རིགས་རུས་ཆོ་འབྲིང་གི་འབོད་མིང་།
རྩོམ་པ་པོ།  དབང་གྲགས།    སྤེལ་དུས།  2012-09-22 11:59:25    རྡེབ་ཚད།     ཡོང་ཁུངས། དྲ་རྒྱ་ལས་བཏུས།

ཨ་ཁུ--- རང་གི་ཨ་ཕའི་ཕུ་བོ་དང་ནུ་བོ་ལ་ཟེར།

ཨ་ནེ---རང་གི་ཨ་ཕའི་སྲིང་མོ་ལ་ཟེར།

ཨ་བང---ཨ་ཕའི་སྲིང་མོ་སྟེ་ཨ་ནེའི་ཁྱོ་བོའི་འབོད་མིང་།

ཨ་མེས---ཨ་ཕའི་ཨ་ཕ་ལ་རང་གིས་ཨ་མེས་ཞེས་འབོད། སྤོ་བོ།

ཨ་ཕྱི---རང་གི་ཨ་ཕའི་ཨ་མ་ལ་ཟེར། རྨོ་བོ།

ཡང་མེས---ཨ་མེས་ཀྱི་ཨ་ཕ་ནི་རང་གི་ཡང་མེས་ཡིན།

ཡང་ཕྱི---ཨ་ཕྱིའི་ཨ་མ་ནི་རང་གི་ཡང་ཕྱི་ཡིན།

ཕ་ཚན---རང་གི་ཨ་ཕའི་ཕུ་བོ་ནུ་བོ་དང་། དེ་རྣམས་ཀྱི་བུ་རབས་ཚ་རྒྱུད་ནི་རང་གི་ཕ་ཚན་ཡིན།

མ་མེས---རང་གི་ཨ་མའི་ཨ་ཕ་ལ་ཟེར།

མ་ཕྱི---རང་གི་ཨ་མའི་ཨ་མ་ལ་ཟེར།

ཞང་བོ---རང་གི་ཨ་མའི་ཕུ་བོ་དང་ནུ་བོ་ལ་ཟེར།

མ་སྤུན---ཨ་མ་གཉིས་སྤུན་ཡིན་པའིབུ་སྤུན་ལ་གོ་དགོས།

མ་ཚན---རང་གི་ཨ་མའི་ཕུ་བོ་ནུ་བོ་དང་།དེ་རྣམས་ཀྱི་བུ་རབས་ཚ་རྒྱུད་ནི་རང་གི་མ་ཚན་ཡིན།

མིང་སྲིང---མིང་བོ་དང་སྲིང་མོ་སྟེ།ཕ་མ་གཅིག་པའི་སྤུན་གྱི་ཕོ་ནི་མོ་ཡི་མིང་བོ་དང་།མོ་ནི་ཕོ་ཡི་སྲིང་མོ་ཡིན།

སྲུ་མོ---ཕུ་བོའི་ཆུང་མ་ནི་ནུ་བོ་དང་ནུ་མོའི་སྲུ་མོ་ཡིན།

སྣག་ཚ---རང་གི་སྲིང་མོ་སྟེ་ཨ་ཅེ་དང་ནུ་མོའི་བུ་ལ་སྣག་ཚ་ཟེར།

སྣག་མོ---རང་གི་ཨ་ཅེ་དང་ནུ་མོའི་བྱིས་པ་བུ་མོ་ནི་རང་གི་སྣག་མོ་ཡིན།

སྣག་གི་ཡང་ཚ---སྣག་ཚ་དང་སྣག་མོའི་བྱིས་པ་རྣམས་ནི་རང་གི་སྣག་གི་ཡང་ཚ་ཡིན།

ཁྱོ་ག---བཟའ་ཟླ་ཕོ་ལ་ཁྱོ་ག་ཟེར།

ཆུང་མ---བཟའ་ཟླ་མོ་ལ་ཆུང་མ་ཟེར།

སྐུད་པོ---ཆུང་མའི་ཕུ་བོ་ནུ་བོ་ནི་ཁྱོ་གའི་སྐུད་པོ་ཡིན།

སྐུད་མོ---ཆུང་མའི་ཨ་ཅེ་དང་ནུ་མོ་ནི་ཁྱོ་གའི་སྐུད་མོ་ཡིན།

གྱོས་པོ་གྱོས་མོ---ཆུང་མའི་ཨ་ཕ་དང་ཨ་མ་ནི་ཁྱོ་གའི་གྱོས་པོ་གྱོས་མོ་ཡིན།

སྙིད་མོ---ཁྱོ་གའི་ཨ་ཅེ་དང་ནུ་མོ་ནི་ཆུང་མའི་སྙིད་མོ་ཡིན།

སྙིད་པོ---ཁྱོ་གའི་ཕུ་བོ་དང་ནུ་བོ་ནི་ཆུང་མའི་སྙིད་པོ་ཡིན།

སྒྱུག་པོ་སྒྱུག་མོ---ཁྱོ་གའི་ཨ་ཕ་ཨ་མ་ནི་ཆུང་མའི་སྒྱུག་པོ་སྒྱུག་མོ་ཡིན།

མག་པ---རང་གི་བུ་མོའི་ཁྱོ་བོར་མག་པ་ཟེར།

མནའ་མ---རང་གི་བུའི་ཆུང་མར་མནའ་མ་ཟེར།

བུ་དང་བུ་མོ---རང་གི་བྱིས་པར་བུ་དང་བུ་མོ་ཟེར།

ཚ་བོ---རང་གི་བུ་བུ་མོའི་བྱིས་པར་ཚ་བོ་ཚ་མོ་ཟེར་བ་དང་། དེ་ཡི་ བྱིས་པར་ཡང་ཚ་དང་། ཡང་ཚའི་བྱིས་པར་གཞི་ཚ་ཟེར།

གོས་ཚ---རང་གི་གཞི་ཚའི་བྱིས་པར་གོས་ཚ་ཟེར།

ཕ་སྤད---ཕ་དང་བུ་ཡི་བསྡུས་མིང་ལ་ཕ་སྤད་ཟེར།

མ་སྨད---མ་དང་བུ་མོ་ཡི་བསྡུས་མིང་ལ་མ་སྨད་ཟེར།

མེས་དབོན---རང་དང་མེས་པོ་ལ་མེས་དབོན་ཟེར།

ཁུ་དབོན---རང་དང་ཨ་ཁུ་ལ་ཁུ་དབོན་ཟེར།

དབོན་ཞང---རང་དང་ཞང་པོ་ལ་དབོན་ཞང་ཟེར།

མ་ཞང---ཨ་མའི་ཞང་བོ་ལ་མ་ཞང་ཟེར།

སྤུན་མཆེད---རང་གི་མིང་སྲིང་ནི་སྤུན་མཆེད་ཡིན།

གཉེན་ཚན---རིགས་རྒྱུད་དང་ཁྱོ་ཤུག་གི་འབྲེལ་བ་ཡོད་པ་ལ་ཟེར། ཤ་ཉེ།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།