བོད་ཀྱི་གཅེས་ཕྲུག
རྩོམ་པ་པོ། ལོ་མ། སྤེལ་དུས། 2012-09-24 18:07:36 རྡེབ་ཚད། ཡོང་ཁུངས། ངེད་དྲ་བ།
བོད་ཀྱི་གཅེས་ཕྲུག
རྩོམ་པ་པོ། ལྷ་བྱམས་རྒྱལ།
དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་།
《བོད་ཀྱི་གཅེས་ཕྲུག》ནི་ལྷ་བྱམས་རྒྱལ་གྱི་སྒྲུང་རིང་ཐོག་མ་ཡིན་ཏེ། སྒྲུང་རིང་འདི་རུ་མི་སྣ་གཙོ་བོ“ང”ཡི་ཆུང་བྱིས་པའི་དུས་ཀྱི་འཚོ་བ་དང་། དེའི་རྗེས་སུ“ང”ཡིས་གྲོང་ཁྱེར་ནས་འཚོ་བ་རོལ་བའི་རྣམ་པ་གཉིས་སྟོད་སྨད་ཅེས་ཆ་གཉིས་སུ་བགོས་ཏེ་གཏམ་རྒྱུད་ཡོངས་ཀྱི་སྤྲོས་བརྗོད་གྲུབ་ཡོད་ཅིང་། བརྗོད་དོན་གཙོ་བོ་ཡང་རྩོམ་ནང་གི་མི་སྣ་གཙོ་བོ་གཅེས་ཕྲུག་སྟེ། “ང”དང་། “ང”ཡི་ཆུང་གྲོགས་གསུམ་སྟེ། གསལ་སྒྲོན། ཐར་འཕེལ། ཉི་མ་དོན་གྲུབ་བཅས་མར་ནང་གྲོང་གི་བྱིས་པ་བཞི་གཙོ་བོར་བྱས་ཏེ་བརྗོད་པའི་གཏམ་རྒྱུད་ཅིག་ཡིན་ལ། སྟོད་ཆ་རུ་དུས་རབས་ཉི་ཤུ་བའི་སྨད་ཀྱི་རི་གྲོང་ག་གེ་མོ་ཞིག་གི་འཚོ་བའི་རྣམ་པ་ཞིབ་ཏུ་བརྗོད་འདུག་ཅིང་། བྱིས་པ་ཞིག་གི་མཐོང་སྣེ་སྤྱད་དེ། སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་དག་ལྷོད་བག་དང་བཅས་བརྗོད་པར་བྱས་འདུག སྨད་ཆ་རུ་ལོ་ངོ་ཉི་ཤུ་ལྷག་གི་རྗེས་ནས་བྱུང་བའི“ང”དང“ང”ཡི་གྲོགས་པོ་དག་གི་འགྱུར་བ་དང་བསྡོངས་ཏེ། དེ་དག་གི་འཚོ་བའི་རྣམ་པ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་དག་ཞིབ་ཏུ་བཀྲམ་འདུག་པ་ནི། རྩོམ་པ་པོས་བཤད་པ་ལྟར་ན། “སྒྲུང་གཏམ་གྱི་སྟོད་ཆ་ལས་མངོན་པའི་ལྷུག་བརྗོད་ཀྱི་ལྷོད་ཉམས་དང་ཕྲུ་གུའི་གནས་སྐབས་ཀྱི་སེམས་ཁམས་དེ་དག་ནི་ང་ཚོས་འབོར་བཞིན་པའི་རིན་པོ་ཆེ་ཡིན་ལ། སྨད་ཆ་ལས་མངོན་པའི་བྲེལ་ཉམས་དེ་དང་དར་མའི་གྱུར་པའི་ཕྲུ་གུ་དེ་དག་གི་རྨོངས་འཐོམ་དང་གཏོལ་མེད་ཀྱི་ངང་ཚུལ་ནི་ང་ཚོའི་ཁ་གཏད་ན་ཚུར་ཡོང་བཞིན་པའི་དུས་རབས་ཀྱི་ནད་ཡམས་ཡིན་ངེས”ཞེས་པ་བཞིན་ནོ། །
ནང་དོན་གསར་ཤོས།
- ༄༅།། བཻ་རོ་ཙ་ན་ཞིབ་འཇུག
- ༄༅། ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བོད་ལུགས་དད་མོས་ཞིབ་འཇུག
- 《ཨ་མདོ་བྱམས་པ་དང་དགེ་འདུན་ཆོས་འཕེལ》ཞེས་པ་དཔེ་སྐྲུན་བྱས།
- ༄༅།། རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་
- ༄༅།། ཨ་མདོ་ས་ཁུལ་གྱི་ཡུལ་ལྷ་བུན་ཁྲང་དད་མོས་ཀྱི་ཞིབ་འཇུག
- 《བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་གནས་བབ》ཅེས་པའི་དཔེ་དེབ་འགྲེམ་སྤེལ།
- ༄༅། །བོ་དོང་པཎ་ཆེན་གྱི་གསུང་འབུམ་ཆེན་མོ་བཞུགས་སོ། །
- སྒྲུང་པ། རྩོམ་ཆོས་དང་སྐད་རྣམ། རིག་གནས་དགག་གཞག་མཐོང་སྣེ་ཁྲོད་ཀྱི་གེ་སར་སྒྲུང་རབས།
- དེང་རབས་སྤྲུལ་སྐུའི་དད་མོས་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ལ་དཔྱད་པ།
- 《གཟི་མིག་དཔེ་ཚོགས》
རྡེབ་ཚད་མང་ཤོས།
- བོད་ཀྱི་དམངས་སྲོལ་རིག་གནས།《སྟོན་བཤད་ཁྲོམ་ཆེན་དགའ་བྱེད》
- ཀཱ་མ་ལ་ཤི་ལའི་བརྩམས་ཆོས་གྲགས་ཅན《སྒོམ་རིམ》ལ་དཔྱད་པ།
- བོད་ཀྱི་གཅེས་ཕྲུག
- གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་དཔེ་ཚོགས་ཀྱི་དཀར་ཆག
- བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོགས་བསྒྲིགས་བློ་གསལ་འཇུག་ངོགས།
- བོན་གྱི་ལོ་རྒྱུས་མདོར་བསྟན་གནད་ཀྱི་ཕྲེང་བ།
- དག་ཡིག་རིག་པའི་གབ་པ་མངོན་ཕྱུང་།
- 《གཟི་མིག་དཔེ་ཚོགས》
- བོད་ཀྱི་ཡུལ་སྐད་རྣམ་བཤད།
- བོད་ཀྱི་དམངས་སྲོལ་རིག་གནས་དཔེ་མཛོད།《གངས་ཅན་དཔྱིད་ཀྱི་བང་མཛོད》
Copyright © 2011-2020 trikaculture All Rights Reserved
དྲ་ཚིགས་འདིའི་པར་དབང་རྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
青ICP备12000378号 QQ: 406771696
དྲ་ཚིགས་འདིའི་པར་དབང་རྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
青ICP备12000378号 QQ: 406771696