ཁྲི་ཀའི་མཛེས་ལྗོངས་གསར་བ་བརྒྱད་དང་མཛེས་ལྗོངས་གནས་རྙིང་བརྒྱད་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ།  ཆུ་བཟང་པདྨ་ཚེ་རིང་།    སྤེལ་དུས།  2021-05-29 17:44:10    རྡེབ་ཚད།     ཡོང་ཁུངས། མཚོ་སྔོན་པོ་དྲ་བ།
    ཁྲི་ཀའི་མཛེས་ལྗོངས་གསར་བ་བརྒྱད་ནི་རྦབ་ཆུ་མཚོ་མོར་འཁྱིལ་པའི་ཀོ་རའི་མཚོ་དམར། ལྷ་སྐུ་སྟོང་གི་ལྗོངས་དམར་ཚལ་ཡངས། རྨ་ཀླུང་གཙང་མོའི་ལྗོན་ཚལ་དོ་ར། མུ་ཏིག་སྟོང་གི་ཇོ་བོའི་ཞིང་མཆོག རྨ་འགྲམ་རིང་མོའི་མཛེས་པའི་འཇའ་ཚོན། མེ་ཏོག་འདབ་བརྒྱ་དགོད་པའི་དགའ་ཚལ། སྟག་མགོ་རྨ་ཀླུང་འཁྱུད་པའི་ཇོ་བོའི་ཞབས་ཆུ་སྒྲིབ་སེལ་གནས་མཆོག ཤན་ཙི་ཡུལ་ལྷའི་ཕོ་བྲང་དགའ་འཁྱིལ།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      ཁྲི་ཀའི་མཛེས་ལྗོངས་གནས་རྙིང་བརྒྱད་ནི་རྨ་ཀླུང་ཕྱུག་མོ། བདེ་སྐྱིད་ཆུ་ཁོལ། ཨ་མྱེས་སྲིན་པོ། མགོན་པོ་གདོང་སྣ། བྲ་མ་རི་རྒན། མི་ཉག་དགུ་ཐོག ཀོ་རའི་མཚོ་དམར། ཚལ་རྔ་འགགkCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      ཞོལ་ནས་མཛེས་ལྗོངས་གནས་རྙིང་བརྒྱད་དང་མཛེས་ལྗོངས་གནས་གསར་བརྒྱད་ལས་གྲགས་ཆེ་བའི་གནས་ཆེན་འགའ་ངོ་སྤྲོད་མདོར་བསྡུས་བྱེད་པ།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      མུ་ཏིག་སྟོང་གི་ཇོ་བོའི་ཞིང་མཆོགལྷ་ལྡན་དགའ་བཞི་འཕྲུལ་གྱི་གཙུག་ལག་ཁང་གི་ཇོ་བོ་ཡིད་བཞིན་ནོར་བུ་དང་བྱིན་རླབས་མཉམ་པའི་མདོ་སྨད་ཁྲི་ཀའི་ཇོ་ཁང་གི་ངོ་མཚར་དཀོན་མཆོག་གི་རྟེན་དང་བརྟེན་པ་ཇི་ལྟར་བྱུང་བའི་ཚུལ་ཤིན་ཏུ་མདོར་བསྡུས་ན།ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་རབ་བྱུང་བཞི་བའི་མེ་རྟ(༡༢༤༦)ལོར་བཞེངས། རྗེས་སུ་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མ་མཆོག་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་མཆོག ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་མཆོག མཚན་སྒྲོག་རིན་པོ་ཆེ་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་མོ་རབ་འབྱམས་པ་ངག་དབང་ཀུན་བཟང་མཆོག ཨ་ཁུ་ཕུལ་བྱུང་རྒྱ་མཚོ་མཆོག་བཅས་ཀྱི་བཀའ་དྲིན་དང་།  རབ་བྱུང་བཅུ་དྲུག་པའི་ས་ལུག(སྤྱི་ལོ༡༩༧༩)ལོ་ནས་བཟུང་ཡང་དག་ཏང་གི་ཇུས་བཟང་ཆོས་དད་རང་མོས་ཀྱི་ཉིན་བྱེད་དགུང་ནས་ཤར་བའི་དབུ་བརྩམས་པ་དང་། རྒྱལ་བསྟན་པད་ཚལ་ཡང་བསྐྱར་དར་བའི་དུས་ལ་བབས་ཏེ། ལུས་ཅན་རྣམས་ཕན་བདེའི་སྦྲང་རྩིའི་དཔལ་ལ་རོལ་བའི་སྐལ་བཟང་མངོན་དུ་གྱུར་བ་དང་བསྟུན། རབ་བྱུང་བཅུ་བདུན་པའི་མེ་ཡོས(༡༩༨༧)ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན། བོད་ཇོ་གོང་ང་གྲྭ་ཚང་གི་ཨ་ཁུ་ཕུལ་བྱུང་རྒྱ་མཚོས་གཙོ་འགན་བཞེས་ཏེ། སྟོབས་ལྡན་དང་། འོད་སྲུང་། བསྟན་འཕེལ་བཞིས། ཐོག་མར་རབ་འབྱམས་གཞུང་རྒྱ་སྨྲ་བའི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་སྡེའི་ཨ་ཁུ་ངག་དབང་ཀུན་བཟང་མཆོག་གིས་ཕུལ་བའི་ལི་མའི་སྟོན་སྐུ་གཙོ་འཁོར་གསུམ་ཞུས་ཏེ་གཞི་བཟུང་། བདག་ཅག་གི་མཉམ་མེད་སྟོན་པ་ཐུགས་རྗེ་ཅན་ལྷ་ལས་བབས་པའི་དུས་ཉིན་ཁྱད་པར་ཅན། ལོ་དེའི་དགུ་བའི་ཉེར་གཉིས་ཉིན། བོད་ཇོ་གྲྭ་ཚང་གི་དགེ་འདུན་བཞི་ལྷག་འདུས་ནས། བསྟན་པའི་འཇུག་སྒོ་སྐྱབས་འགྲོ་དང་། གནས་བཅུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་གསུངས་ནས་དམ་པའི་ཆོས་ཀྱི་སྒོ་ཕྱེས་ཤིང་། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ལ་བདེ་སྐྱིད་དར་བར་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་འགོ་ནས་འགྲིགkCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
     དགོན་གནས་དེ་ཁྲི་ཀ་རྫོང་ཐོག་ནས་ཤར་ཕྱོགས་སུ་ལེ་དབར་ལྔའི་ཡས་མས་ཀྱིས་ཆོད་པའི་ཆུ་ཤར་ཡུལ་ཚོའི་སྨད་པ་སྡེ་བའི་གོང་དང་གཤོང་པ་སྡེ་བའི་སྨད་མཚམས་ཀྱི་ས་ན་མདོ་སྔགས་བསྟན་པའི་ཆོས་ཀྱི་སྒྲ་དབྱངས་བར་མེད་དུ་བསྒྲོགས་བཞིན་ལྷམ་མེར་ཆགས་ཡོད་ཅིང་།  དད་ལྡན་མང་ཚོགས་ནས་སྟོན་ཁའི་སྤྲིན་ལྟར་འདུ་བཞིན་ཡོད།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                                                  ཁྲི་ཀའི་ཇོ་ཇོ་ལྷ་ཁང་།
