ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པར་གདེང་འཇོ
རྩོམ་པ་པོ།      སྤེལ་དུས།  2020-02-14 14:52:50    རྡེབ་ཚད།     ཡོང་ཁུངས། མི་དམངས་དྲ་བ།

    མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཡང་རྒྱལ་ཁབ་འགའ་ཞིག་གི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་ཁག་གཅིག་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པར་མུ་མཐུད་སེམས་གསོ་འཚམས་འདྲི་དང་རྒྱབ་སྐྱོར་བྱས་པ་རེད།
     ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་ཡིས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་བྱེད་ཐབས་གསར་པ་སྤྱད་ནས་མི་དམངས་སྲུང་སྐྱོང་བྱ་ཆེད་འབད་བརྩོན་ཆེན་པོ་བྱས་ཡོད་པས་ཀྲུང་གོའི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད། ཀྲུང་གོར་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།
     པོ་ཚི་ཝ་ནའི་ཙུང་ཐུང་མཱ་ཤིས་ཤིས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཡོངས་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་པ་དེས་སྲུང་སྐྱོབ་བྱེད་པ་ནི་ཀྲུང་གོ་མི་དམངས་ཙམ་མིན་པར། ཕྱི་རྒྱལ་གྱི་སྤྱི་དམངས་ཀྱང་ཚུད་ཡོད་པས་མཛའ་གྲོགས་དང་། བྱམས་བརྩེ། མཉམ་ལས་མཉམ་གནས་བཅས་ཀྱི་སྙིང་སྟོབས་གང་ལེགས་མངོན་ཡོད་ཅེས་བརྗོད་པ་རེད།
     ཐན་ཙན་ནི་ཡའི་ཙུང་ཐུང་མ་ཀུའུ་ཕུའུ་ལིས་ཀྲུང་གོ་སྲིད་གཞུང་གིས་སྤྱད་པའི་མགྱོགས་ལ་ནུས་ལྡན་གྱི་བྱེད་ཐབས་དང་དེ་བཞིན་ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་དང་ཆོད་སེམས་ལ་བསྔགས་བརྗོད་བྱེད་རྒྱུ་ཡིན་ཞེས་བརྗོད།
     ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་བློ་སྟོབས་དང་སྟོབས་ཤུགས་ཆེན་པོ་ལྡན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་ལས་དམ་ཟབ་བྱས་ནས་རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད།
     ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨེན་གྱིས་རིམས་ནད་ལ་དམིགས་ནས་ཀྲུང་གོ་ཕྱོགས་ཀྱིས་འཕྲལ་ཐག་ཆོད་པོས་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་པར་བསྔགས་བརྗོད་བྱེད་རྒྱུ་ཡིན། ནེའུ་ཙི་ལན་གྱིས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་རོགས་རམ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
     ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏུའོ་ཡིས་དཀའ་ཚེགས་ཆེ་ལ་གཏན་འཁེལ་མེད་པའི་དུས་སྐབས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མུ་མཐུད་མཉམ་ལས་བྱེད་དགོས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་ཕྱོགས་ལ་རོགས་རམ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བརྗོད།
     ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅིས་ཨ་ཧྥེ་རི་ཁ་མནའ་འབྲེལ་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ང་ཚོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནོད་འཚེ་ཐོན་བཞིན་པའི་ཀྲུང་གོ་མི་དམངས་ལ་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱི་རིམས་འགོག་བྱ་སྤྱོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
