སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་འཆད་ཁྲིད་བརྡ་སྦྱོར།
རྩོམ་པ་པོ།  ཆུ་སྐྱེས།    སྤེལ་དུས།  2016-04-03 16:52:19    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

 ༄༅།།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཉི་ཧོང་ཨོ་ཐ་ནི་གཙུག་ལག་སློབ་ཆེན་གྱི་མཚན་འཛིན་གཙུག་ལག་སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་པེ་ཅིང་དུ་གདན་ཞུ་ཞུས་ཏེ། ཟླ་གཅིག་གི་རིང་ལ་དཔེ་རྙིང་དགོངས་འགྲེལ་དང་ཞིབ་འཇུག་གི་ཐབས་ལམ་སྐོར་ནས་སློབ་ཁྲིད་གནང་རྒྱུ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གླིང་གིས་བཤད་པ་ལྟར་ན། འདི་ལྟ་བུའི་འཆད་ཁྲིད་སྤེལ་བའི་དམིགས་ཡུལ་ནི། ཕྱི་རྒྱལ་གྱི་བོད་ཡིག་དཔེ་རྙིང་ཞིབ་འཇུག་གི་གྲུབ་འབྲས་གསར་པའི་གནས་ཚུལ་ཤེས་རྟོགས་དང་།གཞུང་དོན་དགོངས་འགྲེལ་དང་དཔེ་རྙིང་གི་ཞིབ་འཇུག་གི་ནུས་པ་མཐོར་འདེགས་ཀྱིས་བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་གཏོང་བའི་ཆེད་དུ་ཡིན་པར་བཤད།
འཆད་ཁྲིད་ཀྱི་ཁ་བྱང་། དཔེ་རྙིང་དགོངས་འགྲེལ་དང་ཞིབ་འཇུག་གི་ཐབས་ལམ།(མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་གཞིར་བྱ་རྒྱུ།)
དུས་ཚོད། 2016ལོའི་ཟླ་4ཚེས་5ནས་ཟླ་4ཚེས་29བར་གྱི་བདུན་ཕྲག་རེའི་གཟའ་ཟླ་བ་ནས་པ་སངས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་14:00-17:00བར།
ས་གནས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བརྩེགས་དང་པོའི་ནུབ་ཀྱི་ཚོགས་ཁང་།
འཆད་ཁྲིད་ཀྱི་སྐད་ཡིག བོད་སྐད།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།