      རྦབ་ཆུ་མཚོ་མོར་འཁྱིལ་པའི་ཀོ་རའི་མཚོ་དམར། ཁྲི་ཀ་རྫོང་མཁར་ནས་ལྷོ་ཕྱོགས་སུ་ལེ་བར་དོན་ལྔའི་ཡས་མས་ཀྱིས་ཆོད་པའི་ཀླུ་རྒྱལ་སྟོང་གི་དགའ་ཚལ། ཀླུ་ཕྲུག་འབུམ་གྱི་བསྟི་གནས། སྦྲང་ཆར་བསིལ་མའི་གཏེར་བདགསྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ་པའི་གཡུ་ཡི་མེ་ལོང་ལྟ་བུའི་བདུད་ཤུལ་ཀོ་རའི་མཚོ་དམར་དེ་ནི། རྒྱབ་ཕྱོགས་ཀྱི་བྲག་ངོས་སུ་འབབ་པའི་རྦབ་ཆུ་དེ་དར་དཀར་ཡོལ་བའི་མདངས་སུ་འཚར་བཞིན་ལྗོན་སྣ་མང་པོའི་སྟན་དུ་བསྐལ་བའི་བར་དུ་བཏིངས་ཤིང་། ཚང་ཚིང་དཀྲིགས་པའི་ལོ་འདབ་ཡོངས་ནས་དུས་ཚིགས་བཞི་བོའི་རྒྱན་དུ་མངོན་ཞིང་། བྱ་རིགས་འབུམ་གྱི་རྩེ་དགའི་ཡུལ་དུ་གྱུར་ལ། མདུན་ཕྱོགས་ཀྱི་ནོར་བུ་དགའ་འཁྱིལ་ལྟ་བུའི་སྤང་ལྗོངས་ངོས་སུ་དཔྱིད་དབྱར་སྟོན་དགུན་དུས་བཞིའི་མཛེས་བ་མ་ལུས་ཀུན་ལས་གསལ་ཞིང་། གནས་དེར་འབྱོར་མ་ཐག་ཏུ་འགྲོ་བ་ཀུན་གྱི་ཡིད་ཀྱི་བརྟན་པ་ཅིག་ཅར་ཏུ་འཕྲོག་པ་དང་བསྟོད་པའི་མཐེ་བོང་བར་མེད་དུ་བསྒྲེངས་ལ། སྣང་བར་སུམ་རྩེན་ཡུལ་དུ་སླེབས་སོང་སྙམ་པའི་སྐྱིད་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྟེར་ཏེ། ཉེ་འཁོར་ཏུ་རྟ་ནོར་ལུག་གསུམ་གྱིས་རྩྭ་ཟ་ཆུ་འཐུང་གི་ལས་ལ་ཅི་དགར་རོལ་ནས་བག་ཕེབས་སུ་གནས་ཤིང་། དེར་ཡོད་ཀྱི་དུད་ཁྱིམ་དང་དགོན་གནས་དག་ནི་རི་མོ་བའི་སྒྱུ་རྩལ་བརྩམས་ཆོས་ལས་མངོན་པའི་ཡུལ་གྲུ་ཉིད་ལས་མ་འདས་སོ།།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
 kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                                          ཀོ་རའི་མཚོ་དམར།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      བརྗིད་ཆགས་ཉམས་དགའི་མི་ཉག་དགུ་ཐོག་གམ་བརྒྱ་བྱིན་ཕོ་བྲང་། མིན་རྒྱལ་རབས་དུས་སུ་བྱུང་བའི་ལོ་རྒྱུས་ཀྱི་རྔམས་ཁ་མཐུག་ཅིང་། དབུ་རྩེ་ཨ་སྔོན་སྤྲིན་པ་དཀར་པོའི་མགྲིན་དུ་འཁྱུད་པའི་མི་ཉག་དགུ་ཐོག་དེ་ནི། བཟོ་བཀོད་མ་ལུས་ཀུན་ལས་ལྷག་པའི་སྒྱུ་རྩལ་ཀྱི་ཉམས་ཀྱིས་ཕྱུག་པ་དང་། བརྗིད་ཆགས་འོད་སྟོང་འབར་བའི་རྒྱ་ཕིབས་དང་མདའ་ཡབ་སོགས་ནས་འགྲོ་བ་ཀུན་གྱི་མིག་གི་བདུད་རྩི་རུ་འགྱུར་བས་དགའ་བ་དང་དད་པའི་འདུན་པ་བཅོས་མིན་དུ་སྐྱེས་པར་ཐེ་མི་ཚོམ་ལ། ཁྲི་ཀའི་གནའ་བོའི་བཟོ་བཀོད་དེ་ཡུལ་གཞན་ན་མཐོང་དཀའ་ཞིང་ཧ་ཅང་དཀོན་པ་དང་། ཁྱད་འཕགས་རང་བཞིན་དང་ས་གནས་རང་བཞིན་མཚོན་བྱེད་ཀྱི་བཟོ་རྣམ་ཉག་ཅིག་ཡིན། དེའི་ཉེ་འཁོར་དུ་ཁུང་ཙི་ལྷ་ཁང་དང་། ཀོན་ཡའོ་ལྷ་ཁང་། མི་ཉག་མགོན་ཁང་། མི་ཉག་ཆོས་ཁང་བཅས་ཡོད་ཅིང་། རོའུ་ལུགས་དང་། ཏའོ་ལུགས།ནང་བསྟན་གསུམ་གས་གྲུབ་པའི་གནའ་བོའི་སྒྱུ་རྩལ་བཟོ་བཀོད་ཀྱི་རྣམ་པ་ངོ་མཚར་བ་ཞིག་ཡིན་ལ། སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་མངོན་པ་དང་།ཁྱད་པར་དུ་རབ་མཛེས་ཀྱི་ཚོན་རིས་དང་། ཁྱད་འཕགས་ཀྱི་བརྐོས་རིས་དག་ལ་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་གཞལ་དུ་མེད་པ་དང་། ཅུང་ཚད་མཐོ་བའི་ལོ་རྒྱུས་རིག་དངོས་ཀྱི་རིན་ཐང་དང་། བཟོ་བཀོད་སྒྱུ་རྩལ་གྱི་རིན་ཐང་ལྡན་པས་བྱིན་རླབས་དངོས་གྲུབ་ཀུན་འབྱུང་གི་གནས་མཆོག་ཅིག་ཏུ་སྣང་ལ་སུ་ཡང་གནས་འདིར་མི་འོང་རང་དབང་ཅི།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                                        མི་ཉག་དགུ་ཐོག་གམ་བརྒྱ་བྱིན་ཕོ་བྲང་།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      རྨ་ཀླུང་ཚང་དུ་བསྙལ་བའི་ཚལ་རྔ་འགག ཁྲི་ཀ་རྫོང་མཁར་ནས་ནུབ་ཕྱོགས་སུ་ལེ་བར་དགུ་བཅུ་ཡས་མས་ཀྱིས་ཆོད་པའི་གནས་མཆོག་ཨ་མྱེས་བར་དབོན་རི་ཡི་ལྷོ་འདབས་སུ་གནམ་སྔོན་པོ་ཐང་ལ་ལྷུང་པ་ལྟ་བུའི་ངང་ལྷམ་མེར་འཁྱིལ་ཡོད་པའི་ཚལ་རྔ་འགག་ཅེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ་པ་དེ་ནི། རྨ་ཆུ་སྟོད་རྒྱུད་ཀྱི་འགག་འཕྲང་དང་པོ་སྟེ། རྨ་ཆུ་བཞུར་རྒྱུད་གཙོ་གྲས་ཡིན་ཏེ། འགྲམ་གཉིས་ནི་གཡང་གཟར་བྲག་རོང་མཐོང་ན་སྐྱི་གཡའ་བ་དང་།   