མཚོ་སྔོན་གྱི་ཡོངས་སྤྱོད་གནམ་གྲུ་འབབ་ཚིགས་ཐོག་མ་ལས་འགོ་ཚུགས་པ།
རྩོམ་པ་པོ།  རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    སྤེལ་དུས།  2017-07-31 21:45:39    རྡེབ་ཚད།     ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

             a.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱིས་འཆར་འགོད་འཛུགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་ཡོངས་སྤྱོད་གནམ་གྲུ་འབབ་ཚིགས་ཐོག་མ་སྟེ་ཁྲི་ཀའི་ཡོངས་སྤྱོད་གནམ་གྲུ་འབབ་ཚིགས་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧོ་ཏུང་ཤང་ཚྭ་མདའ་སྡེ་བ་ནས་ལས་འགོ་འཛུགས་པའི་རྨང་འདིང་མཛད་སྒོ་བསྡུས།

                b.jpg

མཚོ་སྔོན་ཞིང་ཆེན་ཡོངས་སྤྱོད་མཁའ་འགྲུལ་ཚོགས་སྒྲིལ་ཚད་ཡོད་ཀུང་ཟིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་ཁྲི་ཀའི་ཡོངས་སྤྱོད་གནམ་གྲུ་འབབ་ཚིགས་ལ་རིང་ཚད་ལ་མུས2600དང་ཞེང་ལ་མུས30ཡོད་པའི་རྒྱུགས་ལམ་དང་གནམ་གྲུ་སྡོད་ཚིགས། གནམ་གྲུ་ཁང་། ཞིག་གསོ་བཟོ་ཁང་སོགས་ཆ་སྡེབ་སྒྲིག་ཆས་ལས་གཞི་ཡོད་པ་དང་། ལས་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར4.8ཡིན་པ་དང་། ཚོད་དཔག་ལྟར་ན2018ལོར་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་བེད་སྤྱོད་བྱེད་འགོ་རྩོམ་རྒྱུ་རེད།

 

ཡོངས་སྤྱོད་གནམ་གྲུ་འབབ་ཚིགས་ནི་དམངས་སྤྱོད་མཁའ་འགྲུལ་གྱི་འཕུར་སྐྱོད་ལས་འགན་ལ་ཆེད་དམིགས་ཀྱིས་བསྐྲུན་པའི་གནམ་གྲུ་འབབ་ཚིགས་རིགས་ཤིག་ཡིན་ལ། དམངས་སྤྱོད་མཁའ་འགྲུལ་གྱི་ཡོངས་སྤྱོད་མཁའ་འགྲུལ་འཕུར་སྐྱོད་ལས་འགན་ནི་འགྲུལ་སྐྱེལ་དང་དངོས་ཟོག་སྐྱེལ་འདྲེན་ལས་གཞན་པའི་འཕུར་སྐྱོད་ལས་འགན་ལ་བརྗོད་པ་ཡིན།

       c.jpg

མཚོ་སྔོན་ཞིང་ཆེན་གྱི་ཡོངས་སྤྱོད་མཁའ་འགྲུལ་ཚོགས་སྒྲིལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཀོན་ཅིན་ཝུའུ་ཡིས་མཚམས་སྦྱོར་བྱེད་རྒྱུར། གསར་དུ་བསྐྲུན་པའི་གནམ་གྲུ་འབབ་ཚིགས་ནི་ཡོངས་སྤྱོད་མཁའ་འགྲུལ་ཚོགས་སྒྲིལ་ཚད་ཡོད་ཀུང་ཟི་ཡིས་རྒྱལ་ཁབ་ཀྱིས་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་དང་ཡོངས་སྤྱོད་མཁའ་འགྲུལ་འཕེལ་རྒྱསལ་སྐུལ་སློང་བྱེད་པའི་སྲིད་ཇུས་ཀྱི་ཤུགས་རྐྱེན་འོག མཚོ་སྔོན་ཞིང་ཆེན་གྱི་ལྔ་བཅུ་གསུམ་པའི་མཁའ་འགྲུལ་ལས་རིགས་ཀྱི་འཕེལ་རྒྱས་ཇུས་འགོད་ལ་གཞིགས་ཏེ། ཞིང་ཆེན་ནང་ཁུལ་གྱི་ཡོངས་སྤྱོད་གནམ་གྲུ་འབབ་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོ་རིམ་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱིས་འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། གནམ་གྲུ་འབབ་ཚིགས་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་ཡོངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུ་ཆུང་བ་དང་མཁའ་ལམ་ཐུང་བ། མཁའ་འགྲུལ་ཆུང་བ་བཅས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ། གཞུང་དོན་འཕུར་སྐྱོད་དང་མི་སྒེར་གྱི་གནམ་གྲུ་འཕུར་སྐྱོད། མཁའ་འགྲུལ་ལྟ་སྐོར། མཁའ་འགྲུལ་པར་ལེན་སོགས་ཀྱི་འཕུར་སྐྱོད་ཞབས་ཞུ་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་པ་དང་། དུས་མཚུངས་སུ་ཧུར་བརྩོན་གྱིས་ས་གནས་ཀྱི་མྱུར་སྐྱོབ་རོགས་སྐྱོར་ལ་ཞུགས་པ་དང་། སྤྱི་ཚོགས་ཀྱི་སྤྱི་བའི་བདེ་འཇགས་ལ་སྲུང་སྐྱོང་སོགས་ཀྱི་ཡོངས་སྤྱོད་མཁའ་འགྲུལ་ལས་ཀ་སྒྲུབ་རྒྱུ་རེད།  །

        d.jpg

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།