བོད་ཀྱི་སྐད་དང་ཡི་གེར་ཞིབ་འཇུག་གི་ལོ་རྒྱུས།
རྩོམ་པ་པོ། ལོ་མ། སྤེལ་དུས། 2012-09-23 10:25:55 རྡེབ་ཚད། ཡོང་ཁུངས། ངེད་དྲ་བ།
བོད་ཀྱི་སྐད་དང་ཡི་གེར་ཞིབ་འཇུག་གི་ལོ་རྒྱུས།

རྩོམ་པ་པོ། པད་མ་ལྷུན་གྲུབ། རྡོ་རྗེ་དོན་གྲུབ། འབྲུག་མོ་འཚོ།
དཔེ་སྐྲུན་ཁང་། སྤྱི་ཚོགས་ཚན་རིག་ཡིག་ཆ་དཔེ་སྐྲུན་ཁང་། (社会科学文献出版社)
《བོད་ཀྱི་སྐད་དང་ཡི་གེར་ཞིབ་འཇུག་གི་ལོ་རྒྱུས》(藏语言文字研究史)ཞེས་པའི་དེབ་འདི་ནི། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི། ཀྲུང་གོའི་མི་རིགས་དག་གི་སྐད་དང་ཡི་གེའི་ཞིབ་འཇུག་གི་ལོ་རྒྱུས(中国民族语言文字研究史)ཞེས་པའི་ལས་གཞིའི་ཁོངས་གཏོགས་ཡིན་ཏེ། དེབ་འདིར། ལོ་ངོ་སྟོང་ལྷག་གི་རིང་ལ་བོད་རིག་པའི་མཁས་པ་རྣམས་ཀྱིས་བོད་ཀྱི་སྐད་དང་ཡི་གེར་ཞིབ་འཇུག་བྱས་ཚུལ་གྱི་དཔྱད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། ཅུང་ཆ་ཚང་ཞིང་ཕྱོགས་བསྡུས་རང་བཞིན་ལྡན་པའི་སྒོ་ནས་བོད་ཀྱི་སྐད་དང་ཡི་གེར་ཞིབ་འཇུག་བྱས་ཚུལ་གྱི་ལོ་རྒྱུས་རང་བཞིན་ལ་དཔྱད་པ་བཏང་འདུག་ཅིང་། རྩོམ་པ་པོས་བོད་ཀྱི་སྐད་ཡིག་ཞིབ་འཇུག་ཐད། གནའ་རབས་དང་དེང་རབས་ཞེས་དབྱེ་རིམ་གཉིས་བཀར་ཡོད་པ་ལས། དང་པོའི་ནང་དུ། ཡི་གེ་དང་། བརྡ་སྤྲོད། སྒྲ་གདངས། དག་ཡིག་དང་ཚིག་མཛོད། བརྡ་ཆད་གཅིག་གྱུར་དང་ལོ་ཙཱ། ལེགས་སྦྱར་སྒྲ་རིག་པ་བཅས་ཀྱི་ཞིབ་འཇུག་དཔྱད་འབྲས་དང་། གཉིས་པའི་ནང་། དེང་རབས་བོད་ཡིག་ཞིབ་འཇུག ཡིག་ཐོག་དང་ངག་ཐོག་གཉིས་ཀྱི་བརྡ་སྤྲོད། སྒྲ་གདངས། ཐ་སྙད། དག་ཡིག་དང་ཚིག་མཛོད། ཡུལ་སྐད་དང་གཤིབ་བསྡུར་ཞིབ་འཇུག སྤྱི་ཚོགས་བཀོལ་སྤྱོད་གནས་ཚུལ་བཅས་ཀྱི་ཐད་ནས་དཔྱད་འདུག་གོ། །དེ་མིན། དེབ་འདིར་ད་སྔའི་བོད་ཀྱི་སྐད་ཡིག་ཞིབ་འཇུག་ཐད་ཀྱི་དཔྱད་རྩོམ་སྟོང་ལྷག་གི་དཀར་ཆག་བཀོད་འདུག
ནང་དོན་གསར་ཤོས།
- ༄༅།། བཻ་རོ་ཙ་ན་ཞིབ་འཇུག
- ༄༅། ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བོད་ལུགས་དད་མོས་ཞིབ་འཇུག
- 《ཨ་མདོ་བྱམས་པ་དང་དགེ་འདུན་ཆོས་འཕེལ》ཞེས་པ་དཔེ་སྐྲུན་བྱས།
- ༄༅།། རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་
- ༄༅།། ཨ་མདོ་ས་ཁུལ་གྱི་ཡུལ་ལྷ་བུན་ཁྲང་དད་མོས་ཀྱི་ཞིབ་འཇུག
- 《བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་གནས་བབ》ཅེས་པའི་དཔེ་དེབ་འགྲེམ་སྤེལ།
- ༄༅། །བོ་དོང་པཎ་ཆེན་གྱི་གསུང་འབུམ་ཆེན་མོ་བཞུགས་སོ། །
- སྒྲུང་པ། རྩོམ་ཆོས་དང་སྐད་རྣམ། རིག་གནས་དགག་གཞག་མཐོང་སྣེ་ཁྲོད་ཀྱི་གེ་སར་སྒྲུང་རབས།
- དེང་རབས་སྤྲུལ་སྐུའི་དད་མོས་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ལ་དཔྱད་པ།
- 《གཟི་མིག་དཔེ་ཚོགས》
རྡེབ་ཚད་མང་ཤོས།
- བོད་ཀྱི་དམངས་སྲོལ་རིག་གནས།《སྟོན་བཤད་ཁྲོམ་ཆེན་དགའ་བྱེད》
- ཀཱ་མ་ལ་ཤི་ལའི་བརྩམས་ཆོས་གྲགས་ཅན《སྒོམ་རིམ》ལ་དཔྱད་པ།
- བོད་ཀྱི་གཅེས་ཕྲུག
- གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་དཔེ་ཚོགས་ཀྱི་དཀར་ཆག
- བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོགས་བསྒྲིགས་བློ་གསལ་འཇུག་ངོགས།
- བོན་གྱི་ལོ་རྒྱུས་མདོར་བསྟན་གནད་ཀྱི་ཕྲེང་བ།
- དག་ཡིག་རིག་པའི་གབ་པ་མངོན་ཕྱུང་།
- 《གཟི་མིག་དཔེ་ཚོགས》
- བོད་ཀྱི་ཡུལ་སྐད་རྣམ་བཤད།
- བོད་ཀྱི་དམངས་སྲོལ་རིག་གནས་དཔེ་མཛོད།《གངས་ཅན་དཔྱིད་ཀྱི་བང་མཛོད》
Copyright © 2011-2020 trikaculture All Rights Reserved
དྲ་ཚིགས་འདིའི་པར་དབང་རྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
青ICP备12000378号 QQ: 406771696
དྲ་ཚིགས་འདིའི་པར་དབང་རྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
青ICP备12000378号 QQ: 406771696