དབུས་སུ་རྨ་ཆུའི་བཞུར་རྒྱུན་དགུང་ལ་འཕྱོ་པ །རླབས་སྒྲས་སྟག་སེང་སྐད་ལ་འཕྱ་ཞིང་། ཆེས་བརྗིད་ཆགས་ཉམས་དགའི་གནས་སུ་གྱུར་བ། གདོད་མའི་རྡོ་རིང་ཞེས་པ་དེ་ནི་བྲག་ངོས་སུ་བརྐོས་ཡོད་པའི་ཡི་གེ་དེར་བརྗོད་པ་ཡིན་ལ། ལོ་རྒྱུས་ཡིག་ཚང་དུ་བཀོད་ཡོད་པ་ལྟར་ན་མིན་རྒྱལ་རབས་སྐབས་སུ་ནུབ་ཕྱོགས་དབང་བསྡུ་དམག་སྤྱི་ཆེན་མོས་ནུབ་ཕྱོགས་དབང་དུ་བསྡུས་པར་རྒྱལ་ཁ་བླངས་པའི་བསྟོད་ཚིག་རྡོ་སྟེང་དུ་ཡི་གེར་བརྐོས་ནས་བཞག་ཡོད་ལ།  དེ་ལོ་ཟླ་མང་པོའི་ཆར་རླུང་གིས་བདས་པའི་བྲག་ངོས་ན་ཡོད་པའི་རྗེས་རབས་པ་རྣམས་ཀྱི་སྙན་ཚིག་དག་ལ་བྱ་ཞིང་། ཚལ་རྔ་འགག་གློག་འདོན་ས་ཚུགས་བཟོ་སྐྲུན་བྱས་རྐྱེན་གནས་དེའི་ལྗོངས་ཁུལ་མང་པོ་ཞིག་ཆུས་བསྣུབས་ཟིན་ཡོད་པས1987ལོར་བརྟག་ཞིབ་བྱེད་སྐབས་བྲག་བརྐོས་རི་མོ་དེ་དག་རྙེད་མ་བྱུང་ལ། དེ་བས་ལྐོག་གྱུར་གྱི་ལོ་རྒྱུས་ཞིག་ཏུ་མི་གྱུར་ཀ་མེད་བྱུང་། དེ་ལྟར་ནའང་ཚལ་རྔ་འགག་ནི་ད་དུང་སྔར་ལས་ལྷག་པར་སྤང་ལྗོངས་དང་བསྐྱིལ་ཆུ་ཡི་མཛེས་སྡུག་རྣམ་པར་མཚར་ཞིང་བདེ་སྐྱིད་ཀྱི་སྣང་བ་ཕྱོགས་བཞིར་ཁྱབ་པའི་སུམ་རྩེན་ཡུལ་གྱི་ཟླ་བོར་སྙེམས།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                                         ཚལ་རྔ་འགགkCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      ནད་བརྒྱ་ཀུན་སེལ་བདེ་སྐྱིད་ཆུ་ཁོལ། ཁྲི་ཀའི་རྫོང་མཁར་ནས་ལྷོ་ནུབ་མཚམས་སུ་ལེ་བར་བཅུའི་ཡས་མས་ཀྱིས་ཆོད་པར། སྨུག་རླངས་ཀྱི་སྤྲིན་ཨ་སྔོན་དབྱིངས་ལ་དལ་བུར་འཕྱོ་ཞིང་། རྟག་བརྟན་ཡལ་མེད་ཀྱི་འཇའ་ཚོན་ཞིག་ཆུ་མིག་མང་པོའི་གུར་དུ་ཕུབ་པའི་མེ་ཏོག་པདྨའི་འདབ་མའི་དབྱིབས་སུ་ཆགས་པའི་ལུང་གཞོང་སྟེ། བདེ་སྐྱིད་ཆུ་ཁོལ་ཞེས་སྙན་པའི་བ་དན་རིང་མོ་ཡུལ་ཕྱོགས་ཀུན་ན་གཡོ་བ་དེ་ནི། ནད་རིགས་བཞི་བརྒྱ་རྩ་བཞི་དང་བགེགས་བཞིའི་གཉེན་པོར་ཀླུ་རྒྱལ་རིན་ཆེན་འཁོར་གྱིས་མི་ཡུལ་དུ་ཆེད་དུ་དྲངས་པ་མིན་ནམ་སྙམ་པའི་གཙང་ཆབ་དྲོན་མོའི་དངོས་གྲུབ་དེ་ཉིད། ལུང་བའི་རྒྱན་དང་འགྲོ་བ་ཀུན་གྱི་ནད་འཇོམས་སྨན་དུ་མངོན་ལ། ཆུ་མིག་རེ་རེར་ཕྱིར་ཐོན་པའི་རྣམ་པ་དང་། དྲོད་ལྡན་པའི་ཚད་ཐིག ནུས་པ་ཐོན་ཚད་སོགས་ནས་ཐུན་མིན་གྱི་ཁྱད་ཆོས་རེ་ལྡན་ཏེ། ཆུ་མིག་ལ་ལ་ཕྱིར་ཐོན་པ་རྟ་རྒོད་མང་པོ་ཕྱི་ལ་འཆོར་བ་དང་བོའུ་ཁ་ནས་མདེའུ་མང་པོ་ཕྱི་ལ་འཐོར་བ་ལྟ་བུའི་ཤེད་ཤུགས་དང་ཉམས་སྣང་ལྡན་ལ། ཆུ་མིག་ལ་ལ་ཕྱིར་ཐོན་པ་སྨིན་པའི་སིལ་ཏོག་ཁུ་བ་ཕྱི་རུ་འཛུམ་པ་དང་གར་མཁན་མ་དག་ཡོལ་བའི་སྲུབས་ཀ་ནས་སླེབས་པ་ཇི་བཞིན་དལ་ལྷོད་ལྷོད་དང་སྔོ་དྭངས་དྭངས་ཀྱི་མཛེས་པའི་སྒེག་ཉམས་ལྡན་ཞིང་ཕན་པའི་ནུས་པ་དཔག་མེད་འཇོ། ཆུ་མིག་འདི་དག་ལས་ཆེས་མཐོ་བའི་ཆུ་ཚན་གྱི་དྲོད་གྲངས་ནི93℃ཡིན་ལ། གནའ་སྔ་མོ་མིན་རྒྱལ་རབས་ཀྱི་དུས་ནས་བཟུང་ཆུ་ཚན་འདིར་བསྡད་ནས་ནད་གསོ་བྱེད་པའི་འགོ་བརྩམས་ཡོད་དེ། ད་ལྟའི་བར་དུ་ལོ་ངོ600ལྷག་འགོར་ཡོད། "གནམ་འོག་གི་ཆུ་ཚན་དང་པོ"སྟེ་ཡོང་ནན་གྱི་ཆུ་ཚན་དང་བསྡུར་ན་ཆུ་ཁོལ་འདི་ལོ100ཡིས་སྔ་ལ། འདས་པའི་ལོ་མང་ཁྲོད་དུ་ཞིང་ཆེན་ནང་ཁུལ་དང་ཕྱི་ཡི་ནད་པ་བགྲང་གིས་མི་ལོངས་པ་ཞིག་མི་འདོད་ནད་ལས་ཐར་བར་བྱས། ཆུ་ཚན་འདི་རུས་རྐང་གཟེར་བའི་ནད་རིགས་སྣ་ཚོགས་དང་ཤ་སྒྲིན་བསྣད་པ། རྩ་རྒྱུད་ན་བ། རུས་ཚིགས་ན་བ། བྱིས་པའི་སྦྲིད་ནད། ཕོ་བའི་ནད། པགས་ནད་སྣ་ཚོགས་སོགས་ལ་ཤིན་ཏུ་ཕན་ནོ།།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                                             བདེ་སྐྱིད་ཆུ་ཁོལ།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      