ཁྲི་ཀའི་ཡུལ་མིང་གི་ཐོགས་ཚུལ།
རྩོམ་པ་པོ།      སྤེལ་དུས།  2015-01-24 07:53:05    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

33.gif     

    མདོ་སྨད་རྟ་ཡི་ཆོལ་ཁར་ཤེས་རིག་གི་རྟེན་རྫོང་དུ་གྲགས་པའི་ཁྲི་ཀའི་ཡུལ་ལྗོངས་ཆེན་པོ་འདིར་ཡང་། སྔོན་ནས་ད་བར་ཆབ་དཔལ་རིག་གསུམ་གྱི་པདྨོ་འབུམ་དུ་བཞད་པའི་ལོ་རྒྱུས་ཀྱི་དན་རྟགས་གསལ་བའི་ཤུལ་བཞག་གི་རིག་གནས་མང་པོ་ཞིག་ཀྱང་འགྱུར་བ་མེད་པའི་རྡོ་རིང་ལྟར་ཕྱི་རབས་པའི་མིག་ལྡན་དུ་ལྷགས་ཡོད། བོད་བཙན་པོའི་སྐབས་སུ་མདོ་སྨད་འདིར་འ་ཞ་སྟོང་སྡེ་དྲུག་དང་མཐོང་ཁྱབ་ཁྲི་སྡེ་ཟེར་བ་བཙུགས་དུས་སུ། མཐོང་ཁྱབ་ཁྲི་སྡེའི་ཁྲི་དཔོན་གྱི་གཞིས་ཀའམ་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་ལྟ་བུར་གྱུར་བས་ཁྲི་ཀ་ཞེས་གྲགས། ཁྲི་ཀ་ཞེས་པའི་མིང་འདིར་ཡང་ཏུང་ཧོང་ཡིག་རྙིང་དུ་ཡང་མཇལ་དུ་ཡོད་དེ། ཏུང་ཧོང་ཡིག་རྙིང་ཨང་རྟགས་P.T.966དུ། མཁན་པོ་ནམ་མཁའི་སྙིང་པོའི་བཤེས་གཉེན་གྱི་རྒྱུད་མདོར་བཤད་པ་ཞེས་པའི་ནང་དུ། སྟོན་སླ་ར་བ་ཚེས་བརྒྱད་ལ། ཁྲི་ག་མོང་ཡོག་མདའ་ན། ཚིག་ཚ་ཅན་ནམ་ཀྀའྀ་སྙིང་པོའྀ་དབེན་སར། སྔ་དྲོ་མ་ཡོས་བཞིན་དུ་ཚེ་འདས་ཞེས་དང་། ཡང་སླད་ཀྱྀས་སློབ་མ་རྣམས་ཀྱྀས་བ་ཙེའི་གཙུག་ལག་ཁང་དུ་བསོད་ནམས་བགྱྀས་ནས། སྤུར་ཨན་ཅུང་དབེན་སར་འཁོར་དུ་ཡུལ་མི་རྣམས་ཀྱྀས་པན་གདུགས་ཀྱྀས་དྲངས་ཏེ་བསྐྱལ་བའྀ་ཚེ། ཁྲི་ག་མཁར་གོང་དུ་སྟེང་གི་ནམ་ཀ་ལ་སྤྲིན་མཚོན་ལྔ་བྱུང་བ་ཡང་། ཡུལ་མྱྀ་དང་ཕྱུགས་རྫི་ཐམས་ཅད་ཀྱྀས་མཐོང་། ཨན་ཆུང་འཁོར་དུ་སྤུར་སྐྱེལ་བ། དགེ་སློང་འབྲོ་ཤག་ཀྱ་ལ་སྩོགས་པས་བསྐྱལ་བའི་ཚེ། སྲྀན་པོ་རྀའྀ་རྩེར་ཡིན་པ་དང་། ནམ་ཀའྀ་ལས་མཚོན་སྤྲིན་སྣ་ལྔ་སྨུག་པར་ཆགས་ཏེ་ཞེས་བཀོད་ཡོད། གོང་གི་དཔྱད་ཡིག་ཁུངས་བཙུན་འདི་དག་ལ་དཔྱད་ཚེ་ཁྲི་ག་ཞེས་པའི་ཡུལ་མིང་འདི་བོད་བཙན་པོའི་དུས་ནས་བཟུང་ཡུལ་འདིར་ཐོགས་ཡོད་པ་གསལ་བོར་ཤེས་ཐུབ།

22.gif

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།