མདོ་འཛིན་པ།
ལུགས་གསར་གྱི་ཟླ༢པའི་ཚེས༢༧ཉིན་ནི་བོད་ཀྱི་མེ་མོ་བྱ་ལོའི་ལོ་སར་གྱི་ཚེས་གཅིག་ཡིན་ཞིང་། ཉིན་དེའི་ཕྱི་དྲོ་ནས་བཟུང་པེ་ཅིང་ཡུལ་གྱི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་དགེ་སློབ་ཡོངས་དང་། སློབ་གྲྭ་དེ་གའི་སློབ་གླིང་གཞན་པའི་བོད་པ་རྣམས་ཀྱིས་ལོ་སར་གྱི་བྱ་འགུལ་ཁག་གཉིས་སུ་བགོས་ཏེ་ལོ་གསར་བ་འཛུམ་གྱིས་བསུས།
ཞབས་བྲོ་འཁྲབ་བཞིན་པ།
ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་སློབ་གྲྭའི་བོད་པ་རྣམས་སློབ་ཆེན་སློབ་མའི་བྱ་འགུལ་ལྟེ་གནས་སུ་མཉམ་གཅིག་ཏུ་འཛོམས་ཏེ་གླུ་གར་གྱི་རྒྱ་མཚོའི་ཀློང་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་སར་གྱི་སྤྲོ་ཚོགས་ལ་རོལ།
དགེ་སློབ་རྣམས་ཀྱིས་ལྟད་མོ་ལ་ལྟ་བཞིན་པ།
ཐེངས་འདིར་ཕེབས་པའི་སྐུ་མགྲོན་རྣམས་དང་མཉམ་པར་བརྒྱབ་པ།
དགོང་མོའི་ཆུ་ཚོད་དྲུག་པར་སློབ་གྲྭའི་སློབ་མའི་ཟ་ཁང་དུ་འཛོམས་ཏེ་དགུ་ཐུག་འཐུང་བར་མ་ཟད། ད་རུང་ཚལ་རིགས་སྣ་མང་དང་སིལ་ཏོག ཀ་ར། ལུག་ཤ་སོགས་ཟས་རིགས་མང་པོའི་བྲོ་བ་མྱོང་ཞོར་ལོ་གསར་བའི་ནང་ཀུན་གྱི་ལུས་སེམས་བདེ་བ་དང་། བྱ་བ་ལམ་འགྲོ། སློབ་སྦྱོང་ཡར་ཐོན་ཡོང་བའི་བཀྲ་ཤིས་ཁ་གཡང་བོས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་མེ་མོ་བྱ་ལོའི་གནམ་ལོ་གསར་བ་འཛུམ་གྱིས་བསུས་སོ།
ལོ་སར་གྱི་ཟས་སྣ་ཚོགས་སྤྱོད་བཞིན་པ།
- ཙོང་ཁའི་རིག་གནས་ཉིང་འདུས་ལྗོངས་རྒྱུའི་ལམ་ཐིག
- ལོ་གསར་ཤིས་ཚིག
- ཁྲི་ཀའི་མཛེས་ལྗོངས་གསར་བ་བརྒྱད་དང་མཛེས་ལྗོངས་གནས་རྙིང་བརྒྱད་ངོ་སྤྲོད་མདོར་བསྡུས།
- བོད་རིག་པ་ཞིབ་འཇུག་གི་དྲ་བའི་ཐོན་ཁུངས།
- 《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》
- ༄༅།།དུར་ལམ་གྱི་ཤེའུ་བང་སོ་དང་པོ་དང་དེའི་བདག་པོ།
- མདོ་སྨད་ཁྲི་ཀའི་གེ་སར་རིག་གནས་ཀྱི་རྟོག་ཞིབ།
- ༄༅།།ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུང་ཧོང་བོད་ཡིག་ཡིག་ཚགས་ཐེངས་དང་པོར་ལེགས་སྒྲིག་པར་བསྐ
- ༄༅།།ལྷ་ས་རུ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་བསུ་བ།
- དཔའ་ལུང་རྫོང་གི་རིམས་འགོག་དཔའ་མོ་ཆོས་སྐྱིད་སྒྲོལ་མ།
- བཙུན་པོ་དོན་འགྲུབ་ཀྱིས་བརྩམས་པའི་དེབ་གསར་༼ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ།༽
- མཚོ་སྔོན་ཁྲི་ཀའི་རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པའི་འགོ་ཚུགས་པ།
- ༼བོན་གྱི་ཤེས་རིག་ཚིག་མཛོད༽དངོས་སུ་འགྲེམ་སྤེལ་གནང་བ།
- ཁྲི་ཀ་སྐེ་བའི་སྔགས་ཁང་ཕུན་ཚོགས་བསམ་གཏན་གླིང་ནས་བཞི་བའི་སི་དྡྷིའི་སྒྲུབ་ཆེན་གྱི་ཆོས་ཐོག་འཚོགས།
- དམངས་སྲོལ་རིག་པ་སྤྱི་བཤད་ཅེས་པའི་དཔེ་དེབ་ཅིག་སྒོར་ཐོན་འདུག
- ལན་གྲུ་སློབ་གྲྭ་ཆེན་མོ་ནས་ཞིབ་འཇུག་པ་པ་ཚབ་པ་སངས་དབང་འདུས་དང་སློབ་དཔོན་ཆེན་མོ་ཧོ་ཝེས་རིག་གཞུང་འཆད་ཁྲི
- བོད་ཀྱི་མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་ལགས་ཀྱིས་པེ་ཅིང་དུ་རྫོགས་པ་ཆེན་མོའི་འཆད་ཁྲིད་གནང་བ།
- ནུབ་བྱང་མི་རིགས་སློབ་ཆེན་དུ་གཟའ་ཉི་མའི་དཔེ་ཀློག་གི་བྱེད་སྒོ་མུ་མཐུད་དུ་སྤེལ་བ།
- མཚོ་ལྷོ་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བ་ཁྲི་ཀའི་དགའ་ལྡན་དར་རྒྱས་གླིང་དུ་བསྡུས་པ།
- ལོ་སར་གྱི་ལེགས་སྐྱེས—《གཟི་མིག་དཔེ་ཚོགས》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།
དྲ་ཚིགས་འདིའི་པར་དབང་རྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
京ICP备2022012493号 QQ: 406771696