ཁྲི་ཀའི་གནས་རི་ཨ་མྱེས་སྲིན་པོ།ཁྲི་ཀའི་ཤར་ཕྱོགས་སུ་དབུ་རྩེ་ཨ་སྔོན་དབྱིངས་ན་རྩེན་ཞིང་རི་འདབ་རྨ་ཀླུང་ཕྱུག་མོའི་འགྲམ་ལ་གླན་པའི་སྲིན་པོ་རྫ་རྒན་པདྨ་དབང་རྒྱལ་དེ་ནི། རྫོང་མཁར་ནས་ཤར་ཕྱོགས་སུ་ལེ་དབར20ཡིས་ཆོད་པའི་རྒྱ་མཚོ་ངོས་ལས་མཐོ་ཚད4444ཡིན་པའི་རྩེ་མོ་གངས་ཀྱི་ཕ་ས་དང་། སྐེད་པ་སྤང་རི་དང་ནགས་རིའི་རྫོང་ཆེན། འདབ་རོལ་བྱ་རྒྱལ་ཁྱུང་གི་གཤོག་ཟུང་ཤུགས་ཀྱིས་བརྐྱངས་འདྲའི་ཁུག་གཞོང་སྟེ། གནས་དེ་ནི་གཙང་ཆབ་སྔོན་མོ་འབབ་པའི་ཆུ་མིག་སྟོང་གི་མགོ་ཁུངས་ཡིན་ལ། ཚང་ཚིང་གཡུ་ལོ་རྒྱས་པའི་ཤིང་སྣ་འབུམ་གྱི་དགའ་ཚལ་དང་། འབྲུ་རིགས་སྣ་ལྔའི་ལོ་ལེགས་སྙེ་མས་ལྟེམས་པའི་ཞིང་སའི་འཇིག་རྟེན་ཡིན། གནས་དེ་རུ་སྐེ་བ་ཚོ་དྲུག་དང་། སེར་ཀྱཱ། དམེ་ཀྱཱའི་འབྲོག་རུ། ཆོས་ཚ་སོགས་ཀྱི་གྲོང་སྡེ་ཡོད་དེ། ཆབ་དཔལ་རིག་གསུམ་གྱི་མེ་ཏོག་ཀུན་ནས་དགོད་ཅིང་། མི་ཕྱུགས་ཀུན་ལ་འཛོམས་གསུམ་འཛོམས་པའི་བདེ་སྐྱིད་ཀྱི་དཔལ་འཇོ་ཞིང་ཁྲི་ཀའི་ཤར་ཕྱོགས་ཡུལ་གྱི་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་མ་ལུས་འཛིན་པའི་ཕ་ས་སྟེ་མར་ཁུ་མཚོ་མོ་འཁྱིལ་བ་ལྟ་བུའི་གནས་མཆོག་ཡིན།རྫ་རྒན་འདིར་མཚོན་ན་ཁྲི་ཀར་གནས་རི་ཆེན་པོ་གསུམ་ཡོད་པའི་གྲས་ཀྱི་གཅིག་ཡིན་ནོ།།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
 kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                                                 ཨ་མྱེས་སྲིན་པོ།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      བྱིན་ཆགས་མགོན་པོ་གདོང་སྣའམ་གདོང་སྣའི་ཐུགས་རྗེ་ཆེན་པོ། རྫོང་མཁར་ནས་ལྷོ་ནུབ་མཚམས་སུ་སྤྱི་ལེ་གསུམ་ཙམ་གྱིས་ཆོད་པའི་འཕགས་པ་ཐུགས་རྗེ་ཆེན་པོའི་ཞིང་མཆོག་སྟེ་མགོན་པོ་གདོང་སྣ་ནི། ཨ་མྱེས་དམུ་རྩེའི(ས་ཆ་ལ་ལས་ཨ་མྱེས་ཉི་ཐེ་ཞེས་ཀྱང་འབོད)པང་པ་དང་གཉེན་ཐང་སྐེ་ཡི་ཤར་ལོགས་སུ་གཡུ་འབྲུག་སྔོན་མོའི་གཟུགས་སུ་མངོན་པའི་རི་རྒྱུད་ཕྱོགས་བཞི་ལྗོན་ཤིང་གཡུ་ལོ་བཀོད་པའི་ཁམས་སུ་གནས་ཤིང་། ལྕང་སྡོང་དང་དངུལ་སྡོང་།སིལ་སྡོང་དང་གཡེར་སྡོང་སོགས་ལྗོན་སྣ་མང་པོས་ཀུན་ནས་ཁེབས་པར་བྱས་ཡོད་ལ། མདུན་དུ་གཙང་ཆབ་དྭངས་མོ་ལྷུང་ལྷུང་དུ་འབབ་ཀྱིན་ཡོད་པ་དང་། རི་ངོས་སུ་ད་དུང་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་རྨང་སྟུག་པའི་རྒྱ་བོད་གཉིས་ཀྱི་ལྷ་སྐུ་ཆོས་གསུམ་གྱི་རྟེན་དང་བརྟེན་པ་མང་པོ་བཞེངས་བསྐྲུན་བྱས་ཡོད་ཅིང་། འདབས་རོལ་ཏུ་ད་དུང་གསེར་ཟངས་ལས་གྲུབ་པའི་རྒྱ་ཕིབས་དང་མདའ་ཡབ་རྣམ་པར་མཛེས་པ་དང་། གཡེར་དྲིལ་གྱི་སྒྲ་དང་ཆོས་ཀྱི་ཕུང་བོ་བརྒྱ་ཁྲི་བཞི་སྟོང་གི་དབྱངས་རྟ་གཉིས་གཞི་གཅིག་ཏུ་འདྲེས་པ་འགྲོ་བ་ཀུན་ཀྱི་དད་པའི་ཟས་སུ་སྨིན་པའི་ཞིང་མཆོག་སྟེ་གསང་བདག་དཔའ་རིའི་ཕོ་བྲང་བརྗིད་ཆགས་ལྷམ་མེར་ཡོད་པ། མདུན་ཕྱོགས་ཀྱི་རི་རྩེ་རུ་བྱིན་རླབས་ཀྱི་གཟི་འོད་འབར་བའི་སྐུ་བྱིན་ཅན་ཐུགས་རྗེ་ཆེན་པོའི་སྐུ་གཟུགས་ཨ་སྔོན་དབྱིངས་ཀྱི་ཞལ་ལ་གཏུག་ཡོད་པ་དང་འདྲ་བ་ཞིག་བཞེངས་ཡོད་པ་བཅས་ཀྱི་དགེ་མཚན་མ་ལུས་ཡོངས་སུ་རྫོགས་པའི་གནས་དེ་ལ་བྱ་སྟེ།དེ་ཡང་རང་རེ་བོད་ཡུལ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་རྒྱལ་བ་ཉིད་ཀྱི་ལུང་གིས་ཟིན་ཅིང་། གནས་འདིར་ཡང་གདོད་མ་ནས་རྡོ་ལས་གྲུབ་པའི་འཕགས་པའི་སྐུ་བརྙན་རང་བྱོན་དུ་ཡོད་པས་གནའ་ནས་གདོང་སྣའི་ཐུགས་རྗེ་ཆེན་པོ་ཞེས་འབོད་ལ།སྔར་གང་ཟག་ཁྱད་པར་ཅན་གྱིས་གནས་བྱིན་གྱིས་བརླབས་ནས།ད་ལྟ་གནས་ཁྱད་པར་ཅན་གྱིས་གང་ཟག་བྱིན་གྱིས་བརླབས་པའི་དུས་ཡིན་ཏེ། ཕྱག་བསྐོར་སོགས་ལ་འབད་ན་ངེས་པར་སྡིག་སྒྲིབ་འདག་པར་གསུངས། དེ་བས་གནས་དེ་ནི་རྨ་ཡུལ་ཁྲི་ཀའི་ལོ་རྒྱུས་ཀྱི་དཔང་རྟགས་རིན་ཐང་བྲལ་བ་ཞིག་དང་རིག་གནས་ཀྱི་རྒྱབ་ལྗོངས་བརྟན་པོ་ཡོད་པའི་གནས་རི་གལ་ཆེན་ཞིག་ཡིན་པས་མ་བོས་ཡུལ་སྐོར་མགྲོན་པོ་དང་དད་ལྡན་སྐྱེས་བོ་དག་ནི་བུང་བའི་འདུ་འགོད་དང་སྟོན་ཁའི་སྤྲིན་པ་བཞིན་གནས་འདིར་རང་འདུ་བྱེད་ལ། ཁྲི་ཀའི་གནས་ཆེན་བརྒྱད་ཀྱི་གྲས་ཤིག་ཡིན།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
 kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                             མགོན་པོ་གདོང་སྣའམ་གདོང་སྣའི་ཐུགས་རྗེ་ཆེན་པོ།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
