མི་དང་རང་བྱུང་། ༢
རྩོམ་པ་པོ།  ལོ་མས་བདམས་ཏེ་བསྒྱུར།    སྤེལ་དུས།  2012-10-07 08:00:49    རྡེབ་ཚད།     ཡོང་ཁུངས། ངེད་དྲ་བ།

མི་དང་རང་བྱུང་། ༢

 
རང་བྱུང་འཚོ་སྡོད་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཆེས་ཐོག་མར་བྱུང་བའི་འཚོ་སྟངས་ཤིག་ཡིན་ཏེ། དེ་ནི་མིའི་རིགས་ཀྱིས་རང་བྱུང་ཁོར་ཡུག་ནས་ཐོན་པའི་རང་བྱུང་གི་དངོས་པོའི་ཐོན་ཁུངས་དང་མི་རང་གི་རང་བྱུང་གི་ནུས་པར་བརྟེན་པའི་འཚོ་སྟངས་ཤིག་ཏུ་འཁུམས། མར་ཁེ་སི་དང་ཨེན་ཁེ་སི་གཉིས་ཀྱིས་བཤད་དོན། ང་ཚོས་ཆེས་ཐོག་མར་མིའི་རིགས་ཀྱི་འཚོ་བའི་ཆ་རྐྱེན་ཨང་དང་པོའམ་ལོ་རྒྱུས་ཡོངས་ཀྱི་ཆ་རྐྱེན་ཨང་དང་པོ་དེ་གཏན་ཁེལ་བྱེད་དགོས་ཏེ། ཆ་རྐྱེན་དེ་ནི། མིའི་རིགས་ཀྱིས་ལོ་རྒྱུས་གསར་གཏོད་བྱེད་པར་ངེས་པར་དུ་འཚོ་བ་རོལ་དགོས་པ་དེ་ཡིན། ཡིན་ནའང་། འཚོ་བ་རོལ་བར་ཐོག་མར་ཟས་གོས་དང་དེ་འབྲེལ་གྱི་དངོས་པོ་དག་མཁོ་བ་ཡིན་ལ། གྲངས་ལྟོགས་ཀྱི་གཙེ་བ་ནི་མིའི་རིགས་ཀྱིས་ཐོག་མར་ཐག་གཅོད་དགོས་པའི་གནད་དོན་ཡིན་པས། དེར་བརྟེན་ནས་མིའི་རིགས་ཀྱིས་སྐྱེ་ཁམས་ཀྱི་ཐོན་ཁུངས་བེད་སྤྱོད་དགོས་བྱུང་། འདིར་བཤད་པའི་མིའི་རིགས་ཀྱི་རང་བྱུང་གི་ནུས་པ་ནི་མི་ཡི་ལུས་ཁམས་ཀྱི་ནུས་པ་ཡིན་ཏེ། ལུས་པོའི་ནུས་ཤུགས་དང་ལག་པའི་རྩལ་བཅས་འདུ། མིའི་རིགས་ཀྱིས་སྐྱེ་ཁམས་ཐོན་ཁུངས་བེད་སྤྱད་ཐབས་མི་འདྲ་བའི་དབང་གིས། རང་བྱུང་འཚོ་སྡོད་ལའང་གདོད་མའི་རང་བྱུང་གི་འཚོ་སྡོད་དང་ཞིང་ལས་རང་བྱུང་གི་འཚོ་སྡོད་ཅེས་རིམ་པ་གཉིས་མཆིས།
རྔོན་པ་དང་བསྡུ་གསོག་ནི་མིའི་རིགས་ཀྱི་གདོད་མའི་འཚོ་བ་རོལ་ཐབས་ཡིན་ཏེ། དེའི་འགན་ཁུར་ནི་རང་བྱུང་ཁམས་ནས་སྐྱེ་འཕེལ་བྱུང་བའི་རྩི་ཤིང་དང་སྲོག་ཆགས་འཐོབ་པར་བྱ་ཆེད་ཡིན། སྐྱེ་ཁམས་འདི་དག་གི་སྐྱེ་འཕེལ་ནི་མི་རིགས་ཀྱི་ནུས་པ་མ་ཐོན་པར་རང་བྱུང་ངང་འཕེལ་འགྱུར་བྱུང་བ་ཞིག་ཡིན་ལ། རང་བྱུང་ཁམས་ཀྱིས་གང་ཞིག་མཁོ་སྤྲོད་བྱས་ཚེ་མིའི་རིགས་ཀྱིས་ཀྱང་གང་དེ་བེད་སྤྱོད་པ་ཡིན་ལ། རང་བྱུང་ཁམས་ལ་ཅི་ཞིག་མཆིས་ཚེ་མི་རིགས་ལའང་དེ་མཁོ་བ་ཞིག་གོ། །
ཞིང་ལས་རང་བྱུང་འཚོ་སྡོད་ཁྲོད། རྩི་ཤིང་དང་སྲོག་ཆགས་ཀྱི་རང་བྱུང་གི་སྐྱེ་འཕེལ་ནི་ཞིང་ཕྱུག་ལས་རིགས་ཀྱི་ཐོན་སྐྱེད་དུ་འགྱུར་ཡོད་ཅིང་། རྩི་ཤིང་དང་སྲོག་ཆགས་ཀྱི་སྐྱེ་འཕེལ་གོ་རིམ་ཁྲོད་མི་རིགས་ཀྱིས་ནུས་པ་བཏོན་ཡོད་པ་རེད། ཡིན་ནའང་སྔར་བཞིན་སྐྱེ་དངོས་རང་སྟེང་གི་སྐྱེ་འཕེལ་ཡིན་ནོ། །ཞིང་ལས་དང་ཕྱུག་ལས་ཀྱི་ཐོན་སྐྱེད་གཙོ་བོ་ནི་རང་བྱུང་ཁམས་ཀྱི་རང་བྱུང་གི་ཆ་རྐྱེན་དང་མིའི་རང་སྟེང་གི་རང་བྱུང་ཆ་རྐྱེན་གཉིས་ལ་བརྟེན་ཡོད་པ་ཡིན།
