དམངས་སྲོལ་རིག་པ་སྤྱི་བཤད་ཅེས་པའི་དཔེ་དེབ་ཅིག་སྒོར་ཐོན་འདུག
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2013-09-04 14:46:58    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

                                    དམངས་སྲོལ་རིག་པ་སྤྱི་བཤད།

              111.jpg

                རྩོམ་པ་པོ།  སྒང་རྒྱལ་མཚན་ཚེ་རིང་།

                དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་།

               W020110422548751719369.jpg   

     སྒང་རྒྱལ་མཚན་ཚེ་རིང་ནི་མཚོ་སྔོན་ཁྲི་ཀ་གླིང་ཚ་སྡེ་བ་རུ་སྐྱེས།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་གྱི་དགེ་རྒན་ཆེན་མོ་བ། ད་ལྟ་དམངས་སྲོལ་རིག་པ་དང་གེ་སར་དམངས་སྲོལ་ཞིབ་འཇུག་ལ་སོགས་དཔེ་དེབ་བརྒྱད་ཙམ་བརྩམས་བསྒྱུར་བསྒྲིགས་གསུམ་དང་། བོད་རྒྱ་ཡིག་རིགས་གཉིས་ཀའི་ཐོག་ནས་དཔྱད་རྩོམ་དྲུག་ཅུ་ལྷག་སྤེལ་ཡོད།

    ༼དམངས་སྲོལ་རིག་པ་སྤྱི་བཤད༽ཅེས་པའི་དཔེ་དེབ་འདི་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་སྒང་རྒྱལ་མཚན་ཚེ་རིང་གིས་བརྩམས་ཤིང་། དེབ་ཧྲིལ་བོ་ལེའུ་དགུར་དབྱེ་ཡོད། རྩོམ་པ་པོ་ཁོང་ཉིད་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་བོད་ཀྱི་དམངས་སྲོལ་རིག་གནས་ལ་དཔྱད་པ་དང་རྒྱལ་ཁབ་ཕྱི་ནང་གི་དམངས་སྲོལ་རིག་པ་དང་མི་རིགས་རིག་པའི་གཞུང་ལུགས་ལ་སྦྱངས་པ་བྱས་ཐོག བོད་རང་ལ་དམངས་སྲོལ་རིག་པའི་གཞུང་ལུགས་ཐད་ཀྱི་དཔེ་དེབ་ཅིག་མཁོ་བའི་འདོད་བློ་དྲག་ཏུ་སྐྱེས་ཏེ་དཔེ་ཆ་འདི་བརྩམས་པ་རེད།  དམངས་སྲོལ་རིག་པ་ནི་དམངས་ཁྲོད་ཀྱི་ཆེས་ཁྱད་ཆོས་ལྡན་པ་དང་ཆེས་རྩ་བའི་རིག་གནས་ལ་དཔྱོད་བྱེད་དང་རྒྱལ་ཁབ་ཕྱི་ནང་དུ་ཤིན་ཏུ་དར་ཁྱབ་ཆེ་བའི་རིག་གཞུང་ཞིག་ཡིན། དེབ་འདི་ནི་བོད་ཀྱི་དམངས་སྲོག་རིག་པའི་གཞུང་ལུགས་ཐད་ཀྱི་དཔེ་དེབ་དང་པོ་ཡིན་ཞིང་། དེས་བོད་ཀྱི་དམངས་སྲོལ་ལ་དཔྱད་པ་བགྱི་བའི་མཁས་དབང་དང་ཤེས་ལྡན་པ་རྣམས་ལ་ཟས་མཆོག་ཅིག་བསྩལ་ལོ།  

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།