ཨ་ལགས་དོར་ཞི་རིན་པོ་ཆེས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2016-10-17 22:30:20    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

               1.jpg

      སྤྱི་ལོ་༢༠༡༦ལོའི་ཟླ་༡༠བའི་ཚེས་༡༧ཉིན་གྱི་དགོང་མོའི་དུས་ཚོད་བདུན་པའི་སྟེང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གདན་ཞུས་ལྟར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨ་ལགས་དོར་ཞི་རིན་པོ་ཆེ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཕེབས་ཏེ་འཆད་ཁྲིད་གནང་། ཐེངས་འདིའི་འཆད་ཁྲིད་ཀྱི་ཁ་བྱང་ནི་འཚོ་བའི་ཁྲོད་ཅིའི་ཕྱིར་བྱམས་སྙིང་རྗེ་དང་ཤེས་རབ་དགོས་པ་རེད་ཅེས་པ་དེ་རེད་འདུག ཐེངས་འདིར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་དང་། བཀྲ་བྷ། གྲགས་པ་འབྱུང་གནས། བཀའ་མགོན་སོགས་དང་། དེ་མིན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། མི་རིགས་ཡིག་སྒྱུར་ཅུའུ། མི་རིགས་དཔེ་སྐྲུན་ཁང་སོགས་པེ་ཅིང་དུ་ཡོད་པའི་རིགས་སོ་སོའི་མི་རྣམས་སླེབས་འདུག

             4.jpg

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།