རང་བྱུང་འཚོ་སྡོད་ཀྱིས་མིའི་རིགས་ཀྱི་འཚོ་སྡོད་ཐད་ཀྱི་འགལ་འདུ་གཉིས་པོ་ཐག་གཅོད་ཡག་པོ་ཞིག་བྱེད་མི་ཐུབ་རྐྱེན། དེ་གཉིས་ནི་ཚད་དམའ་བའི་འཚོ་སྡོད་བྱེད་སྟངས་ཡིན། དེར་བརྟེན། རང་བྱུང་འཚོ་སྡོད་ཁྲོད་མིའི་རྩ་བའི་ཁྱད་ཆོས་ནི་སྲོག་ཆགས་བཞིན་འཚོ་བ་རོལ་པ་ཞིག་ཡིན་ཏེ། དེ་ནི་རང་བྱུང་གི་མིརང་བྱུང་ཁམས་ཀྱི་སྲོག་ཆགས་ཤིགདང་རང་བྱུང་དངོས་པོའི་བར་བརྗེ་སྤོར་བྱས་པའི་གོ་རིམ་ཞིག་ཏུ་ངེས། དེ་ཡང་ལག་ཆ་བཟོ་སྐྲུན་གྱི་ཐད་ནས་ཀྱང་མི་ནི་མི་ཡིན་ཏེ། སྐྱེ་ཁམས་ཐོན་ཁུངས་ཀྱི་འཚོ་སྡོད་ལ་བརྟེན་པས་ན། མི་ནི་སྔར་བཞིན་སྲོག་ཆགས་ཀྱི་རིགས་སོ། །
འོན་ཀྱང་། རང་བྱུང་ཁམས་ཀྱིས་མིའི་རིགས་ཀྱི་རང་བྱུང་འཚོ་སྡོད་ཀྱི་དགོས་མཁོ་ཡོངས་སུ་སྐོང་མི་ཐུབ་ལ། སྐྱེ་དངོས་ཀྱི་སྐྱེ་འཕེལ་ལ་དུས་ཚུགས་རང་བཞིན་དང་ས་གནས་རང་བཞིན་གྱི་ཁྱད་ཆོས་ཤིན་ཏུ་གསལ་བ་དང་། རི་སྐྱེས་སྲོག་ཆགས་རྔོན་པ་དེ་ལ་ཡང་ཉེན་ཁ་ངེས་ཅན་ཞིག་ཡོད་པ་རེད་ལ། རང་བྱུང་ཁམས་ཀྱི་འགྱུར་བ་མང་པོ་ཞིག་ཀྱང་མིའི་རིགས་ཀྱི་གནོད་འཚེ་རུ་འགྱུར་སྲིད། དཔེར་ན། སའི་གོ་ལར་ས་ཡོམ་ལོ་རེའི་ནང་ཐེངས་ཁྲི་ལྔ་བརྒྱ་ཙམ་འབྱུང་བཞིན་ཡོད་ལ། ཆ་སྙོམས་གྱིས་སྐར་ཆ་བཅུ་རེའི་ནང་ས་ཡོམ་ཐེངས་རེ་འབྱུང་བཞིན་མཆིས། ཚད་ཆེས་མཐོ་བའི་ས་ཡོམ་གྱི་ངར་ཤུགས་ནི་ཉིང་རྡུལ་མཚོན་ཆའི་མདེའུ་ཁྲི་བཅུ་ཡི་ཚད་ཡིན། 1815ལོར་ཧིན་རྡུ་ཉི་ཞི་ཡ་སུང་པཱ་ཀུའུ་གླིང་ཕྲན(印度尼西亚松巴圭岛)སྟེང་གི་ཐན་པའོ་ལཱ(坦博拉)ཞེས་པའི་མེ་རི་ཟླ་གསུམ་གྱི་རིང་ལ་བསྟུད་མར་འཕྱུར་པ་དང་དེའི་གནོད་འཚེ་ནི་ཉིང་རྡུལ་མཚོན་ཆའི་མདེའུ་ཁྲི་ཉི་ཤུ་ཡི་ཚད་ཡིན། ལོ་རྒྱུས་སྟེང་སའི་གོ་ལ་ཆབ་རོམ་གྱིས་ཡོངས་སུ་ཐེངས་འགར་བཏུམས་མྱོང་ཞིང་། གནའ་བོའི་མི་རིགས་མང་པོ་ཞིག་ལ་ཤྭ་འོད་སྐོར་གྱི་ངག་རྒྱུན་གཏམ་རྒྱུད་ཡོད་པ་རེད། དེ་མ་ཟད་ད་དུང་ཚ་བ་དང་། གྲང་ངར། ཐན་པ། དྲག་ཆར། གངས་སྐྱོན། རླུང་འཚུབ་དྲག་པོ། འབུ་སྲིད་ནད་ཡམས་སོགས་མི་རིགས་ཀྱི་འཚོ་སྡོད་ལ་གནོད་བྱེད་ཀྱི་རྒྱུ་ཤིན་ཏུ་མང་།
支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།