ཀཱ་མ་ལ་ཤི་ལའི་བརྩམས་ཆོས་གྲགས་ཅན《སྒོམ་རིམ》ལ་དཔྱད་པ།
རྩོམ་པ་པོ།  ལོ་མ།    སྤེལ་དུས།  2013-01-22 12:27:06    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

 

ཀཱ་མ་ལ་ཤི་ལའི་བརྩམས་ཆོས་གྲགས་ཅནསྒོམ་རིམལ་དཔྱད་པ།
 
 20985059-1_e.jpg
 
རྩོམ་པ་པོ། འབྲུག་ལྷ།
དཔེ་སྐྲུན་ཁང་། ཆོས་ལུགས་རིག་གནས་དཔེ་སྐྲུན་ཁང་།
ཡིག་རིགས། རྒྱ་ཡིག
 
འདི་ནི་སྐུ་ཞབས་འབྲུག་ལྷ་ལགས་ཀྱི་འབུམ་རམས་པའི་དཔྱད་རྩོམ་གྱི་རྨང་གཞིའི་སྟེང་ལེགས་བཅོས་བྱས་ཏེ་གྲུབ་པའི་དེབ་ཅིག་རེད་དེ། དེབ་ཡོངས་ཁྱོན་སྡེ་ཚན་ཆེན་པོ་གསུམ་གྱིས་གྲུབ་ལ། དེ་ལས་དང་པོ་ནི་ལོ་རྒྱུས་ཀྱི་མཐོང་ལམ་སྟེ། ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བོད་ཀྱི་སངས་རྒྱས་ཆོས་ལུགས་དང་། བོད་ཀྱི་བསྟན་པ་སྔ་དར་སྐབས་ཀྱི་བསམ་ཡས་ཆོས་རྩོད། བསམ་གཏན་གྱི་ཆོས་དང་བོད་བརྒྱུད་ནང་བསྟན་དབར་གྱི་འགལ་འབྲེལ། ཀཱ་མ་ལ་ཤི་ལའི་སྒོམ་རིམ་གྱི་ཐོག་མའི་བྱུང་བ་བཅས་ཀྱི་སྐོར་ནས་དཔྱད་པ་བཏང་འདུག བར་གྱི་སྡེ་ཚན་ནི་ཆོས་གཞུང་གི་མཐོང་ལམ་ནས་དཔྱད་པ་བཏང་བ་ཞིག་རེད་འདུག་ཅིང་། སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ནང་དོན་དང་། ཀཱ་མ་ལ་ཤི་ལ་དང་ཧྭ་ཤང་མ་ཧ་ཡ་ན་གཉིས་ཀྱི་བསམ་བློའི་ཐད་ཀྱི་འགལ་བ། སྒོམ་རིམ་གྱི་ཁུངས་དང་ཁྱད་ཆོས། དེ་དང་དུས་ཕྱིས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ལམ་གྱི་རིམ་པའི་བར་གྱི་འབྲེལ་བ་བཅས་ཀྱི་ཐད་ནས་དཔྱད་པ་ཞིབ་མོ་བཏང་འདུག་ཅིང་། མཐའ་མའི་སྡེ་ཚན་ནི་ཞུ་དག་དང་འགྱུར་གྱི་སྐོར་ནས་རེད་དེ། དེར་སྔ་རབས་རྒྱ་བོད་ཡིག་ཆའི་སྒོམ་རིམ་སྐོར་གྱི་འགྱུར་རྣམས་དང་བསྡུར་ཏེ་སྒོམ་རིམ་ཆ་ཚང་རྒྱ་ནག་གི་ཡི་གེར་བསྒྱུར་འདུག་གོ། །
 
 
支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།