སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ50འདུར་རྒྱུག་ཁྲོད་ཆོས་དབྱིངས་སྐྱིད་ལ་དངུལ་གྱི་རྟགས་མ་ཐོབ།
རྩོམ་པ་པོ།      སྤེལ་དུས།  2012-09-18 14:18:26    རྡེབ་ཚད།     ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

25_98_6b544d66e8b2bc0.jpg

ལུས་རྩལ་པ་ཆོས་དབྱིངས་སྐྱིད།

         ཟླ9བའི་ཚེས16ཉིན་གྱི་ཕྱི་དྲོ། སྐབས་དགུ་བའི་རྒྱལ་ཡོངས་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་མཆོང་རྒྱུག་འགྲན་བསྡུར་གྱིས་བུད་མེད་རུ་ཁག་ཁ་བའི་སྤྱི་ལེ50འདུར་རྒྱུག་གི་གསེར་དངུལ་ཟངས་ཀྱི་རྟགས་མ་རྩོད་པའི་བྱེད་སྒོ་སྤེལ་བ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་ལུས་རྩལ་གླིང་གི་སློབ་མ་ཆོས་དབྱིངས་སྐྱིད་ཀྱིས་ནུས་པ་གང་ལེགས་བཏོན་ནས་སྐར20དང་སྐར་ཆ67ལས་དངུལ་གྱི་རྟགས་མ་བླངས་པ་མ་ཟད་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཟིན་ཐོ་ལས་བརྒལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱེད་རུ་ཁག་ལ་གཟེངས་སུ་ཐོན་པའི་མཚན་སྙན་བླངས།
         འགྲན་བསྡུར་འགོ་བརྩམས་རྗེས། མི23བཞུགས་པའི་བུད་མེད་ཀྱི་སྤྱི་ལེ5ཡི་འདུར་རྒྱུག་ནི་ཁག་འགའི་རྣམ་པར་གྲུབ་ཅིང་། ཀོང་ཏུང་གི་ལི་ཧོང་དང་། ཐན་ཅིན་གྱི་རུ་མི་གཉིས། མཚོ་སྔོན་ཞིང་ཆེན་གྱི་ཆོས་དབྱིངས་སྐྱིད་བཅས་ནི་རུ་ཁག་དང་པོ་ནས་རྒྱུན་འཁྱོངས་བྱས་ཤིང་།  འགྲན་བསྡུར་སྤེལ་བ་དང་བསྟུན་ནས་རུ་ཁག་དང་པོ་དང་རུ་ཁག་གཞན་པའི་བར་བར་ཐག་ངེས་ཅན་བྱུང་ལ།  སྤྱི་ལེ4ཡི་མཚམས་སུ་ཆོས་དབྱིངས་སྐྱིད་ཀྱིས་མགྱོགས་ཚད་དྲག་ཏུ་བཏང་སྟེ་ཐན་ཅིན་གྱི་རུ་མི་ལས་བརྒལ་ཏེ་མཐར་སྐར20དང་སྐར་ཆ67བླངས་ཏེ་བྱ་དགའ་ཨང་གཉིས་པ་ཐོབ། 
         འགྲན་བསྡུར་མཇུག་རྫོགས་རྗེས། ཆོས་དབྱིངས་སྐྱིད་ཀྱིས་ཉིན་དེའི་གྲུབ་འབྲས་ལ་ཡིད་ཚིམ་པར་བརྗོད་དེ།  ཉེ་ལམ་ལུས་ཁམས་དེ་འདྲའི་ལེགས་པོ་མི་འདུག་པར་ཅུང་ཐང་ཆད་ཀྱི་འདུག  དེ་རིང་འདི་ལྟ་བུའི་གྲུབ་འབྲས་ལེན་ཐུབ་པར་དངོས་གནས་ཡིད་ཚིམ་པ་ཡིན།  སྤྱི་ལེ10ཡི་འགྲན་བསྡུར་ཁྲོད། མཚོ་སྔོན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་གྱི་ལུས་རྩལ་ལས་རིགས་ཀྱི་དོད་དུ་ངས་རང་ཉིད་ཀྱི་ནུས་པ་ཆེན་པོ་འདོན་ངེས་ཤིང་། འདུར་རྒྱུག་རྣམ་གྲངས་འདིར་རྩལ་གྱི་ཆ་རྐྱེན་ཤིན་ཏུ་མཐོ་བས། རྗེས་ཕྱོགས་ཀྱི་སྦྱོང་བརྡར་ཁྲོད་རྩལ་གྱི་ཆ་ནས་མཐོར་འདེགས་བྱེད་རྒྱུ་ཡིན་པར་བརྗོད།
         དགོང་མོ་དེར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་འགོ་གཙོ་ཝང་ཤོན་གྱིས་རྟེན་འབྲེལ་ཞུ་འཕྲིན་བཏང་སྟེ་ཆོས་དབྱིངས་སྐྱིད་ཀྱིས་བུད་མེད་རུ་ཁག་ཁ་བའི་འདུར་རྒྱུག་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་བླངས་ནས་མཚོ་སྔོན་གྱི་ཚབ་བྱེད་རུ་ཁག་ལ་གཟི་བརྗིད་བསྐྲུན་པར་རྟེན་འབྲེལ་ཞུས་ཤིང་།  དེ་དང་ཆབས་ཅིག  རྗེས་ཕྱོགས་ཀྱི་འགྲན་བསྡུར་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་རྣམས་ཀྱིས་མུ་མཐུད་དུ་རང་ཉིད་ཀྱི་ཆུ་ཚད་དང་སྤུས་ཚད་ངོམ་ཏེ་སྔར་ལས་ལྷག་པའི་གྲུབ་འབྲས་ལེན་པར་རེ་སྨོན་བཅོལ།
         2010ལོར། ཆོས་དབྱིངས་སྐྱིད་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ལུས་རྩལ་སློབ་གསོའི་ཆེད་ལས་ཀྱི་དངོས་གཞིའི་སློབ་མར་གྱུར་ཞིང་། དེ་ཡང་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློིབ་གྲྭས་ཁོ་མོར་ལུས་རྩལ་གྱི་སྒོ་མོ་ཕྱེས་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་ཁོ་མོར་ལུས་རྩལ་གྱི་འདུ་ཤེས་དང་། ལུས་རྩལ་གཞུང་ལུགས། ལུས་རྩལ་གྱི་ཕུགས་བསམ། རང་རློམ་བཅས་ཀྱི་སློབ་གསོའི་ཁོར་ཡུག་ཅིག་བསྩལ་བ་ཡིན།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།