དུས་རབས་ཉེར་གཅིག་པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།
རྩོམ་པ་པོ།  ལོ་མ།    སྤེལ་དུས།  2012-12-30 12:33:06    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།
 
དུས་རབས་ཉེར་གཅིག་པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།

照片.jpg 

 
སྦྲང་ཆརརྩོམ་སྒྲིག་ཁང་གིས་བསྒྲིགས་པའིདུས་རབས་ཉེར་གཅིག་པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེངམཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ། དེབ་ཕྲེང་འདིར་ད་སྔའི་དབར་དེབ་བཅོ་ལྔ་འདུ་སྟེ། འཇུ་སྐལ་བཟང་དང་། སྟག་འབུམ་རྒྱལ། བཀྲ་བྷ། བཀྲ་ཤིས་དཔལ་ལྡན་སོགས་རྩོམ་པ་པོ་རྒན་གྲས་དག་དང་། ཁྲི་སེམས་དཔའ། ལྷ་བྱམས་རྒྱལ། རིག་ལྡན་རྒྱ་མཚོ་སོགས་གཞོན་སྐྱེས་རྩོམ་པ་པོ་སོགས་ཀྱི་བརྩམས་ཆོས་ཡག་ཤོས་དག་བསྡུ་སྒྲིག་བྱས་ཏེ་སྤུས་ལེགས་ངང་པར་དུ་བཏབ་ཡོད། དེབ་ཕྲེང་དེའི་ནང་དུ་བརྩམས་སྒྲུང་དང་།  སྙན་ངག ལྷུག་རྩོམ་བཅས་རྩོམ་ལུས་འདྲ་མིན་གྱི་དེབ་ཡོད་པས། རྩོམ་རིག་ལ་མོས་པ་དག་གིས་དགའ་མོས་ཆེན་པོ་བྱེད།
 
དེབ་ཕྲེང་དང་པོ།
འཇུ་སྐལ་བཟང་། གངས་གྲོང་གི་རླུང་བུ། ༼ སྙན་ངག་དེབ། ༽
གངས་ཞུན། མི་ཡུལ་གྱི་གཏམ་རྒྱུད། ༼ སྙན་ངག་དེབ། ༽
སྟག་འབུམ་རྒྱལ། མི་རབས་གསུམ་གྱི་རྨི་ལམ། ༼ བརྩམས་སྒྲུང་དེབ། ༽
བཀྲ་བྷ། འཚུབ་མ་ཁེར་རྐྱང་། ༼ བརྩམས་སྒྲུང་དེབ། ༽
པད་མ་ཚེ་བརྟན། བསླུ་བྲིད། ༼ བརྩམས་སྒྲུང་དེབ། ༽
 
དེབ་ཕྲེང་གཉིས་པ།
བཀྲ་ཤིས་དཔལ་ལྡན། ས་སྲོས་ཀྱི་འཆར་སྒོ། ༼ ལྷུག་རྩོམ་དེབ། ༽
ལྷ་བྱམས་རྒྱལ། ལམ་གྱི་ཉི་འོད། ༼ བརྩམས་སྒྲུང་དེབ། ༽
རིག་ལྡན་རྒྱ་མཚོ། གནའ་གྲོང་། ༼ བརྩམས་སྒྲུང་དེབ། ༽
ཅོ་ནེ་ཡུམ་ཚེ་རིང་། སྡོམ་པ་སྲུང་བ། ༼ བརྩམས་སྒྲུང་དེབ། ༽
ཁྲི་སེམས་དཔའ། དིང་གླིང་ཁེར་འབུད། ༼ སྙན་ངག་དེབ། ༽
 
དེབ་ཕྲེང་གསུམ་པ།
བདེ་སྐྱིད་སྒྲོལ་མ། རྩྭ་ཐང་གི་བརྩེ་བ། ༼ སྙན་ངག་དེབ། ༽
གཅན་མེ་སྟག ཚེར་སིལ་སྐྱ་བོ། ༼ སྙན་ངག་དེབ། ༽
ཀརྨ་ཀུན་ཁྱབ། བྱང་ཐང་གི་མཛེས་ལྗོངས། ༼ ལྷུག་རྩོམ་དེབ། ༽
མོག་ཆུང་ཕུར་ཁོ། ལྷ་སྒྲོལ་མ་དང་མི་སྒྲོལ་མ། ༼ བརྩམས་སྒྲུང་དེབ། ༽
ཧུ་ར་འཇའ་པེ། ཕ་ཡུལ། ཕ་ཡུལ། ༼ བརྩམས་སྒྲུང་དེབ། ༽

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།