བོད་ཀྱི་རྩོམ་པ་པོ5ལ་རྟ་མཆོག་རྟགས་མའི་གཟེངས་རྟགས་ཐོབ།
རྩོམ་པ་པོ།      སྤེལ་དུས།  2016-08-07 17:32:55    རྡེབ་ཚད།     ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

      སྤྱི་ཟླ8པའི་ཚེས2ཉིན། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གཟེངས་བསྟོད་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས2016ལོའི་ཟླ8པའི་ཚེས2ཉིན་གྱི་སྔ་དྲོར་འདེམས་ཤོག་འོས་འཕེན་ཁྲོད་དུ་བརྩམས་ཆོས24དང་བསྒྱུར་རྩོམ3ལ་རྟ་མཆོག་རྟགས་མའི་གཟེངས་རྟགས་ཁྱབ་བསྒྲགས་བྱས་ཤིང་། བོད་ཀྱི་རྩོམ་པ་པོ5ཡང་གཟེངས་རྟགས་མིང་ཐོའི་གྲལ་དུ་ཚུད།
      དེ་ལས་བསྟན་པ་ཡར་རྒྱས་ཀྱི་སྒྲུང་རིང《ཁ་སང་གི་སྡེ་བ》ཞེས་པ་དང་། སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ《ཁ་བ་མེད་པའི་དགུན་ཁ》། འཇམ་དཔལ་རྒྱ་མཚོའི་སྙན་ཞུའི་རྩོམ་རིག《འདི་ནི་དམར་དམག་འགྲོ་བའི་ཡུལ་ལུང་ཡིན》། གཡང་མཚོའི་ལྷུག་རྩོམ《ལུང་གཤོང》། འཇིགས་མེད་རྡོ་རྗེའི་བོད་རྒྱ་འགྱུར་མའི་བརྩམས་ཆོས་དག་ལ་གཟེངས་རྟགས་ཐོབ།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།