ཁྲི་ཀ་སྐེ་བའི་སྔགས་ཁང་ཕུན་ཚོགས་བསམ་གཏན་གླིང་ནས་བཞི་བའི་སི་དྡྷིའི་སྒྲུབ་ཆེན་གྱི་ཆོས་ཐོག་འཚོགས།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2013-05-23 22:31:12    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

        གསེར་ལྡན་ཆུ་བོ་འབབ་པའི་གཡས་རོལ། ས་འཛིན་ལྷུན་པོ་ལ་དཀར་ཕྱོགས་སྐྱོང་བའི་སྐྱེས་ལྷ་བདུད་འདུལ་སྲིན་པོའི་རྫ་རིའི་འདབས་རོལ། རྨ་ཡུལ་ཁྲི་ཀའི་ཤར་ཕྱོགས་སུ་རྫ་མགོ་གཡའ་སྤང་སྨན་གྱིས་གང་བ། རྫ་སྐེད་ལྗོན་ཤིང་ནགས་ཚལ་རྒྱས་པ། རྫ་སྨད་ས་གཞི་མེ་ཏོག་འབྲུ་དྲུག་འཁྲུངས་པ། འབྲི་མ་མོ་རྒོད་མ་གསུམ་གྱི་འཕེལ་ཁ་དར་ས། རོང་མ་འབྲོག་གི་ས་ཆ་སྐེ་བའི་སྔགས་ཁང་ཕུན་ཚོགས་བསམ་གཏན་གླིང་ནས་ཟླ་བཞི་པའི་ཚེས་བདུན་ཉིན་ནས་ཚེས་བཅུ་གསུམ་ཉིན་གྱི་རིང་ལ་གུ་རུ་སིདྡྷིའི་སྒྲུབ་ཆེན་འཚོགས། 

                                          IMG_3593_副本.jpg

                                                               བཤགས་པ་བྱེད་པ། 
     སི་དྡྷིའི་སྒྲུབ་ཆེན་གྱི་ཆོས་ཚོགས་འདི་ནི་ཐོག་མར་དོ་རྒྱའི་དཔོན་པོ་བཀྲ་ཤིས་རྣམ་རྒྱལ་གྱི་རྒྱབ་སྐྱོར་འོག་དགུ་རོང་སྣ་ཚོགས་རང་གྲོལ་གྱིས་མེ་སྤྲུལ་ལོར་ཐོག་མར་བཙུགས་ཤིང་། ལོ་གསུམ་ལ་བསྟན་པའི་མ་དགོན་ཨ་ཆུང་རྣམ་རྫོང་ནས་འཚོགས། དེའི་རྗེས་སུ་འགྲིམ་འགྲིལ་སོགས་ཀྱི་དབང་གིས་ཕྱོགས་ཁ་༼དོ་རྒྱ། སྐེ་བ།  ཁམས་ར།༽གསུམ་ནས་རེས་མོས་སྒོས་འཁོར་རྒྱུ་གཏན་འབེབས་བྱས། ང་བརྒྱད་ཀྱི་རྗེས་སུ་བཞི་པའི་ཆོས་ཐོག་གི་མཚམས་ཆད། ལོ་རབས་བརྒྱད་ཅུའི་ནང་དུ་ཆོས་ལུགས་སླར་གསོའི་མགོ་བརྩམས་ཤིང་། དེ་དུས་སྤྲུལ་སྐུ་གྲོལ་ལོས་རོགས་སྐྱོར་མཛད་དེ་བཞི་པའི་ཆོས་ཐོག་གི་མགོ་སླར་བཙུགས་ཤིང་ཐོག་མར་ཨ་ཆུང་གནམ་རྫོང་ནས་བསྡུས།
       ད་ལོར་སྐེ་བ་སྔགས་ཁང་ཕུན་ཚོགས་བསམ་གཏན་གླིང་ནས་འཚོགས་ཤིང་སྐེ་བའི་སྔགས་པ་དྲུག་ཅུ་ལྷག་དང་དོ་རྒྱའི་སྔགས་པ་བཅུ་བདུན། ཁམས་རའི་སྔགས་པ་བཅུ་ཙམ་བཅས་སྤྱི་བསྡོམས་པའི་སྔགས་པ་དགུ་བཅུ་ཙམ་ཡོད། ཕྱི་ལོ་ཁམས་རའི་ཨ་ཆུང་གནམ་རྫོང་ནས་འཚོག་དགོས་པའོ།།

 

IMG_3503_副本.jpg

ནང་འཆམ་ལྡིང་བཞིན་པ།

    IMG_4406.JPG

            འབག་འཆམ་རྩེ་བཞིན་པ།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།