       སྒེག་ཉམས་སྟོང་གིས་འཁྱུད་པའི་རྨ་ཀླུང་ཕྱུག་མོ།ཕ་མེས་ཡང་མེས་རིང་ནས་རང་རྫོང་རྒྱུད་དུ་སྤྱི་ལེ80བཞུར་བའི་དལ་འབབ་རྨ་ཀླུང་ཕྱུག་མོ་ཉིད་ནི། ཁྲི་ཀའི་སྐྱེ་འགྲོ་ཀུན་ཀྱི་མིག་གི་དགའ་སྟོན་དང་བསམ་པའི་རྒྱགས་ཕྱེ། འཚོ་བའི་མ་མ་རང་ཡིན་པ་སྨོས་ཅི་འཚལ། འདིར་རིག་གནས་ཀྱི་དཔུང་སྟུག་ཅིང་ལོ་རྒྱུས་ཀྱི་རྒྱུན་རིང་པའི་གཏམ་རྒྱུད་ཡ་མཚར་བ་དང་། ཧང་སང་པ་ཅན་གནམ་གྱིས་ས་གབ་པ་དང་ས་ཡི་རི་བོ་འཕྲེང་བསྒྲིགས་པ་ལྟ་བུ་མང་པོ་ནས་མཆིས་པ་མ་ཟད། ད་དུང་དུས་ཚིགས་བཞི་ཡི་སྒེག་ཉམས་ཡོད་ལ། རླབས་ཕྲེང་བརྒྱ་ཡི་མཛེས་ཉམས་ཡོད། འདིས་དྭངས་གཙང་ཆུ་བོའི་ཁྱད་ཆོས་མངོན་པར་སྟོན་ཞིང་རྨ་ཀླུང་གཙང་མོའི་དགེ་མཚན་ཡོངས་སུ་འཛིན་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྔོན་གྱི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་ཆིན་ཆི་ཁྲིན་རང་རྫོང་དུ་བྱ་བར་རྟོག་ཞིབ་ཏུ་ཕེབས་དུས་ཁོང་གིས་ཕྱག་བྲིས་སུ་གནམ་འོག་རྨ་ཀླུང་ཁྲི་ཀའི་ཡུལ་ན་དྭངས་ཞེས་མཛད། དེ་ནི་ལོ་རྒྱུས་ཀྱི་དམ་རྟགས་ཤིག་དང་བདེན་དོན་གྱི་དཔང་རྟགས་ཤིག་མ་ཡིན་ནམ། རྨ་ཆུའམ་རྨ་ཀླུང་གཙང་མོ་ཉིད་ནི་སྡུག་བསྔལ་མ་ལུས་ཞི་བར་བྱེད་པའི་བདུད་རྩིའི་ཆབ་རྒྱུན་ཡིན་ལ།  ཁྲི་ཀའི་འགྲོ་བ་ཀུན་གྱི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
 kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                                                   ཁྲི་ཀའི་རྨ་ཀླུང་ཕྱུག་མོ།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      བྲ་མ་རི་རྒན། རྩེ་མོ་གནམ་མཁའི་དབྱིངས་ན་རྩེན་ཞིང་འདབས་རོལ་རྨ་ཀླུང་གཙང་མོའི་གཏིང་རིམ་དུ་དཔྱངས་ཡོད་པའི་རི་རྒན་འདི་ནི། ཆུ་ཤར་ཡུལ་ཚོའི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་སུ་ཡོད་ཅིང་།  ཨ་མྱེས་སྲིན་པོའི་རུ་ལག་ཅིག་ཡིན།  མཐོ་ཚད་ལ་མཚོ་ངོས་ལས་སྨི270ཡོད་པ་དང་།  རི་རྒྱུད་ཤར་ནས་བྱང་དུ་མཆེད་ཡོད། གང་སར་གཡུ་ལོ་བཀོད་པའི་མདངས་ཉིད་མངོན་པར་གསལ་ཞིང་། བྲ་མ་སོགས་ཤིང་ཕྲན་མང་པོ་དང་གསོན་སྡོང་།  ཤུག་པ་སོགས་ལྗོན་སྣ་མང་པོས་ཁེབས་པར་བྱས་ཡོད། རི་རྒྱུད་ངོས་སུ་བྲ་མ་མང་པོ་སྐྱེས་ཡོད་རྐྱེན་སྐྱེས་དངོས་མིང་ཡུལ་ལ་ཐོགས་པས་དེ་ལྟར་དུ་འབོད་ལ་དེ་ལྟར་དུ་བརྗོད་དོ།། kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                                                 བྲ་མ་རི་རྒན།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན།སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་པའི་བྱིན་རླབས་ཀྱི་གཟི་ཉམས་ས་གསུམ་བརྟན་གཡོའི་ཁམས་སུ་ཆར་དུ་བསྙིལ་པའི་ཁྲི་ཀའི་ཡུལ་གྱི་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་ནི།  ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་དང་། བྱམས་པ་དང་སྙིང་རྗེ་རྩ་བར་འཆིང་པའི་མ་ནི་ཡི་གེ་དྲུག་མ་སྟེ། ཨོ་མ་ནི་པད་མེ་ཧྰུ་ཡི་དགོས་འདོད་ཀྱི་ནོར་བུ་ཡིན་ལ། འགྲོ་དྲུག་ཀུན་གྱི་བདུད་དཔུང་མ་ལུས་འཇོམས་པའི་སྟོན་པ་ཐུགས་རྗེ་ཅན་གྱི་ཆོས་ཀྱི་བདུད་རྩི་དང་ཉན་རང་བྱང་སེམས་སངས་རྒྱས་ཀུན་གྱི་ཆོས་ཀྱི་གཟུངས་ཐག ཁམས་གསུམ་འགྲོ་བ་མ་ལུས་སེམས་ཀྱི་དད་འདུན་བཅོལ་ཡུལ་དང་ཚོགས་གཉིས་ཀྱི་ཞིང་ས་ཡངས་པོ་ལགས། འདི་ཡང་ཁྲི་ཀའི་རྨ་གཡང་ཕྱུག་མོའི་འགྲམ་ངོགས་ན་བཟོ་བོ་སྟོང་གི་སོར་རྩེ་ལས་འཁྲུངས་ཤིང་། ཉིན་མཚན་ཁོར་མོ་ཡུག་ཏུ་མེ་ཏོག་པདྨའི་ཁྲི་ལ་བཞུགས་སུ་གསོལ་ནས་དབུ་རྩེ་ཨ་སྔོན་དབྱིངས་དང་། ཞབས་པད་རྨ་གཡང་ཕྱུག་མོའི་གཏིང་རིམ་དུ་འཐིམ་སྟེ། སྙན་པའི་བ་དན་རིང་མོ་འཛམ་གླིང་ཟླུམ་པོའི་སྙན་པ་ཡོད་རྒུའི་སྣོད་དུ་ཚུད། འདིའི་ཚངས་ཐིག་ལ་མུས༡༠.