བོད་ཀྱི་ཡུལ་སྐད་རྣམ་བཤད།
རྩོམ་པ་པོ།  པདྨ།    སྤེལ་དུས།  2012-10-08 14:16:36    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

         hao.jpg

         བོད་ཀྱི་ཡུལ་སྐད་རྣམ་བཤད་ཅེས་པ་ནི་བོད་ཀྱི་ཡུལ་སྐད་གཞུང་ལུགས་སྐོར་གྱི་རྩ་བའི་ཤེས་བྱ་དང་ཐབས་ལམ་ཅི་རིགས་སུ་བསྟན་པའི་བརྩམས་ཆོས་སུ་ངེས་ལ། གཞུང་འདི་ཐོག་མར་བོད་ཀྱི་ཡུལ་སྐད་དང་ཡུལ་སྐད་རིག་པའི་གོ་དོན། ཡུལ་སྐད་དང་སྤྱི་སྐད། ཡུལ་སྐད་དང་ལོགས་སྐད་སོགས་ཀྱི་ཁྱད་པར་དང་འབྲེལ་བ། ཡུལ་སྐད་རིག་པའི་ཞིབ་འཇུག་བྱ་ཡུལ་དང་། ནང་དོན། ཞིབ་འཇུག་བྱེད་ཐབས་སོགས་རྨང་གཞིའི་ཤེས་བྱ་རྣམས་མཚམས་སྦྱར་བ་གཞིར་བྱས། བོད་ཀྱི་ཡུལ་སྐད་རྣལ་མའི་འབྱུང་རྐྱེན་དང་། འཕེལ་རིམ། ཡུལ་སྐད་ཀྱི་དབྱེ་བའམ་ཁྱད་ཆོས་སྤྱི་དང་། བྱེ་བྲག་ཏུ་དབུས་གཙང་ཕྱོགས་ཀྱི་ཡུལ་སྐད་དང་། ཁམས་ཕྱོགས་ཀྱི་ཡུལ་སྐད། ཨ་མདོའི་ཡུལ་སྐད་སོ་སོའི་ཁྱབ་ཡུལ་དང་ཚོགས་གསུམ་གའི་ཁྱད་ཆོས་བཅས་ཞིབ་རྒྱས་སུ་བསྟན་པ་མ་ཟད། ལོ་རྒྱུས་ཀྱི་ཟུར་ནས་ཡུལ་སྐད་རེ་འགའ་བའི་བརྡ་རྙིང་མའི་གཞི་གདངས་རང་སོ་ན་གནས་ཚུལ་དང་། ཡུལ་སྐད་སོ་སོ་ནས་གཞི་གདངས་ཀྱི་མ་ལག་ལ་འཕེལ་འགྱུར་བྱུང་ཚུལ། མིང་བརྡའི་གྲུབ་སྟངས་དང་འཕེལ་ཚུལ། ཚིག་སྦྱོར་འཕེལ་འགྱུར་གྱི་ཁྱད་ཆོས་སོགས་ཕྱོགས་བསྡུས་སུ་སྤྲོས་ཤིང་། རྟོག་དཔྱོད་ཀྱི་ཐབས་ལམ་དུ་འཚོལ་ཞིབ་བྱེད་ཐབས་དང་། ཞིབ་འབྲི་བྱེད་ཐབས། ཞིབ་བསྡུར་བྱེད་ཐབས། ཁུངས་སྒྲུབ་བྱེད་ཐབས། ས་ཁྲ་འགོད་ཐབས། སྲོལ་རྒྱུན་གྱི་བརྡ་སྤྲོད་དང་དེང་རབས་བརྡ་སྤྲོད་རིག་པའི་ཐབས་ལམ་སྦྲགས་མར་སྤེལ་ནས་ཡུལ་སྐད་ཕན་ཚུན་དང་། ཡུལ་སྐད་དང་ཡིག་སྐད་ཀྱི་བརྡ་གསར་རྙིང་བར་གྱི་ལྟོས་གྲུབ་ཀྱི་འབྲེལ་བ། ཐུན་མིན་གྱི་ཁྱད་ཆོས་དང་མཚུངས་ཆོས་སོགས་འཚོལ་ཞིབ་བགྱིས་ཤིང་འཕེལ་འགྱུར་གྱི་ཆོས་ཉིད་བསྡོམས་སུ་བཀོད་དེ་བོད་ཀྱི་སྐད་བརྡ་རིག་པ་དང་ཡུལ་སྐད་རིག་པར་གཞུང་ལུགས་ཀྱི་རྨང་གཞི་ལེགས་པོ་བཏིངས་པར་བྱས་སོ།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།