ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མུ་མཐུད་སློབ་གསོ་དང་ལས་རིགས་སློབ་གསོ་སློབ་གླིང་གི་༢༠༡༤ལོའི་སློབ་བསྡུའི་བརྡ་ཐོ།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མུ་མཐུད་སློབ་གསོ་དང་ལས་རིགས་སློབ་གསོ་སློབ་གླིང་ནི་སློབ་གྲྭ་ཡོངས་ཀྱི་དྲ་ངོས་སློབ་གསོ་དང་། དར་མའི་སློབ་གསོ། རང་སྦྱོང་རྒྱུགས་སྤྲོད། ལས་བྱེད་པ་གསོ་སྦྱོང་སོགས་ལ་དོ་དམ་བྱེད་པའི་སྡེ་ཁག་ཅིག་ཡིན་པར་མ་ཟད། ད་དུང་སློབ་གསོ་གཙོ་སྒྲུབ་ཀྱི་སྡེ་ཁག་ཅིག་ཀྱང་ཡིན་པས། ད་རེག་ཏུ་ནུབ་བྱང་མི་རིགས་ས་ཁུལ་ལ་བེད་ཆོད་ཅིང་སྡོད་ཚུགས་པའི་ཆེད་སྦྱོང་དང་དངོས་འཕར་གྱི་འཛིན་ཡིག་ཡོད་པའི་ཤེས་ལྡན་མི་སྣ་འབོར་ཆེན་སྐྱེད་སྲིང་བྱས། ད་ལྟ་ང་ཚོའི་སློབ་གླིང་ལ་རིགས་སྣ་ཚོགས་ཀྱི་སློབ་མ་༦༨༡༩ཡོད།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་༡༩༩༡ལོ་ནས་བཟུང་མཐོ་རིམ་རང་སྦྱོང་རྒྱུགས་སྤྲོད་སློབ་མ་བསྡུ་བའི་མགོ་བརྩམས་ལ། ཀན་སུའུ་ཞིང་ཆེན་གྱི་རང་སྦྱོང་རྒྱུགས་སྤྲོད་སློབ་མ་བསྡུ་ཆེས་སྔ་ཞིང་སྟོབས་ཤུགས་ཀྱང་ཆེས་ཆེ་བའི་རྒྱུགས་ལེན་སློབ་གྲྭ་ཞིག་ཡིན། ད་ལོ་ཡང་རང་སྦྱོང་རྒྱུགས་སྤྲོད་ཀྱི་སློབ་མ་མུ་མཐུད་དུ་བསྡུ་རྩིས་ཡོད་ལ། བོད་ཀྱི་རིག་གནས་ཐད་ནས། ད་ལོར་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་སྦྱོང་སློབ་མ་༤༠༠དང་དངོས་འཕར་སློབ་མ་༡༠༠བསྡུ་རྒྱུ་ཡིན་པར་མ་ཟད། ཐང་གའི་སྒྱུ་རྩལ་གྱི་ཆེད་སྦྱོང་སློབ་མ་༥༠ཡང་བསྡུ་རྩིས་ཡོད་པས། སློབ་གྲྭར་འགྲིམས་འདོད་པ་རྣམས་ཀྱིས་རང་གི་དགའ་ཕྱོགས་ལྟར་མིང་ཐོ་འགོད་ཆོག ཆ་རྐྱེན་དང་མིང་ཐོ་འགོད་སྟངས་སོགས་གཤམ་གསལ།
བསྡུ་བྱའི་སློབ་མ། ཆེད་སྦྱོང་ལ་མཐོ་འབྲིང་དང་ཆེད་གཉེར་སློབ་འབྲིང་གི་འཛིན་ཡིག་ཡོད་པ་དང་། དངོས་འཕར་ལ་ཆེད་སྦྱོང་གི་འཛིན་ཡིག་ཡོད་པའི་མཐར་ཕྱིན་སློབ་མ་དང་ལས་ཐོག་མི་སྣ།
དྲ་ངོས་ནས་མིང་ཐོ་འགོད་པའི་དུས་ཚོད། ༢༠༡༤ལོའི་ཟླ་༧ཚེས་༡༥ཉིན་ནས་ཟླ་༨ཚེས་༢༥ཉིན་བར།
མིང་ཐོ་འགོད་པའི་དྲ་གནས། dwzy.xbmu.edu.cn/chy/
དངོས་སུ་འབྱོར་ཐོ་འགོད་པའི་དུས་ཚོད། ༢༠༡༤ལོའི་ཟླ་༩ཚེས་༡༣ཉིན་ནས་༡༤ཉིན་འབྱོར་ཐོ་འགོད་པ་དང་། ཚེས་༡༥ཉིན་ནས་བཟུང་དམག་སྦྱོང་གི་འགོ་འཛིན་རྒྱུ།
དངོས་སུ་འབྱོར་ཐོ་འགོད་སྐབས། རང་ཉིད་ཀྱི་ཐོབ་ཐང་དཔང་ཡིག་དང་མཐར་ཕྱིན་འཛིན་ཡིག་གི་མ་ཡིག་དང་བསྐྱར་དཔར་རེ་ཁྱེར་ཡོང་དགོས་ལ། ད་ལོ་མཐོ་རྒྱུགས་ལ་ཞུགས་མཁན་གྱིས་མཐོ་རྒྱུགས་ཀྱི་སྐར་ཐོ་ཡང་ཁྱེར་ཡོང་དགོས་པ་དང་། ཆེད་སྦྱོང་འདོན་བཞིན་པའི་སློབ་མས་དངོས་འཕར་ལ་མིང་ཐོ་འགོད་སྐབས་ཆེད་སྦྱོང་འདོན་སའི་སློབ་གྲྭའི་བདེན་དཔང་ཁྱེར་ཡོང་དགོས།