༢༢དང་།སྤྱིའི་མཐོ་ཚད་ལ་མུས༤༣ཡོད།གཟུངས་བཞུགས་ལ་བཀའ་འགྱུར་ཁག་དུམ་པ༢༠༠དང་མ་ནི་སོགས་མང་པོ་ཕུལ་ཡོད།ཁྲི་ཀའི་ཡུལ་གྱི་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་ཕྱི་ལོ༢༠༡༠ལོའི་ཟླ༦པའི་ནང་བཞེངས་འགོ་བརྩམས་ཤིང་།ཕྱི་ལོ༢༠༡༢ལོའི་ཟླ༤བའི་ཚེས་༢༨ཉིན་ཏེ།ལུགས་རྙིང་གི་ཟླ༤བའི་ཚེས་བརྒྱད་ལ་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་དུ་རྒྱ་བོད་ཀྱི་ཆོས་ལུགས་ཁག་གི་སྐྱེས་ཆེན་དམ་པ༤༠ལྷག་བྱོན་ནས་རབ་གནས་ཀྱི་མཛད་སྒོ་རྒྱ་ཆེན་སྤེལ་དེ་ཆོས་ཀྱི་སྒོ་འཕར་ཡངས་པོ་བྱས་པ་མ་ཟད།ད་དུང་མ་ནི་འཁོར་ཆེན་འདི་འཛམ་གླིང་ཅེ་ཉི་སིའི་ཟིན་ཐོ་རུ་ཚུད་ཡོད་པ་ཉིན་དེར་བདེ་ལེགས་ངང་ནས་བདེན་དཔང་དང་ཆོག་མཆན་ཐོབ་ཅིང་།པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་བོད་རྒྱ་སྐད་གཉིས་ཀྱིས་མ་ནི་འཁོར་ཆེན་ལ་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་ཞེས་པའི་མཚན་བྱང་གསོལ་བ་དང་།ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡྰའི་ཁྲིན་ཆོས་དཔོན་གྱིས中华福运轮ཞེས་མཚན་བྱང་གནང་།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
 kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                                 རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      མི་ཉག་མཆོད་རྟེན། མི་ཉག་མཆོད་རྟེན་མཐོང་གྲོལ་ཆེན་མོའམ་མཆོད་རྟེན་དཀར་པོ་ཞེས་གྲགས་པ་ནི། བྲག་དགོན་པའི་མདོ་སྨད་ཆོས་འབྱུང་ལས། མངའ་བདག་ཁྲི་རལ་ཉིད་དངོས་སུ་ཕེབས་ཤིང་རལ་བ་ནང་བཞུགས་ཀྱི་རྟེན་ཁྲི་ཀར་ཡོད། ཅེས་གསུངས་ཏེ་རབ་བྱུང་མ་ཚུགས་གོང་གི་མེ་མཁའ་རྒྱ་མཚོའི་འདས་ལོ་ལྕགས་གླང་ཕྱི་ལོ༨༢༡ལ་ཁྲི་རལ་བ་ཅན་དང་། རྒྱ་རྗེ་མུ་ཙུང་གཉིས་ཀྱིས་དབོན་ཞང་གི་རྡོ་རིང་བསླངས། བཙན་པོ་ཞང་དང་། རྒྱ་རྒྱལ་འདུམ་པར་བྱས། ཞེས་དེབ་ཐེར་རྣམསསུ་གསུངས། འདི་ལས་དཔག་ན་ད་ལྟའི་རབ་རྒྱན་མེ་ཡོས་ཡན་ལ་ལོ་ཆིག་སྟོང་བརྒྱ་རེ་དྲུག་སོང་ཟིན་པས་མཆོད་རྟེན་འདི་ཁྲི་ཀའི་ཡུལ་གྱི་རྟེན་ཐོག་མ་ཡིན་ལ། རྨ་སྲིབ་གྲོང་རྡལ་ནས་ནུབ་བྱང་མཚམས་སུ་སྤྱི་ལེ་གཅིག་ཙམ་སོང་མཚམས་ན་བརྗིད་ཆགས་པར། དེ་ནས་རབ་བྱུང་བཞི་བའི་ནང་ས་སྐྱ་པཎྡིཏ་ཀུན་དགའ་རྒྱལ་མཚན་ཧོར་རྒྱལ་པོས་གདན་དྲངས་པར་ཕེབས་ལམ་དུ་མཆོད་རྟེན་འདིར་རབ་གནས་གནང་། རབ་བྱུང་བཅུ་གཉིས་པའི་ནང་རྙེ་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་འཛིན་ཉི་མས་ཞིག་གསོ་མཛད། རབ་བྱུང་བཞི་བའི་ནང་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མས་གསེར་ཟངས་ལས་གྲུབ་པའི་ཉི་ཟླ་ཕུལ་ནས་ཞིག་གསོ་མཛད། དེ་ནས་རབ་ཚེས་མེ་ཡོས་ཕྱི་ལོ༡༨༦༧ལོའི་ཧོས་འཁྲུགས་ཀྱིས་ཡུལ་འདིའི་དགོན་སྡེ་ཕལ་ཆེར་ལ་གནོད་སྐྱོན་དང་། མཆོད་རྟེན་འདི་ལའང་འཕྲོག་བསྲེག་བཅོམ་གསུམ་ཚབས་ཆེན་བཟོས། ལོ་དེའི་སྨད་དུ་ཐར་ཤུལ་རིན་པོ་ཆེ་སྐུ་ཕྲེང་བཞི་བ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་གྲྭ་ཚང་འདི་དང་མཆོད་རྟེན་མཐའ་སྐོར་གྱི་མ་ཎི་འཁོར་ལོ་སོགས་ལ་ཉམས་གསོ་གང་ལེགས་མཛད། དེ་ནས་རབ་རྒྱལ་ས་ཡོས་ཕྱི་ལོ༡༩༣༩ལོར་མི་ཉག་ངག་དབང་ལེགས་བཤད་རྒྱ་མཚོས་མཐུན་རྐྱེན་སྦྱར་ཏེ་གཞི་ཁྱོན་ཆེ་བའི་ཞིག་གསོ་ཐེངས་བཞི་བ་བྱེད་སྐབས། ཆོས་དད་མང་ཚོགས་ཀྱིས་ཧུར་བརྩོན་སྒོས་ཨར་ལས་ཀྱི་བྱ་བ་དང་། དགོན་པ་སོ་སོའི་གྲྭ་བ་རྣམས་ཀྱིས་སྐུ་འདྲ་དང་སཙཚ་སོགས་གཟུངས་གཞུག་འབུལ་བ་སོགས་ཀྱི་ལས་ལ་བསྒྲིམས་ཏེ་ཟླ་ཤས་རིང་ལེགས་གྲུབ་བྱུང་། མི་ཉག་རིན་པོ་ཆེས་གསེར་སྲང་ཞེ་བདུན་ཕུལ་ཏེ་མཆོད་རྟེན་གྱི་ཉི་ཟླ་ཆར་ཁེབས་སོགས་ལ་གསེར་ཚོས་ཕུལ་ནས། མཆོད་རྟེན་ཆེན་མོ་འདིའི་རྣམ་པ་སྔར་ལས་ལྷག་པ་ཞིག་གྲུབ་སྟེ་ཡུལ་འདིའི་རྒྱན་མཆོག་ཏུ་གྱུར། བྱང་ཆུབ་མཆོད་རྟེན་འདིའི་བཞེངས་བཀོད་ནི།མཐོ་ཚད་ལ་ཁྲུ་དགུ་བཅུ་ཙམ་ཡོད། ལྷ་ཁང་གི་བརྐོས་རིས་སྣ་ཚོགས་ཤིང་ལས་གྲུབ་པའི་པད་འདབ་དང་བཀྲ་ཤིས་རྟགས་བརྒྱད། གླང་ཆེན། རྨ་བྱ། འབྲུག་རིས། སྤྲིན་རིས་སོགས་བཟོ་རྩལ་འབུར་དུ་ཐོན། མི་རིགས་དང་ཆོས་ལུགས་ཀྱི་ཁྱད་ཆོས་མཚོན་པའི་སྒྱུ་རྩལ་ཟླ་དང་བྲལ་བ་མདོ་སྨད་ཀྱི་མཆོད་རྟེན་རྣམས་ལས་ཆེ་ཤོས་ཤིག་ཡིན་ནོ།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      