སྐབས་བཅུ་བཞི་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ནོར་ཝེའི་པིར་ཀིན་དུ་འཚོགས་པ།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2016-06-21 21:19:09    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

                 5.jpg

    སྐབས་བཅུ་བཞི་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དེ་མཛེས་སྡུག་ཡིད་འོང་གི་ནོར་ཝེ་རྒྱལ་ཁབ་ནས་འཚོགས་ཤིང་། ༢༠༡༦ལོའི་ཟླ༦པའི་ཚེས༡༩ཉིན་གྱི་ཕྱི་དྲོ་ཆུ་ཚོད་གསུམ་པའི་སྟེང་། ནོར་ཝེའི་པིར་ཀིན་སློབ་ཆེན་ནས་ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོ་སྤེལ་ཞིང་། ཚོགས་ཐོག་ཏུ་ཐེངས་འདིའི་ཚོགས་པའི་ལས་སྒྲུབ་པ་གཙོ་བོ་ལྕམ་Hanna Havnevikཡིས་ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་དང་། གོ་རིམ། དོན་སྙིང་སོགས་ཀྱི་ཆ་ནས་གསུང་བཤད་གནང་བ་དང་། དེ་མིན་པིར་ཀིན་སློབ་གྲྭ་ཆེན་མོ་དང་། ཨོ་སི་ལོའུ་སློབ་གྲྭ་ཆེན་མོའི་སྐུ་ཚབ་ཀྱིས་གསུང་བཤད་གནང་་བར་མ་ཟད། རྒྱལ་སྤྱིའི་བོད་རིག་པ་ཚོགས་ཆེན་གྱི་ཚོགས་གཙོ་ཤཱཀྱ་ཚེ་རིང་གིས་གསུང་བཤད་གནང་། ཚོགས་འདུའི་བར་གསེང་དུ་བོད་ཀྱི་གཞས་མ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་ཚོགས་ཞུགས་མི་སྣའི་རྣ་བའི་བདུད་རྩི་རུ་གསུང་སྐད་སྙན་མོའི་བོད་གཞས་གཉིས་གསོས་སུ་ཕུལ་བ་དང་། དེ་ནས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་Sarah Jacobyལགས་ཀྱིས་བོད་རིག་པ་དང་གཏམ་གླེང་གི་སྒྱུ་རྩལ་བྱ་བ་དང་། ཨོ་ཁི་སི་སློབ་གྲྭ་ཆེན་མོའི་ཞིབ་འཇུག་པ་བླ་མ་སྐྱབས་ལགས་ཀྱིས་བོད་ལ་འཇུག་པ། སྐད་ཡིག་སྲོག་ཤིང་དུ་བཟུང་ནས་ཤེས་བྱས་མ་བཤད་པ་དག་བཤད་པ་ཞེས་པའི་དཔྱད་རྩོམ་སྒྲོག་སྦྱངས་གནང་།
                 1.jpg

    ཐེངས་འདིའི་ཚོགས་འདུར་རྒྱལ་ཁབ་སོ་སོ་ནས་ཕེབས་ནས་མི་ལྔ་བརྒྱ་ལྷག་ཕེབས་ཤིང་། ཚོགས་འདུ་དེ༢༠༡༦ལོའི་ཟླ༦པའི་ཚེས༡༩ཉིན་ནས་༢༠༡༦ལོའི་ཟླ༦པའི་ཚེས༢༥བར་འཚོགས་རྒྱུ་རེད། རྗེས་ཀྱི་ཉིན་འགའི་རིང་ཚོགས་ཆུང་སོ་སོ་ནས་ཚོགས་ཞུགས་མི་སྣས་རང་རང་གི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཞིབ་འཇུག་གི་འབྲས་བུའི་དཔྱད་རྩོམ་སྒྲོག་སྦྱང་གིས་གཏམ་བཤད་གནང་དགོས་ཤིང་། ཚོགས་འདུར་རྒྱལ་ཁབ་ཕྱི་ནང་ཞིབ་འཇུག་པ་གྲགས་ཅན་མང་པོ་ཞིག་སླེབས་ཡོད་པས། འདི་ནི་བོད་རིག་པའི་ཞིབ་འཇུག་གར་སྟེགས་སྟེང་གི་ཁྱད་དུ་འཕགས་པ་དང་གྱ་ནོམ་པའི་དགྱེས་འཛོམས་ཆེན་མོ་ཞིག་ལགས་སོ། །

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།