ་བཀྲ་བྷོ།
དཔེ་སྐྲུན་ཁང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན་ཞེས་པའི་དེབ་འདི་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི་འབུམ་རམས་པའི་སྐབས་ཀྱི་མཐར་ཕྱིན་ཆེད་རྩོམ་ཡིན་ཞིང་། འདིའི་ནང་དུ་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་ཀྱི་རིག་གནས་དང་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་གཉིས་ཀྱིས་བོད་ཀྱི་རྩོམ་རིག་ལ་ཤན་ཅི་འདྲ་ཐེབས་ཚུལ་ལ་ཞིབ་འཇུག་བྱས་ཡོད།
ནང་དོན་གནད་བསྡུས།
དཔྱད་རྩོམ་འདིར་ཁྱོན་བསྡོམས་ལེའུ་དགུ་ཡོད་ཅིང། ལེའུ་དང་པོར་རྒྱ་གར་གྱི་ཡུལ་དང་། མི་དང་། རིག་གནས་ཀྱི་གནས་ཚུལ་དང་། རྒྱ་གར་གྱི་རིག་གནས་འཛམ་གླིང་དུ་ཇི་ལྟར་དར་བ། རྒྱ་གར་དང་བོད་ཀྱི་གནའ་བོའི་རིག་གནས་ཀྱི་འབྲེལ་བ་བཅས་ཀྱི་ཚུལ་ལས་བརྩམས་ཏེ་གླེང་བསླངས་ཡོད། ལེའུ་གཉིས་པ་ནས་ལེའུ་བརྒྱད་པར་གཙོ་བོ་གནའ་བོའི་རྒྱ་གར་གྱི་བྲམ་ཟེའི་རིག་གནས་དང་བོད་ཀྱི་རྩོམ་རིག་གི་འབྲེལ་བའི་ཆ་དུ་མ་ལ་ཟུར་མང་པོ་ནས་བརྟག་གཞིག་དང་དཔྱད་ཞིབ་བྱས་ཏེ། རྒྱ་གར་གྱི་བྲམ་ཟེའི་རིག་གནས་ཀྱང་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་དང་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པ་བསྟན། ལེའུ་དགུ་པར་སློབ་དཔོན་རྟ་དབྱངས་དང་ཁོང་པའི་གསུང་གི་འཕྲིན་ལས་བོད་དུ་ཇི་ལྟར་རྒྱས་པའི་སྐོར་ལ་དཔྱད་ཡོད། སློབ་དཔོན་འདི་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི་སྙན་ངག་མཁན་ཡིན་ཞིང་། རྒྱ་གར་གྱི་ནང་པའི་སློབ་དཔོན་ཞིག་ལ་འདི་པ་ལས་ལྷག་པའི་སྙན་ངག་མཁན་མེད་པ་དང་། བོད་ཀྱི་མཁས་པས་མཛད་པའི་སྐྱེས་རབས་དང་། རྣམ་ཐར། བསྟོད་པ། སྙན་ངག་ཆེན་པོ་སོགས་ནི་འདི་པའི་བརྩམས་ཆོས་ཀྱི་འཕྲིན་ལས་བོད་དུ་རྒྱས་པ་ལས་བྱུང་པའི་ཚུལ་ལ་ཞིབ་ཏུ་དཔྱད་པའི་སྒོ་ནས་རྒྱ་གར་གྱི་ནང་པའི་རིག་གནས་དང་བོད་ཀྱི་རྩོམ་རིག་གི་འབྲེལ་བ་ལ་ཞིབ་འཇུག་བྱས་ཡོད།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།