མཆོད་རྟེན་འདིའི་རྟེན་གཙོ་བོ་ནི། སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཐང་ག་ཚོན་བཀྲ་ཅན་བཅུ་གཉིས་དང་། རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དབུ་ཞྭ། པད་དཀར་འཆང་བ༧གོང་ས་སྐྱབས་མགོན་ལྔ་མཆོག་གི་ཚོགས་ཞྭའི་ཚལ་བུ། རྒྱལ་བ་སྐལ་བཟང་རྒྱ་མཚོ་མཆོག་གི་གདུང་ཚ། སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བཅུ་བའི་གདུང་ཚ། དུས་འཁོར་དབང་ཆེན་གྱི་རྡུལ་ཚོན། སྐུ་འབུམ་དུས་འཁོར་གྲྭ་ཚང་གི་རྡུལ་ཚོན། བྱ་ཁྱུང་གསེར་གདུང་རིལ་བུ། སྐུ་འབུམ་གསེར་སྡོང་གི་ལོ་མ། སྒྲོལ་མའི་བླ་རྡོ། ཙ་རི་དང་། མངའ་རིས། ཧི་མ་ལ་ཡའི་ས་སྣ་ཆུ་སྣ། པཎ་ཆེན་སྐུ་ཕྲེང་བཅུ་བའི་བྱང་སེམས་རིལ་བུ། རྒྱ་གར་དང་རྒྱ་ནག་སོགས་གནས་ཆེན་དག་གི་ས་སྣ་ཆུ་སྣ་བཅས་བགྲང་གིས་མི་ལང་པ་བཞུགས་སོ།།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                                          མི་ཉག་མཆོད་རྟེན།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      ལྷ་དཀར་པོ་བྱམས་པ་རང་སྐྱེས། ད་ལྟའི་རྫོང་མཁར་གྱི་ཤར་ཕྱོགས་རྨ་ཆུའི་བརྒྱུད་དུ་ཡོད། འདི་ནམ་བཞེངས་ཀྱི་ལོ་ཚིགས་གསལ་བོར་མ་ངེས་ཀྱང་རབ་བྱུང་བཅུ་གཅིག་པའི་ཡར་སྔོན་དུ་ཡོད་པ་གསལ། ལྷ་ཁང་ཆེ་ཆུང་གཉིས་ཡོད་ལ་ནང་རྟེན་དུ། ཕ་བོང་དཀར་པོ་ཞིག་ལ་དགེ་སློང་ཆོས་གོས་གྱོན་པ་ཞིག་ཐིམ་པ་དང་། སྟེང་དུ་འབྲུ་གསུམ་རང་བྱོན་དུ་ཡོད་པ་ནང་བཞུགས་ཀྱི་བྱམས་སྐུ་བྱོན་ལེགས་དང་། ལྷ་ཁང་ཆུང་བའི་ནང་དུ་བྱམས་པ་ཆུ་གཟིགས་མར་གྲགས་པ་ཞལ་རྨ་ཆུའི་ཁུག་པར་གཏད་པ་བཅས་བཞུགས། དེ་ནས་རབ་བྱུང་བཅུ་བཞི་བ་ཕྱི་ལོ༡༨༠༧  -- ༡༨༥༡ལོའི་ནང་མེ་སྐྱོན་བྱུང་བར་རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཞིག་གསོ་དང་ཐར་ཤུལདགེ་འདུན་ཆོས་ཀྱི་རྒྱ་མཚོས་རབ་གནས་མཛད། དེ་དུས་ཕ་བོང་སྟེང་གི་འབྲུ་གསུམ་རང་བྱོན་ཀུན་གྱིས་མཐོང་ཞེས་མདོ་སྨད་ཆོས་འབྱུང་དུ་གསུངས། དེ་དུས་ལྷ་ཁང་ཆུང་བར་རྙིང་སྐྱོན་ཡོད་པ་རྗེ་གསེར་ཁང་བས་ཞིག་གསོ་བྱས་ཏེ་རྙེ་ཞལ་སྔ་ནས་རབ་གནས་གནང་བའི་ལོ་རྒྱུས་ཀྱང་ཡོད། ལྷ་ཁང་དུ་བྱམས་པ་གཉིས་ལས་གཞན་འཇིགས་བྱེད་ལྷ་བཅུ་གསུམ་མ། མགོན་ཆོས་ལྷ་གསུམ། རྗེ་བླ་མ་དང་། རྗེ་གསེར་ཁང་བའི་སྐུ་བརྙན། གནས་བརྟན་བཅུ་དྲུག་དང་ཞིང་བཀོད་འགའ་རེ་བཅས་བསོད་ནམས་བསགས་པའི་ཞིང་ས་མཆོག་ཏུ་ལྷམ་མེར་ཡོད་ཀྱང་།ང་བརྒྱད་དང་རིག་གསར་གྱི་ཡ་ང་བའི་རླུང་འཚུབ་ཁྲོད་མིང་གི་ལྷག་མ་ཙམ་དུ་བསྒྱུར། དེང་སྐབས་ཆོས་དད་རང་དབང་གི་སྲིད་ཇུས་དངོས་འབབ་བྱས་པ་དང་ཆབས་ཅིག་རབ་རྒྱན་ཆུ་སྤྲེལ་ཕྱི་ལོ༡༩༩༢ལོར་ལེགས་ཉེས་ཀྱི་ཁྱད་པར་བློ་མིག་ཡངས་པ་ཚ་དའི་རིན་ཆེན་གྱི་རང་འགུལ་སྒོས་འགན་ཁུར་ཏེ་བྱམས་ཁང་དང་བྱིན་ཅན་ཕ་བོང་ནང་བཞུགས་ཀྱི་བྱམས་པ་ཁྲུ་ཉེར་ལྔ་ཅན་སྔོན་གྱི་ཇི་ལྟ་བ་དང་། རྗེ་བླ་མ་དང་གསེར་ཁང་བའི་སྐུ་འདྲ་མི་ཚད་ཙམ། བྱམས་ཁང་ཆུང་བའི་བྱམས་པ་ཆུ་གཟིགས་མ་དང་བཅས་པ། བྱམས་ཁང་ཆེན་མོའི་མཐའ་སྐོར་དུ་མ་ཎི་འཁོར་ལོ་སྔོན་ཆད་ལས་ལྷག་པ། བྱམས་ཁང་ཉེ་འགྲམ་དུ་རྗེ་གསེར་ཁང་བའི་གཟིམ་ཁང་ལྷག་ལུས་བྱུང་བ་ཉམས་གསོ་བཅས་བྱུང་།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                                   ལྷ་དཀར་པོ་བྱམས་པ་རང་སྐྱེས།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      ཁྲི་ཀའི་ཡུལ་ལྷའམ་ཤན་ཙི་ཡུལ་ལྷའི་ཕོ་བྲང་དགའ་འཁྱིལ། གནའ་སྔ་མོ་ནས་ཁྲི་ཀའི་ཡུལ་ཕྱོགས་སུ་ཡུལ་ལྷ་ཞེས་སྙན་པའི་བ་དན་རིང་མོ་སྲིད་གསུམ་ན་སྐྱོད་པའི་གཞི་བདག་གཉན་པོ་ཐེངས་གསུམ་བོས་ན་ལམ་སང་ཕེབས་པ་ཞིག་ཡོད་ལ། དེར་སྔོན་ནས་མི་ཚང་མས་རྗེ་བཙུན་འཇམ་དཔལ་དབྱངས་ནག་པོའི་ཐུགས་སྤྲུལ་ཡུལ་ལྷའི་རྒྱལ་བོ་ཝུན་ཆིན་ལོ་ཡེ་ཟེར་ཞིང་། བསྡུས་མིང་ལ་ཡུལ་ལྷ་ཞེས་འབོད། ཁོང་གིས་གོང་མའི་བློན་པོའི་ཚུལ་བཟུང་ནས་འགྲོ་དོན་མཛད་སྐབས་བློན་པོ་འགས་ཕྲག་དོག་གིས་གོང་མ་དང་ཁོང་གཉིས་བར་ལ་ཕྲ་མ་བྱས་པས་སྲོག་ཆད་བཅད། ཕྱིས་ཁོང་མི་མ་ཡིན་མཐུ་ཅན་ཞིག་ཏུ་སྐྱེས། གསེར་ཁྲི་རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མ་གོང་མའི་དབུ་བླར་བཞུགས་སྐབས་མི་མ་ཡིན་པ་དེས་ཁོང་ལ་གྲོགས་མཛད་པ་སྟེ། བདུད་བློན་ཞིག་གིས་གོང་མར་བླ་མས་ཁྱེད་རང་དགྲོང་འདོད་ཀྱིས་སྨྱུག་སྒམ་དུ་གྲི་བཅུགཡོད། མི་བདེན་སྙམ་ན་བརྟག་དང་ཤེས་ཡོང་ཞེས་སྙན་ཕྲ་ཞུས་པས། གོང་མས་བླ་མའི་སྨྱུག་སྒམ་གྱི་ཁ་ཕྱེས་ནས་སྨྱུག་གུ་སར་བྱོ་པ་ན། ཡུལ་ལྷས་གྲོགས་མཛད་དེ་སྨྱུག་སྒམ་ལས་སྨྱུག་གྲི་བཀག་པས་སྨྱུག་གུ་ལས་གྲི་སར་མ་ལྷུང་། བློན་པོ་དེས་ཀྱང་གོང་མར་ད་རེབ་ཁོས་དོགས་ཟོན་གྱིས་གྲི་མ་བཟུང་བ་ཡིན་ལ། ཁོས་དོགས་ཟོན་བྱས་མེད་དུས་ཁྱེད་ཀྱིས་གློ་བུར་དུ་གཟིགས་ཤིག་ཅེས་ཞུས་པ་ལྟར་ཉིན་ཞིག་ལ་སྨྱུག་སྒམ་ནང་གི་སྨྱུག་གྲི་དེ་གོང་མས་མཐོང་བས་བླ་མ་བཙོན་དུ་བཅུག