2015ལོའི་ཟླ10པའི་ཚེས་9ནས་11བར་བོད་ཀྱི་མཁས་དབང་ཆེན་མོ་ཆོས་རྒྱལ་ནམ་མཁའི་ནོར་བུ་ལགས་ཀྱིས་པེ་ཅིང་དུ་བོད་ཀྱི་རྫོགས་པ་ཆེན་མོའི་འཆད་ཁྲིད་གནང་བ་སོགས་ཀྱི་བྱ་འགུལ་སྤེལ་བ་སྟེ། 2015ལོའི་ཟླ10པའི་ཚེས9ཉིན། པེ་ཅིང་སློབ་གྲྭ་ཆེན་མོའི་དབྱིན་ཅེ་བྱ་འགུལ་བརྗེ་རེས་ལྟེ་གནས་སུ་ཨ་ཏི་ཡོ་ག་སྟེ། རྣལ་འབྱོར་སྤྱོད་པའི་ལྟ་སྤྱོད་དང་ཉམས་ལེན་སྐོར་གྱི་འཆད་ཁྲིད་གནང་ཞིང་། ཚོགས་ཐོག་ཏུ་པེ་ཅིང་གི་ལས་ཁུངས་དང་སློབ་གྲྭ་སོ་སོའི་མི་སྣ་མང་པོ་འཆད་ཁྲིད་ལ་ཞུགས་ཏེ་ཨ་ཏི་ཡོ་གའི་སྐོར་གྱི་ལྟ་བ་ཕན་ཚུན་བརྗེ་རེས་ཀྱིས་དྲི་བ་དྲིས་ལན་ཞུས་ཤིང་། མཇུག་མཐར་ཆོས་རྒྱལ་ནམ་མཁའི་ནོར་བུ་ལགས་ཀྱིས་བོད་ཀྱི་ན་གཞོན་རྣམས་ཀྱིས་རང་གི་སྐད་དང་ཡི་གེར་སློབ་གཉེར་བྱེད་རྒྱུར་འབད་པ་བྱེད་དགོས་པའི་གལ་ཆེན་རང་བཞིན་ནན་གྱིས་གསུངས་པའོ། །
2015ལོའི་ཟླ10པའི་ཚེས་10ཉིན། པེ་ཅིང་གི་མ་སྐྱེས་ཨ་མ་ཞེས་པའི་བོད་ཟས་གསོལ་མགྲོན་ཁང་དུ་ཁོང་ཉིད་ཀྱི་རྒྱ་རིགས་ཀྱི་སློབ་མ་གཙོ་བྱས་པའི་སྤྱི་ཚོགས་ཀྱི་མི་སྣ་དང་ལྷན་དུ་ཁ་བརྡ་དང་བགྲོ་གླེང་གི་བྱ་འགུལ་སྤེལ་བ་དང་། 2015ལོའི་ཟླ10པའི་ཚེས11ཉིན། པེ་ཅིང་ཐུང་ཀྲིག་ཁུལ་སུང་ཀྲོང་གྲོང་བརྡལ་གྱི་སྒྱུ་རྩལ་གྲོང་སྡེའི་རི་མོ་ཁང་ཞིག་ཏུ་《རྫོགས་ཆེན་སྟེ། འཚོ་བའི་ཁྲོད་ཀྱི་རྟོགས་སད་ཀྱི་སྒྱུ་རྩལ》ཞེས་པའི་རི་མོ་འགྲེམས་སྟོན་གྱི་མཛད་སྒོ་སྤེལ་ཞིང་། འདིའི་ཉིན་འགྲེམས་སྟོན་ཁང་དུ་ཆོས་རྒྱལ་ནམ་མཁའི་ནོར་བུ་ལགས་ཀྱིས་པར་བརྒྱབ་པའི་པར་རིས་རྩ་ཆེན་དང་། འབྲེལ་ཡོད་ཀྱི་རིག་དངོས་རྩ་ཆེན། དེང་རབས་སྒྱུ་རྩལ་པས་གསལ་འགྲེལ་བྱས་པའི་རྟོགས་སད་ཀྱི་སྒྱུ་རྩལ་འགྲེམས་སྟོན་བྱས་པར་མ་ཟད། ཚོགས་ར་དངོས་སུ་རྡོ་རྗེའི་བྲོ་གར་འགྲེམས་སྟོན་ཕུན་སུམ་ཚོགས་པ་བྱས་པས། དེར་ཞུགས་ཀྱི་ཤེས་ལྡན་མི་སྣ་དག་གི་ཡིད་སེམས་དབང་མེད་དུ་བཀུགས། མཐར་ཆོས་རྒྱལ་ནམ་མཁའི་ནོར་བུ་ལགས་ཀྱིས་ཚོགས་ཞུགས་མི་སྣ་རེ་རེར་ལག་འཇུས་མཇལ་ཞུ་གནང་སྟེ་དྲན་རྟེན་གྱི་པར་བརྒྱབ་ནས་མཇུག་རྫོགས་སོ། །
- ཙོང་ཁའི་རིག་གནས་ཉིང་འདུས་ལྗོངས་རྒྱུའི་ལམ་ཐིག