སློབ་ཡོན་ལེན་སྟངས། རིན་གོང་གཏན་འཁེལ་ལས་ཁུངས་ཀྱི་ཐག་བཅད་ལྟར་བསྡུ་རྒྱུ།
འབྲེལ་གཏུག་བྱེད་ས། 林润年
འབྲེལ་གཏུག་ཁ་པར། 0931-2938171 13913812220
- བོད་ཀྱི་མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་ལགས་ཀྱིས་པེ་ཅིང་དུ་རྫོགས་པ་ཆེན་མོའི་འཆད་ཁྲིད་གནང་བ།
- ཀྲུང་གོའི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་དངོས་སུ་འཚོགས་པ།
- རྒྱལ་སྤྱིའི་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་འཚོག་གྲབས་ཡོད་པ།
- གཡང་ཚང་དྲ་བ་ཚོད་གཏོང་བྱས་པ།
- ཁྲི་ཀ་རྫོང་གི་དྲུག་པའི་ལྷ་རྩེ་དུས་ལྟར་དུ་སྤེལ།
- མཚོ་ཤར་གྲོང་ཁྱེར་གྱི་བོད་བརྒྱུད་ནང་བསྟན་བགྲོ་ཚོགས་སྐབས་ལྔ་པ་དེ་མདོ་སྨད་དྷཱིཿཚ་དགོན་ཆེན་དུ་བསྡུས་པ།
- བླ་ཆེན་དགོངས་པ་རབ་གསལ་གྱི་རྗེས་དྲན་ལྷ་ཁང་གསར་བཞེངས་ཀྱི་ཆེད་མཁས་བགྲོ་གླེང་ཚོགས་འདུ་ཞོན་ཧྭ་རྫོང་དུ་བསྡུས་པ།
- རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བཅུ་བཞི་བའི་གསལ་བརྡ།
- ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་གངས་རིའི་རང་སྒྲ་ཞེས་པའི་ཟླ་མཇུག་དགོང་ཚོགས་བསྡུས་པ།
- གློག་བརྙན་<<ཐར་ལོའི་>>ཕབ་སྐྲུན་མཛད་སྒོ་ཁྲི་ཀ་ནས་བསྡུས་པ།
- མཚོ་སྔོན་ཁྲི་ཀའི་རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པའི་འགོ་ཚུགས་པ།
- ཁྲི་ཀ་སྐེ་བའི་སྔགས་ཁང་ཕུན་ཚོགས་བསམ་གཏན་གླིང་ནས་བཞི་བའི་སི་དྡྷིའི་སྒྲུབ་ཆེན་གྱི་ཆོས་ཐོག་འཚོགས།
- མཚོ་ལྷོ་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བ་ཁྲི་ཀའི་དགའ་ལྡན་དར་རྒྱས་གླིང་དུ་བསྡུས་པ།
- ནུབ་བྱང་མི་རིགས་སློབ་ཆེན་དུ་གཟའ་ཉི་མའི་དཔེ་ཀློག་གི་བྱེད་སྒོ་མུ་མཐུད་དུ་སྤེལ་བ།
- ༼བོན་གྱི་ཤེས་རིག་ཚིག་མཛོད༽དངོས་སུ་འགྲེམ་སྤེལ་གནང་བ།
- ང་ཚོའི་འབྲེལ་གཏུགས་བྱེད་སྟངས།(པར)
- ལོ་སར་གྱི་ལེགས་སྐྱེས—《གཟི་མིག་དཔེ་ཚོགས》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།
- དམངས་སྲོལ་རིག་པ་སྤྱི་བཤད་ཅེས་པའི་དཔེ་དེབ་ཅིག་སྒོར་ཐོན་འདུག
- ལན་གྲུ་སློབ་གྲྭ་ཆེན་མོ་ནས་ཞིབ་འཇུག་པ་པ་ཚབ་པ་སངས་དབང་འདུས་དང་སློབ་དཔོན་ཆེན་མོ་ཧོ་ཝེས་རིག་གཞུང་འཆད་ཁྲིད་གནང་རྒྱུའི་འཕྲིན་གསར།
- རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་ཨོ་ལན་པཱ་ཐུར་ལ་འཚོགས་གཏན་འཁེལ་བ།
དྲ་ཚིགས་འདིའི་པར་དབང་རྨ་ཡུལ་ཁྲི་ཀའི་རིག་གནས་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
青ICP备12000378号 QQ: 406771696