བླ་མས་ཡུལ་ལྷ་ལ་ཁྲི་སྡེ་ཞིག་གི་སྲུང་མར་བཀུར་རྒྱུ་ཞལ་བ་བཞེས་གནང་ཕྱིར་ཡུལ་ལྷས་གོང་མར་བཙུན་མོ་འདང་ཅན་ཞིག་ཡོད་པ་དེའི་མཁལ་རྩ་ནས་བཟུང་བས་ན་ཟུག་དྲག་པོས་བཟོད་ཐབས་བྲལ། སྨན་དཔྱད་ཀྱིས་མ་ཕན་པས་ཐབས་ཟད། གོང་མའི་བསམ་པར་བདག་གི་བླ་མར་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ཡིན་པས་གདན་དྲངས་ན་ཕན་པར་ངེས་སྙམ་ནས་བླ་མ་བཙོན་ནས་གདན་དྲངས། བླ་མས་བཙུན་མོའི་གཟིམ་ཁང་གི་སྒོ་ཁ་ནས་ཡུལ་ལྷ་ལ་བསྟོད་པའི་ཚིགས་བཅད་གཅིག་གསུངས་ནས་འབྲུ་ཟན་སྟོར་བས་འཕྲལ་དུ་བཙུན་མོ་ནད་ལས་ཐར། གོང་མ་བླ་མར་ལྷག་པར་དད་ནས་ཉེས་པ་མེད་པར་བྱས། ཕོ་བྲང་དུ་བསྟུད་མར་བཞུགས་རྒྱུ་ཞུས་ཀྱང་བླ་མ་དེར་བཞུགས་མ་འདོད་པར་མདོ་སྨད་དུ་ཕེབས།  རེ་ཞིག་རྨ་ཆུར་གྲུ་བརྒྱབ་ནས་སྐྱོད་སྐབས་གྲུ་ཆུང་ཆུའི་དཀྱིལ་ནས་བགྲོད་མ་ཐུབ་པས་ཁོང་གི་ཐུགས་ལ་སྔོན་གྱི་ཞལ་བཞེས་དེ་དྲན་ཏེ། ཀྱེ། ཁྲི་ཀའི་ཡུལ་གནས་ལྷ་གཉན་མཐུ་བོ་ཆེ།། རྒྱ་ནག་ཤིང་མཱ་ཐེན་ཙི་ཞེས་གྲགས་ཁྱོད༎ མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ༎ བསང་གསུར་བཞེས་པ་འདོད་པའི་དོན་ཀུན་སྒྲུབས༎ ཞེས་བསང་མཆོད་བཀྲ་ཤིས་གཡས་འཁྱིལ་མ་འདི་གསུངས་པས་ཡུལ་ལྷ་ལམ་སང་དེར་ཕེབས་ནས་བླ་མར་གྲོགས་མཛད་དེ་ཆུའི་ཕ་རོལ་དུ་བདེ་ལེགས་ངང་ཐོན་ཐུབ་པ་བྱུང་། བླ་མས་ཀྱང་ཁོང་ཡང་ཁྲི་ཀའི་གྲོང་ཁྱེར་ནས་དྲང་ཐད་དུ་ནུབ་ཕྱོགས་སུ་ས་ལེ་དབར་ལྔ་དྲུག་ཙམ་སོང་བའི་ལམ་ཐག་གི་ཟས་གོས་ལོངས་སྤྱོད་རང་འགྲུབ་ཡིན་པའི་གནས་མཆོག་སྟེ།ཤ་འབུམ་གདོང་སྣ་རུ་ཕ་བོང་དཀར་བོ་ཞིག་ཡོད་པ་དེར་བསྟིམས་པར་མཛད་དེ་སྲུང་མར་བཀུར་རོ།།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
      དེང་སྐབས་ང་ཚོ་ཁྲི་ཀའི་ཡུལ་གྱི་སེར་སྐྱ་མང་ཚོགས་ཀྱི་ཤེས་རབ་ཀྱི་རྩལ་དང་རྒྱུ་སྟོབས་ཀྱི་ཤུགས་ལ་བརྟེན་ནས་ཕ་བོང་དེ་ནང་བཞུགས་ཀྱི་རྟེན་གཙོ་བོར་བྱས་ཏེ། རྩ་གསུམ་གནས་ཀྱི་བརྒྱ་བྱིན་ཕོ་བྲང་མི་ཡུལ་དུ་འཕོས་འདྲའི་རྡོ་སྐས་བརྩེགས་རིམ་གསུམ་ཅན་གྱི་བརྗིད་ཉམས་བསམ་གྱིས་མི་ཁྱབ་པའི་ལྷ་ཁང་དང་། དེའི་ཐབས་ཤེས་རི་དྭགས་ཟུང་གི་དབུས་ཀྱི་བསླབ་གསུམ་འཁོར་ལོ་བྱིན་ཆགས་འོག་ལ་འགྲོ་དྲུག་ཡོད་རྒུའི་འདོད་པའི་དོན་ཀུན་འགྲུབ་པའི་བྱམས་དང་སྙིང་རྗེ་མིག་གིས་བདེ་སྡུག་མ་ལུས་ཡོངས་སུ་ཟིན་པའི་བྱིན་རླབས་བརྗོད་ཀྱིས་མི་ལང་ཅན། རྒྱའི་མངའ་བདག་ཆེན་པོའི་ཆ་བྱད་འཛིན་པའི་འབག་སྐུ་གཡས་ན་ཤན་པ་ར་མགོ་དང་གཡོན་ན་ཤན་པ་ཙི་ཏུང་བྱས་ནས་སྐུ་བརྙན་གསོན་ཉམས་ལྡན་པ་ཞིག་བཞེངས་བསྐྲུན་བྱས་ཅིང་། མཚན་ལ་ཡང་ཁྲི་ཀའི་ཡུལ་ལྷའི་ཕོ་བྲང་ངམ་ལྷ་ཁང་ཞེས་གསོལ་ཡོད་ལ། དེར་ཉིན་མཚན་དུས་དྲུག་ཏུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དད་ལྡན་མང་བོ་དྲི་ལྡན་མེ་ཏོག་སྟེང་དུ་བུང་བ་ཚོགས་བཞིན་འདུས་ཏེ་མཆོད་འབུལ་བྱེད་པར་འོང་ལ། ལོ་འགའི་སྔོན་དུ་རྒྱལ་ཁབ་ཀྱིས་ང་ཚོའི་ཁྲི་ཀའི་ཡུལ་གྱི་གནས་ཆེན་བརྒྱད་ཀྱི་གྲས་དང་ཞིང་ཆེན་རིམ་པའི་གནའ་རྫས་སྲུང་སྐྱོབ་ལས་ཁུངས་སུ་བདམས།དེ་ཡང་མདོ་སྨད་ཡུལ་གྱི་གནས་སྐོར་ལྗོངས་རྒྱུ་བྱེད་སའི་རྟེན་གཞི་གཙོ་གྲས་སུ་གྱུར་ཅིང་།ནང་མགོན་སྐྱབས་དམ་པའི་སྤྱན་དཀྱུས་ཀྱི་སྒོ་འཕར་ཡངས་པོ་ཕྱེ་སྟེ་འགྲོ་དྲུག་སེམས་ཅན་ཀུན་གྱི་ལོངས་སྤྱོད་རྫོགས་པའི་གྲོགས་སུ་གཏན་བཞུགས་གནང་ནས་གདའ་བ་སུས་མ་མཐོང་།kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
 kCkརྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།
                                                                                                 ཁྲི་ཀའི་ཡུལ་ལྷའི་ཕོ་བྲང་།
支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།