ཟླ10བའི་ཚེས22ཉིན།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བ་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོའི་དགའ་ལྡན་དར་རྒྱས་གླིང་དུ་བསྡུས་ཤིང་། མཚོ་ལྷོའི་བུ་རྒུ་དགོན་དང་། མཚམས་ཐོག་ཞོལ་མ་དགོན། གསེར་ལག་དགོན།གཙང་དགོན་པ།མཐོ་ལས་དགོན་པ་སོགས་དགོན་སྡེ22ནས་ཡོང་བའི་བླ་སྤྲུལ་དང་གྲྭ་བཙུན300ལྷག་ཆོས་ཐོག་ཏུ་ཞུགས་པ་རེད།
ཐེངས་འདིའི་འཇང་དགུན་ཆོས་ཆེན་མོ་ནི་ཉིན་བརྒྱད་རིང་དུ་སྤེལ་ཞིང་། ཆོས་ཚོགས་འདི་ལ་གྲུབ་མཐའི་ཕྱོགས་ཞེན་གྱི་མོས་འདུན་རིང་དུ་དོར་ནས་གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་དགེ་ལུགས་དང་ས་སྐྱ། བོན་པོ། རྙིང་མ་སོགས་གཞི་གཅིག་ཏུ་འཛོམ་ནས་རིགས་ལམ་གྱི་སྤྱི་འགྲོས་ལྟར་གཞུང་བརྒྱ་བགྲོ་གླེང་བྱས། དེའི་ནང་དུ་ད་ལན་བོན་གྱི་གྲྭ་བ་ཚོ་ཡང་རང་རང་གིས་ཐེག་ཚོད་ལྟར་རང་ལྟ་མི་ཆགས་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་རྣམ་དཔྱོད་ཀྱི་རིགས་པ་སྟོང་ཕྲག་ཐལ་བར་དུ་དྲངས་ནས་གཤེན་རབ་ཀྱི་བསྟན་པ་འཆད་སྤེལ་བྱེད་པའི་སྐལ་བ་ཐོབ་བོ།།
དེ་མ་ཟད་ཆོས་ཐོག་ཏུ་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་དང་།མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་ཟླ་བ་ལགས། དགེ་རྒན་ཆེན་མོ་དགེ་འདུན།འབུམ་རམས་པ་རྡོ་རྗེ་སོགས་བོད་རིག་པའི་ཆེད་མཁས་པ་རྣམས་གདན་དྲངས་ཏེ་བོད་བརྒྱུད་ནང་བསྟན་དང་འགྲོ་བ་སེམས་ཅན་གྱི་ཞི་བདེ་དང་།ཚད་མ་རིག་པའི་ཞིབ་འཇུག་དང་མ་འོངས་འཕེལ་ཕྱོགས་སོགས་ཀྱི་བརྗོད་གཞི་དང་འབྲེལ་ནས་འཆད་ཁྲིད་གནང་།
གསལ་བཤད། གསར་འཕྲིན་འདི་ཧི་མ་ལ་ཡའི་བོན་དང་མཚོ་སྔོན་པོའི་དྲ་བ་གཉིས་ལས་བཏུས་ཏེ་རྩོམ་སྒྲིག་བྱས་པས་ཆེད་དུ་དགོངས་འགལ་མེད་པར་ཞུས་པ་ཡིན།
- ཙོང་ཁའི་རིག་གནས་ཉིང་འདུས་ལྗོངས་རྒྱུའི་ལམ་ཐིག
- ལོ་གསར་ཤིས་ཚིག
- ཁྲི་ཀའི་མཛེས་ལྗོངས་གསར་བ་བརྒྱད་དང་མཛེས་ལྗོངས་གནས་རྙིང་བརྒྱད་ངོ་སྤྲོད་མདོར་བསྡུས།
- བོད་རིག་པ་ཞིབ་འཇུག་གི་དྲ་བའི་ཐོན་ཁུངས།
- 《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》
- ༄༅།།དུར་ལམ་གྱི་ཤེའུ་བང་སོ་དང་པོ་དང་དེའི་བདག་པོ།
- མདོ་སྨད་ཁྲི་ཀའི་གེ་སར་རིག་གནས་ཀྱི་རྟོག་ཞིབ།
- ༄༅།།ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུང་ཧོང་བོད་ཡིག་ཡིག་ཚགས་ཐེངས་དང་པོར་ལེགས་སྒྲིག་པར་བསྐ
- ༄༅།།ལྷ་ས་རུ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་བསུ་བ།
- དཔའ་ལུང་རྫོང་གི་རིམས་འགོག་དཔའ་མོ་ཆོས་སྐྱིད་སྒྲོལ་མ།
- བཙུན་པོ་དོན་འགྲུབ་ཀྱིས་བརྩམས་པའི་དེབ་གསར་༼ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ།༽
- མཚོ་སྔོན་ཁྲི་ཀའི་རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པའི་འགོ་ཚུགས་པ།
- ༼བོན་གྱི་ཤེས་རིག་ཚིག་མཛོད༽དངོས་སུ་འགྲེམ་སྤེལ་གནང་བ།
- ཁྲི་ཀ་སྐེ་བའི་སྔགས་ཁང་ཕུན་ཚོགས་བསམ་གཏན་གླིང་ནས་བཞི་བའི་སི་དྡྷིའི་སྒྲུབ་ཆེན་གྱི་ཆོས་ཐོག་འཚོགས།
- དམངས་སྲོལ་རིག་པ་སྤྱི་བཤད་ཅེས་པའི་དཔེ་དེབ་ཅིག་སྒོར་ཐོན་འདུག
- ལན་གྲུ་སློབ་གྲྭ་ཆེན་མོ་ནས་ཞིབ་འཇུག་པ་པ་ཚབ་པ་སངས་དབང་འདུས་དང་སློབ་དཔོན་ཆེན་མོ་ཧོ་ཝེས་རིག་གཞུང་འཆད་ཁྲི
- བོད་ཀྱི་མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་ལགས་ཀྱིས་པེ་ཅིང་དུ་རྫོགས་པ་ཆེན་མོའི་འཆད་ཁྲིད་གནང་བ།
- ནུབ་བྱང་མི་རིགས་སློབ་ཆེན་དུ་གཟའ་ཉི་མའི་དཔེ་ཀློག་གི་བྱེད་སྒོ་མུ་མཐུད་དུ་སྤེལ་བ།
- མཚོ་ལྷོ་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བ་ཁྲི་ཀའི་དགའ་ལྡན་དར་རྒྱས་གླིང་དུ་བསྡུས་པ།
- ལོ་སར་གྱི་ལེགས་སྐྱེས—《གཟི་མིག་དཔེ་ཚོགས》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།
དྲ་ཚིགས་འདིའི་པར་དབང་རྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
京ICP备2022012493号 QQ: 406771696