དགེ་རྒན་ཆེན་མོ་Janet Gyatsoཡིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་།
རྩོམ་པ་པོ།      སྤེལ་དུས།  2016-04-04 22:44:21    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

      ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གིས་ཨ་རིའི་ཧ་ཝར་ཌ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་Janet Gyatso(杰妮特•嘉措)ལགས་གདན་འདྲེན་ཞུས་ཏེ་༢༠༡༦ལོའི་ཟླ༤པའི་ཚེས་༤ཉིན་གྱི་ཕྱི་དྲོའི་དུས་ཚོད་༧པར་འཆད་ཁྲིད་གནང་།
      ཐེངས་འདིར་དགེ་རྒན་ཆེན་མོ་Janet Gyatso(杰妮特•嘉措)ཡིས་ཐོག་མར་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་ཚོས་བོད་རིག་པར་ཞིབ་འཇུག་བྱས་པའི་གནས་ཚུལ་གླེང་སྟེ། མ་འོངས་པའི་བོད་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས་དང་མཉམ་འཇོག་དགོས་པའི་གནས་ཚུལ་དང་ཞིབ་འཇུག་གི་ཐབས་ལམ་འགའ་གླེང་བ་དང་། མཇུག་མཐར་ཁོ་མོས་ཉེ་ཆེར་བརྩམས་པའི་བོད་ཀྱི་གསོ་རིག་སྐོར་གྱི་བརྩམས་ཆོས་ངོ་སྤྲོད་བྱས།
      གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཞི་བའི་ཚེས་༡༡དང་ཚེས་༡༨ཉིན་གྱི་དགོང་མོར་ད་དུང་འཆད་ཁྲིད་ཐེངས་རེ་ཡོད་པར་བཤད།

          02.jpg

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།