- ལོ་གསར་ཤིས་ཚིག
- ཁྲི་ཀའི་མཛེས་ལྗོངས་གསར་བ་བརྒྱད་དང་མཛེས་ལྗོངས་གནས་རྙིང་བརྒྱད་ངོ་སྤྲོད་མདོར་བསྡུས།
- བོད་རིག་པ་ཞིབ་འཇུག་གི་དྲ་བའི་ཐོན་ཁུངས།
- 《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》
- ༄༅།།དུར་ལམ་གྱི་ཤེའུ་བང་སོ་དང་པོ་དང་དེའི་བདག་པོ།
- མདོ་སྨད་ཁྲི་ཀའི་གེ་སར་རིག་གནས་ཀྱི་རྟོག་ཞིབ།
- ༄༅།།ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུང་ཧོང་བོད་ཡིག་ཡིག་ཚགས་ཐེངས་དང་པོར་ལེགས་སྒྲིག་པར་བསྐ
- ༄༅།།ལྷ་ས་རུ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་བསུ་བ།
- དཔའ་ལུང་རྫོང་གི་རིམས་འགོག་དཔའ་མོ་ཆོས་སྐྱིད་སྒྲོལ་མ།
- བཙུན་པོ་དོན་འགྲུབ་ཀྱིས་བརྩམས་པའི་དེབ་གསར་༼ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ།༽
- མཚོ་སྔོན་ཁྲི་ཀའི་རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པའི་འགོ་ཚུགས་པ།
- ༼བོན་གྱི་ཤེས་རིག་ཚིག་མཛོད༽དངོས་སུ་འགྲེམ་སྤེལ་གནང་བ།
- ཁྲི་ཀ་སྐེ་བའི་སྔགས་ཁང་ཕུན་ཚོགས་བསམ་གཏན་གླིང་ནས་བཞི་བའི་སི་དྡྷིའི་སྒྲུབ་ཆེན་གྱི་ཆོས་ཐོག་འཚོགས།
- དམངས་སྲོལ་རིག་པ་སྤྱི་བཤད་ཅེས་པའི་དཔེ་དེབ་ཅིག་སྒོར་ཐོན་འདུག
- ལན་གྲུ་སློབ་གྲྭ་ཆེན་མོ་ནས་ཞིབ་འཇུག་པ་པ་ཚབ་པ་སངས་དབང་འདུས་དང་སློབ་དཔོན་ཆེན་མོ་ཧོ་ཝེས་རིག་གཞུང་འཆད་ཁྲི
- བོད་ཀྱི་མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་ལགས་ཀྱིས་པེ་ཅིང་དུ་རྫོགས་པ་ཆེན་མོའི་འཆད་ཁྲིད་གནང་བ།
- ནུབ་བྱང་མི་རིགས་སློབ་ཆེན་དུ་གཟའ་ཉི་མའི་དཔེ་ཀློག་གི་བྱེད་སྒོ་མུ་མཐུད་དུ་སྤེལ་བ།
- མཚོ་ལྷོ་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བ་ཁྲི་ཀའི་དགའ་ལྡན་དར་རྒྱས་གླིང་དུ་བསྡུས་པ།
- ལོ་སར་གྱི་ལེགས་སྐྱེས—《གཟི་མིག་དཔེ་ཚོགས》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།
དྲ་ཚིགས་འདིའི་པར་དབང་རྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
京ICP备2022012493号 QQ: 406771696