     ཨ་རབ་མནའ་འབྲེལ་གྱི་དྲུང་ཆེ་ཀའེ་ཐེས་ཨ་རབ་མནའ་འབྲེལ་གྱིས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་འབད་བརྩོན་ཆེན་པོ་བྱས་པར་བསྔགས་བརྗོད་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ལ་ད་ཐེངས་ཀྱི་འགྲན་སློང་ལས་རྣམ་པར་རྒྱལ་བའི་ནུས་པ་ཡོད་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
     རྒྱལ་ཁབ་77ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཀུའེ་ཡ་ན་ཡིས་རྒྱལ་ཁབ་77ཚོགས་པས་ཀྲུང་གོ་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་འབད་བརྩོན་བྱས་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་འཁྲི་འཁུར་བ་དང་། ཕྱི་གསལ་ནང་གསལ། མཐུན་སྒྲིལ། མཉམ་ལས་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཐུན་མོང་ཐོག་རིམས་ནད་ལ་ཁ་གཏད་གཅོག་དགོེས་པ་དང་། མཐོང་ཆུང་དང་། མིང་ངན་པ་བཟོ་བ། ཆ་འཕྲིན་རྫུས་མ་བརྒྱུད་སྤེལ་བྱེད་པ་བཅས་སྔོན་འགོག་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་ཏོག་གསར་གློ་ཚད་ཀྱི་གོ་ལ་ཧྲིལ་པོའི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོའི་གཅེན་གཅུང་མིང་སྲིང་ཚོར་ལྷག་པར་དུ་གུས་འདུད་ཞུ་རྒྱུ་དང་ཁྱེད་ཚོས་དཀའ་ཚེགས་ཤིན་ཏུ་ཆེ་བའི་གནས་ཚུལ་འོག་མངོན་པའི་བློ་སྟོབས་དང་བཟོད་བསྲན་ལ་བསྔགས་བརྗོད་བྱ་རྒྱུ་ཡིན། ང་ཚོས་ཁྱེད་ཚོ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ཡིན། ཁྱེད་ཚོར་སྔ་ཙམ་གྲུབ་འབྲས་ཐོབ་པ་དང་བདེ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ནུའོ་ལུའོ་ཕུའུ་ཡིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་འཕྲལ་ཐག་ཆོད་ལ་ཕན་འབྲས་ཆེ་བའི་བྱེད་ཐབས་སྤྱད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་བློ་བརྟན་འགྱུར་མེད་དང་ཆ་རྐྱེན་མེད་པའི་ངང་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཀྲུང་གོ་ཕྱོགས་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད།
     དེ་མིན། ཁོང་ཀོ(པུའུ)ཡི་ཙུང་ཐུང་ས་སུའུ་དང་། ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུའུ། ཅ་ཕུང་གི་ཙུང་ཐུང་པང་ཀོ། ལའེ་སུའོ་ཐུའོ་ཡི་རྒྱལ་པོ་ལའེ་ཆི་ཡེ་ཁྲི་ཐོག་གསུམ་པ། སི་ལོ་ཝུན་ཉི་ཡའི་ཙུང་ཐུང་ཕ་ཧོར། སེབ་རུ་སིའི་ཙུང་ཐུང་ཨ་ན་སི་ཐ་ཞ་སི། ཁོ་སི་ཐ་རི་ཁའི་ཙུང་ཐུང་ཨར་ཝ་ལ་ཏོ། ཕ་ཕུ་ཡ་ཤིན་ཀུའེ་ནེ་ཡའི་ཙུང་ལི་མཱ་ལ་ཕེ། ཨན་ཐི་ཀྭ་དང་པ་པུ་ཏའི་ཙུང་ལི་པུའུ་ལང་། སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སུའོ་ཅ་ཝ་ལེ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་མི་འབོར་ཐེབས་རྩའི་ལག་བསྟར་ཀྲུའུ་རེན་དང་། མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཚོགས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་ཞི། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གཅིག་མཐུན་འདུས་གྲུབ་ཨུ་ལྷན་གྱི་ཀྲུའུ་ཞི། ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་གཅིག་མཐུན་འདུས་གྲུབ་ཀྱི་ལག་བསྟར་དྲུང་ཡིག རྒྱ་གྲམ་དམར་པོ་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱིས་ཀྱང་རྒྱབ་སྐྱོར་དང་སེམས་གསོ་འཚམས་འདྲི་བྱས་ཡོད་པ་རེད།

(རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།