སྒྲུང་པ། རྩོམ་ཆོས་དང་སྐད་རྣམ། རིག་གནས་དགག་གཞག་མཐོང་སྣེ་ཁྲོད་ཀྱི་གེ་སར་སྒྲུང་རབས།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2014-07-30 18:17:21    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

uu.jpg

 

 

རྩོམ་པ་པོ། ནོར་བུ་དབང་ལྡན།
དཔེ་མིང་། སྒྲུང་པ། རྩོམ་ཆོས་དང་སྐད་རྣམ། རིག་གནས་དགག་གཞག་མཐོང་སྣེ་ཁྲོད་ཀྱི་གེ་སར་སྒྲུང་རབས།
                      艺人、文本和语境----文化批评视野下的格萨尔史诗传统
དཔེ་སྐྲུན་ཁང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་།
ཡིག་རིགས། རྒྱ་ཡིག
      དེབ་འདི་ནི་གེ་སར་སྒྲུང་རབས་ལ་ཞིབ་འཇུག་བྱེད་པའི་གེ་སར་རིག་གནས་ཀྱི་ཆེད་མཁས་པ་ནོར་བུ་དབང་ལྡན་ལགས་ཀྱིས་བརྩམས་ཤིང་། དེབ་ཧྲིལ་བོར་ལེའུ་བཅུ་གཉིས་ཡོད། འདས་ཟིན་གྱི་ལོ་རྒྱུས་ཁྲོད་གེ་སར་སྒྲུབ་རབས་ལ་ཞིབ་འཇུག་བྱས་དང་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ཀྱིས་གྲུབ་འབྲས་ཆེན་པོ་བླངས་ཡོད་མོད། སྤྱིའི་ཆ་ནས་བཤད་ན་གཙོ་བོ་རྒྱུ་ཆ་འཚོལ་སྡུད་དང་སྲུང་སྐྱོབ། སྒྲུང་པ་རིགས་དབྱེ། སྒྲུང་རྣམས་སྒྲ་རུ་ཕབ་པ་སོགས་ཀྱི་ལས་སུ་གཞོལ་ཆེ་བའི་ཚོད་དུ་འདུག ཆེད་མཁས་པ་ནོར་བུ་དབང་ལྡན་གྱིས་བརྩམས་པའི་དེབ་འདི་ནི་དེ་དག་ལས་ཆེས་ཆེར་བརྒལ་ཏེ། རྩོམ་པ་པོ་ཁོང་ཉིད་ཀྱིས་ཆོས་ལུགས་རིག་པ་དང་མིའི་རིགས་རིག་པ། རྩོམ་རིག་གཞུང་ལུགས། ལོ་རྒྱུས་རིག་པ༼ཁྱད་པར་དུ་ལོ་རྒྱུས་གསར་བ། 新史学༽སོགས་ཀྱི་གཞུང་ལུགས་དང་ཐབས་ལམ་བེད་སྤྱད་དེ། སྒྲུང་པ་དང་། རྩོམ་ཆོས། སྐད་རྣམ་འདི་གསུམ་གྱི་འབྲེལ་བ་ཞིབ་ཏུ་གླེང་སྟེ་གེ་སར་སྒྲུང་རབས་ཆེན་མོའི་ལོ་རྒྱུས་ཀྱི་འཕེལ་རིམ་གསལ་བོར་བརྗོད་ཡོད། དེར་མ་ཟད་རྩོམ་པ་པོས་དེང་རབས་ཅན་དང་ཚན་རིག་ལག་རྩལ་ཕྱོགས་ཀུན་ནས་དར་སྤེལ་དུ་འགྲོ་བ། མི་རྣམས་རྒྱུ་དང་སྒོར་མོར་དད་པ་བྱེད་བཞིན་པའི་དུས་རབས་འདིས་གེ་སར་སྒྲུང་པ་དང་། གེ་སར་ཞིབ་འཇུག་པ་དག་ལ་བསྩལ་བའི་དཀའ་ངལ་ཡང་མང་པོ་གླེང་ཡོད། ཁྱད་པར་དུ་གེ་སར་སྒྲུང་པ་གསོ་སྐྱོང་དང་གེ་སར་ཞིབ་འཇུག་གི་ཐད་ལ་གནོད་པ་ཡོད་པའི་ལས་དག་ལ་རྩོམ་པ་པོས་མངོན་གསལ་དོད་པོ་སྒོས་ཐེར་འདོན་བྱས་ཡོད། མདོར་ན། ཁོང་ཉིད་ཀྱིས་བརྩམས་ཆོས་འདི་སྲོལ་རྒྱུན་གྱི་ཞིབ་འཇུག་ཐབས་ལམ་ལས་བརྒལ་ཏེ་གཞུང་ལུགས་སྣ་མང་དང་ཡུལ་དངོས་རྟོག་དཔྱོད་སོགས་གཙོ་བོར་བཟུང་སྟེ་བརྩམས་པས་རིག་གཞུང་གི་ཆུ་ཚད་ཤིན་ཏུ་མཐོ་ཞིང་རྒྱལ་སྤྱིའི་རིག་གཞུང་དུ་བགྲོ་གླེང་བྱས་ཆོག་པའི་བརྩམས་ཆོས་ཤིག་ཏུ་བརྩིས་ཆོག་གོ །

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།