«སྡེ་སྣོད་མཛོད»རྒྱ་འགྱུར་མ་དཔར་སྐྲུན་ལེགས་གྲུབ་བྱུང་འདུག
རྩོམ་པ་པོ།  མཁར་ནག་སྐལ་བཟང་།    སྤེལ་དུས།  2013-01-18 15:13:34    རྡེབ་ཚད།     ཡོང་ཁུངས། དྲ་ཚིགས་གཞན།

 2013010801332713.jpg

                                                                                      མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང ་ནས་«སྡེ་སྣོད་མཛོད»རྒྱ་འགྱུར་མ་དཔར་དུ་བསྐྲུན་པ།

2013010801484062.jpg

 དེ་ཡང་ཤར་རྫ་རིན་པོ་ཆེའི་མཛོད་ལྔའི་ཡ་གྱལ་«སྡེ་སྣོད་རིན་པོ་ཆེ་མཛོད»ཡིད་བཞིན་འབྱུང་བའི་གཏེར་གླེགས་བམ་གཉིས་ཀྱི་བདག་ཉིད་ཅན་འདི། མཁར་ནག་སྐལ་བཟང་རྒྱ་མཚོས་༢༠༠༣ལོ་ནས་མགོ་བརྩམས་ཏེ་ལོ་འགའི་རིང་ལ་དཀའ་སྤྱད་ཀྱི་རྒྱ་ཡིག་ཏུ་བསྒྱུར་བ་དང་། ༢༠༠༧ལོར་ཡོངས་སུ་བསྒྱུར་ཚར་ན་ཡང་། ལོ་འགའ་ལ་དཔར་སྐྲུན་བྱེད་མ་ཐུབ་ནས་འགོར་འགྱང་དུ་ལུས་སོང་། ༢༠༡༡ལོར་སྐུ་ཞབས་བསོད་བློ་བརྒྱུད་ནས་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ལ་འབྲེལ་གཏུག་བྱས་ཏེ། ད་ལོ་དཔར་སྐྲུན་འཆར་གཞི་རུ་བཞག་སྟེ་ད་ལྟ་དཔར་དུ་བསྐྲུན་ཚར་ནས་འགྲེམ་སྤེལ་བྱེད་བཞིན་ཡོད། དེ་ཡང་«སྡེ་སྣོད་མཛོད»རྒྱ་བསྒྱུར་མ་འདི་ལ་ཡིག་གྲངས་བཞི་འབུམ་ཉེ་ལ་ཡོད་པ་དང་། ཤོག་གུའི་དྲས་ཁ་བཅུ་དྲུག་ཅན་ཆུང་བ་ཡིན་ཞིང་ཤོག་ལྷེ་བཞི་བརྒྱ་མ་བུད་ཙམ་ཡོད། འདི་དཔར་སྐྲུན་བྱེད་སྐབས་དེང་ཐོག་དེབ་གྲངས་ཆིག་སྟོང་ལས་དཔར་རྩིས་མེད་ཀྱང་། རྗེས་ནས་རྩོམ་སྒྲིག་པུའུའི་ཀྲུའུ་རིན་སྐུ་ཞབས་ཏཱེ་ཧྥ་བང་གིས་ཤིན་ཏུ་ལེགས་པར་མཐོང་ནས་ཁོ་ཚོ་དཔེ་སྐྲུན་ཁང་གིས་དེབ་སུམ་སྟོང་དཔར་རྒྱུ་དང་འགྲེམ་སྤེལ་བྱ་རྒྱུའི་གྲོས་གཞི་བཏོན། ཁོ་ཚོའི་རེ་བ་ལྟར་རིན་མེད་ཀྱིས་དཔར་དུ་བཅུག་པ་ཡིན་པས་ད་ལྟ་དེབ་བཞི་སྟོང་དཔར་ནས་འགྲེམ་སྤེལ་བྱེད་བཞིན་པ་རེད། དེ་ལ་དཔེ་སྐྲུན་ཁང་གིས་དཔར་བའི་དེབ་སུམ་སྟོང་དེ་ནི་རྒྱལ་ཡོངས་ཀྱི་དཔེ་ཁང་སོ་སོར་དགྲམ་རྒྱུ་ཡིན་པ་དང་། ཁོ་བོས་ཚར་ཆིག་སྟོང་དེ་རང་ཉིད་ནས་ཐབས་ཤེས་གཏོང་དགོས་པ་རེད། དེ་ན་པེ་ཅིན་གྲོང་ཁྱེར་ནས་ཨ་གྲགས་བླ་མ་ཤེས་རབ་དཔལ་ཆེན་ལགས་བརྒྱུད་ནས་འགྲེམ་སྤེལ་བྱ་རྒྱུ་དང་། ཁྲིན་ཏུའི་ཕྱོགས་སུ་གཡང་གི་ཕྱུག་མོ་དཔེ་ཁང་ནས་ཀུན་ཐར་མཚོ་བརྒྱུད་ནས་འགྲེམ་སྤེལ་བྱ་རྒྱུ། ཁྱུང་པོ་ཕྱོགས་ནས་ཀོ་དགོན་སྒྲུབ་གྲྭའི་མཁན་པོ་དགེ་ལེགས་ཚུལ་ཁྲིམས་བརྒྱུད་ནས་འགྲེམ་སྤེལ་བྱ་རྒྱུ། ཟིང་ཆུ་རྫོང་ཕྱོགས་ནས་མཁན་པོ་བླ་མ་ཚེ་རིང་ལགས་ནས་འགྲེམ་སྤེལ་བྱ་རྒྱུ། ལའོ་ཉིན་ཞིང་ཆེན་ཕྱོགས་ནས་ཡེ་ཤེས་དགོན་པའི་དགེ་བཤེས་གཡུང་དྲུང་རྒྱལ་མཚན་བརྒྱུད་ནས་ཀྲུག་ཕེན་ལགས་ཀྱིས་འགྲེམ་སྤེལ་བྱ་རྒྱུ། ཀོང་ཀྲིག་ཕྱོགས་ནས་དགེ་བཤེས་ཅ་ཁོ་བརྒྱུད་ནས་བློ་མཐུན་ལེའུ་དན་ལགས་ནས་འགྲེམ་སྤེལ་བྱ་རྩིས་ཡོད་པས། དེབ་འདི་བླུ་འདོད་ཀྱི་གྲོགས་པོ་ཚོས་རང་རང་གང་ལ་སྟབས་བདེ་ན་དེ་ནས་བླུས་ཆོག ད་དུང་དེ་དག་གང་ལའང་སྟབས་བདེ་བོ་མེད་པའམ་ཡང་ན་དེབ་གྲངས་མང་ཙམ་དགོས་ཚེ་ཐད་ཀར་འབྲེལ་གཏུག་བྱས་ཀྱང་ཆོག་པ་རེད། གཞན་དེབ་འདི་འགྲེལ་སྤེལ་ཐད་ལ་གྲོགས་དན་བྱ་འདོད་མཁན་ཡོད་ཚེ་ཡང་གཤམ་གྱི་ལག་ཕྲིན་ལས་གང་ལ་སྟབས་བདེ་ན་དེ་ལ་འབྲེལ་གཏུག་བྱས་ཆོག

ཨ་གྲགས་ཚང་།   ༡༣༩༡༡༨༠༦༥༩༣                                    མཁན་དགེ་ལེགས་ཚུལ་ཁྲིམས།  ༡༣༦༥༩༥༥༣༤༤༤
མཁན་པོ་བླ་མ་ཚེ་རིང་།   ༡༣༥༥༡༧༧༢༩༩༩                       ཀུན་ཐར་མཚོ།  ༡༣༨༨༡༨༡༧༢༡༠
དགེ་བཤེས་གཡུང་དྲུང་རྒྱལ་མཚན།  ༡༣༥༥༠༣༦༩༦༧༨        ཀྲུག་ཕེན།  
周萍   ༡༣༩༠༩༨༥༧༢༠༠
ལེའུ་དན།  ༡༨༩༢༥༡༨༤༡༡༢                                            མཁར་ནག་ཚང་། ༡༣༩༩༧༤༤༢༢༣༩
2013010801485939.jpg    2013010801484062.jpg    

 

 

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།