༄༅།། བདེ་ཐང་གི་འཚོ་བ་རོལ་སྟངས།
རྩོམ་པ་པོ།      སྤེལ་དུས།  2015-12-08 19:50:55    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

 འཚོ་བ་རོལ་སྟངས་ཞེས་པ་ནི་མི་རྣམས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་དགོས་དབང་དུ་ཆགས་པའི་ཉིན་རྒྱུན་འཚོ་བའི་བྱ་སྤྱོད་ཕྱིར་མཚོན་པའི་རྣམ་པ་ཞིག་དང་། དུས་རྒྱུན་གྱི་འཚོ་བའི་ཁྲོད་གཏན་སྲུང་བྱེད་པའི་བྱ་སྤྱོད་ཚད་དང་ལྡན་པ་སྟེ། གོམས་སྲོལ་དུ་ཆགས་པའི་འཚོ་བ་དང་འགུལ་སྐྱོད་བྱེད་སྟངས་ཤིག་ཡིན་ལ། དེ་ནི་མི་རེ་རེས་འཚོ་བ་རོལ་དུས་རང་བཞིན་གྱིས་ཆགས་པའི་བྱ་སྤྱོད་ཅིག་ཡིན།
  བདེ་ཐང་གི་འཚོ་བ་རོལ་སྟངས་ནི་ལུས་ཕུང་བདེ་ཐང་ཡོང་བར་ཕན་པའི་གོམས་གཤིས་ཅན་གྱི་སྤྱོད་སྟངས་ལ་བསྟན་པ་དང་། བྱེ་བྲག་གི་མཚོན་སྟངས་ནི། བཟའ་བཏུང་ལེགས་པར་བསྟེན་པ་དང་ལུས་རྩལ་སྦྱོང་རྡར་བྱེད་པ། དུ་བ་མི་འཐེན་པ། ཆང་ཉུང་འཐུང་བྱེད་པ། སེམས་ཁམས་བཏང་སྙོམས་སུ་གནས་པ། གཉིད་ཀྱིས་འདང་བར་བྱེད་པ། དུས་རྒྱུན་གྱི་འཕྲོད་བསྟེན་ལ་དོ་སྣང་དང་ལུས་ཁམས་བདེ་སྲུང་ལ་དོ་སྣང་བྱེད་པ། ནད་བྱུང་ན་དུས་ཐོག་ཏུ་སྨན་པར་སྟོན་པ། བདེ་ཐང་ལ་ཕན་པའི་རིག་རྩལ་བྱ་འགུལ་དང་སྤྱི་ཚོགས་བྱ་འགུལ་སྣ་ཚོགས་ནང་མང་དུ་ཞུགས་པ་སོགས་སོ།།
  བདེ་ཐང་གི་འཚོ་བ་རོལ་སྟངས་གཙོ་བོ་ནི།
  ལུགས་དང་མཐུན་པའི་བཟའ་བཏུང་། དེ་ནི་འཚོ་བཅུད་འཛོམས་པའི་ཟས་རིགས་འདོན་སྤྲོད་བྱེད་པར་བསྟན་པ་ཡིན། ཟས་རིགས་མི་འདྲ་བའི་འཚོ་བཅུད་ཀྱང་འདྲ་མིན་སྣ་ཚོགས་ཡིན། ལུས་པོ་བདེ་ཐང་ཡོང་དགོས་ན་ཟས་རིགས་སྣ་ཁ་གཅིག་གི་འཚོ་བཅུད་ལ་བརྟེན་པས་མི་ཆོག་པར། ཟས་རིགས་སྣ་མང་ཟོས་རྗེས་ད་གཟོད་ལུས་ཡོངས་ཀྱི་འཚོ་བཅུད་ཆ་སྙོམས་ཡོང་སྟེ་བདེ་ཐང་ལ་ཡར་སྐུལ་གཏོང་ཐུབ།
  འགུལ་སྐྱོད་ཚད་དང་རན་པ། འགུལ་སྐྱོད་ཚད་དང་རན་པ་བྱས་ན་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་ཐུབ་པར་མ་ཟད། ད་དུང་ཁྲག་རྩ་སྙོམ་པོར་གཏོང་ཐུབ། དེ་མིན་ད་དུང་གཟའ་གྲིབ་ཕོག་པ་དང་སྙིང་ནད་འབྱུང་བ། གཅིན་པ་མངར་འགྱུར་གྱི་ནད། རྩམ་ལོང་འབྲས་སྐྲན། ནུ་མའི་འབྲས་སྐྲན། རུས་སོབ་ནད་སོགས་ཕོག་པའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ། འགུལ་སྐྱོད་ཚད་དང་རན་པ་བྱས་རྗེས། ད་དུང་སེམས་ཁམས་བདེ་མོ་ཡོང་ཐུབ་པ་དང་གཉིད་སྐྱིད་པོ་ཡོང་ཐུབ།
  དུ་བ་གཅོད་པ་དང་ཆང་ཉུང་འཐུང་བྱེད་པ། དུ་བ་འཐེན་ན་བདེ་ཐང་ལ་གནོད་པ་ཚང་མས་ཤེས་པས། དུ་བ་སྔ་མོ་ནས་བཅད་ན་བཟང་ཆ་དེ་བཞིན་མང་ལ། ཆང་ཉུང་འཐུང་བྱེད་པ་དང་། ཏུའུ་དམའ་མོ་ཅན་གྱི་ཆང་འཐུང་རྒྱུ་ཡིད་ལ་འཇགས་དགོས།
  སེམས་ཁམས་དྭངས་མོ་ཡོང་བ། སེམས་ཁམས་དྭངས་མོ་ཡོང་བ་ཞེས་པ་ནི་སེམས་ཁམས་ཀྱི་འགྱུར་ལྡོག་བཟང་པོར་བསྟན་པ་ཡིན། རང་ཉིད་ཀྱི་བཟང་ངན་ལ་གདེང་འཇོག་ཡང་དག་དང་འཚོ་བའི་གནོན་ཤུགས་མིད་པར་གཏོང་བ།ནུས་ལྡན་སྒོས་བྱ་བ་སྒྲུབ་པ་དང་སློབ་སྦྱོང་བྱེད་པ། ཁྱིམ་ཚང་དང་སྤྱི་ཚོགས་ལ་བྱས་རྗེས་འཇོག་པ་བཅས་ཀྱི་སེམས་ཁམས་བཟང་པོ་ཡོད་དགོས། ད་དུང་མི་དང་མིའི་བར་ལ་འབྲེལ་བ་ལེགས་པོ་འཛུགས་པ་དང་སྤྱི་ཚོགས་ཀྱི་བྱ་འགུལ་སྣ་ཚོགས་ནང་ཞུགས་པ་སོགས་བྱས་ཚེ་སེམས་ཁམས་དྭངས་པར་ཕན་པ་ཡིན།།
 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།