རྩྭ་ཐང་ན་སྡོང་བོ་ཆེན་པོ་མེད་པའི་རྒྱུ་མཚན་ཅི།
རྩོམ་པ་པོ།      སྤེལ་དུས།  2012-09-24 13:45:43    རྡེབ་ཚད།     ཡོང་ཁུངས། གངས་རྒྱན་ན་ཆུང་ཚགས་པར།

རྩྭ་ཐང་ན་སྡོང་བོ་ཆེན་པོ་མེད་པའི་རྒྱུ་མཚན་ཅི།

  ཁྱེད་རང་མཐའ་ཡས་པའི་རྩྭ་ཐང་དུ་སོང་མྱོང་ངམ། རྩྭ་ཐང་ནི་ལྗང་མདོག་གི་རྒྱ་མཚོ་ཞིག་དང་འདྲ་བར་རྒྱ་ཆེ་ལ་ལྟ་ན་སྡུག་པ་ཞིག་ཡིན། འོན་ཀྱང་རྩྭ་ཐང་ན་རྩྭ་དང་སྡོང་ཕྲན་ཆུང་ངུའི་རིགས་མ་གཏོགས་སྡོང་བོ་ཆེན་པོ་སྐྱེས་མེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཚན་རིག་པས་ཡུན་རིང་ལ་ཚོད་ལྟ་རྒྱུས་ལོན་བྱས་པ་ལྟར་ན་རྩྭ་ཐང་གི་ས་ཤུན་གྱི་མཐུག་ཚད་ལ་ལིས་སྨིས20ཡས་མས་དང་། ས་ཤུན་ཆེས་མཐུག་སར་ལིས་སྨིས50ལས་མེད་པར་མ་ཟད། ས་ཤུན་དེ་མུ་མཐུད་དུ་བསློགས་ཚེ་སྲ་མཁྲེགས་ཀྱི་བྲག་རྡོ་ལ་ཐུག་པ་ཡིན། རྩི་ཤིང་གི་རྩད་པས་ཆུ་རྡུལ་དང་འཚོ་བཅུད་སྡུད་ལེན་བྱེད་པ་ཡིན་པས། ས་ཤུན་སྲབ་པའི་ས་ཁུལ་དུ་སྡོང་རྩད་ཆུང་བའི་རྩི་ཤིང་གི་རིགས་མ་གཏོགས་སྐྱེ་མི་ཐུབ། སྡོང་བོ་ཆེན་པོའི་རྩད་པ་སྦོམ་ཞིང་རིང་བར་བརྟེན་པའི་དབང་དུ་བཏང་ན་ཡང་ས་ཤུན་སྲབ་དྲགས་པས་རླུང་ཆེན་གཡུགས་ན་རྩད་པ་བཀོག་འགྲོ་བ་ཡིན། རྩྭ་ཐང་ན་ཆར་ཆུ་མོད་ནའང་ས་ཤུན་སྲབ་པའི་དབང་གིས་ཆུ་རྡུལ་མང་བོ་ཉར་མི་ཐུབ།  དེར་བརྟེན་རྩྭ་ཐང་ན་སྡོང་བོ་ཆེན་པོ་སྐྱེས་མེད་དོ།།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།