ལྷ་ཁང་ཐང་སྡེ་བའི་ཐོང་འབྱེད་ཆོ་ག
རྩོམ་པ་པོ།      སྤེལ་དུས།  2020-02-19 21:41:07    རྡེབ་ཚད།     ཡོང་ཁུངས། ཨ་མདོ་བརྙན་འཕྲིན།

B492BF6B-01E2-4C4A-91AD-C00D6EFFB234_1_105_c.jpg

B07880D2-AFA1-4B1B-B692-8A85BB9C1475_1_105_c.jpg

  དཔྱིད་རླུང་དྲོན་མོ་ངང་གིས་ལྡང་བ་དང་བསྟུན་ནས། རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་ཞིང་ལས་ས་ཆ་སོ་སོ་ནས་དཔྱིད་ཀྱི་རྨོ་འདེབས་ལ་སྟ་གོན་བྱེད་པའི་ལས་ཀ་མགོ་རྩོམ་པ་ཡིན། ས་གནས་ཀྱི་སྲོལ་རྒྱུན་ལྟར་རྒྱ་ལོའི་ཚེས་པ་ཉི་ཤུ་དྲུག་ནི་ལོ་གཅིག་གི་ཐོང་ག་འབྱེད་པའི་ཉིན་མོ་ཡིན་པས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་ལྷ་ཁང་ཐང་སྡེ་བས་སྔར་ལོ་བཞིན་ཐོང་ག་འབྱེད་པའི་ཆོ་ག་གཟབ་རྒྱས་ངང་སྤེལ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བ་ལེགས་པར་བསྒྲུབས་པ་དང་མཉམ་དུ། སྔ་མོ་ནས་འཆར་གཞི་དང་བཀོད་སྒྲིག་ཡོད་པའི་སྒོ་ནས་ཞིང་ལས་དངོས་ཟོང་སྣ་ཚོགས་གྲ་སྒྲིག་སྐྱེལ་འདྲེན་དང་རྒྱུ་སྤུས་ཞིབ་བཤེར། དེ་མིན་ཞིང་ཆུའི་ཆུ་རྐ་ཡོངས་རྫོགས་གཙང་སེལ་བྱེད་པ་སོགས་ཀྱི་བྱ་བ་ལེགས་པར་བསྒྲུབས་ནས། རྫོང་ཡོངས་ཀྱི་2020ལོའི་རྨོ་འདེབས་བྱ་བ་བདེ་བླག་ངང་མགོ་རྩོམ་པ་ཁག་ཐེག་བྱས།

445E5E17-355F-4BE8-8329-8F706B1BF328_1_105_c.jpg

B977678D-5C21-49C8-8173-D171C4795BDB_1_105_c.jpg

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།