དེ་རིང་ངས་འདིར་རང་གི་སློབ་ཁྲིད་ཀྱི་ཉམས་མྱོང་དང་འབྲེལ་ནས་འཛིན་བདག་གི་བྱ་བའི་གལ་ཆེན་རང་བཞིན་གྱི་སྐོར་ནས་བགྲོ་གླེང་བྱེད་རྒྱུ་ཡིན།
གཅིག སྦྱངས་འབྲས་ཞན་པའི་སློབ་མར་གཅེས་སེམས་འཛིན་དགོས།
སློབ་གསོའི་བྱ་གཞག་གཉེར་མཁན་གྱི་དགེ་རྒན་ཞིག་ལ་མཚོན་ན་གཅེས་སེམས་ནི་སློབ་གསོའི་བྱ་གཞག་ལ་དགའ་ཞེན་དང་། སློབ་ཕྲུག་ལ་དགའ་ཞེན་བྱེད་པར་ཟེར། དགེ་རྒན་གྱིས་ཐོག་མར་རང་གི་ལས་དོན་ལ་དགའ་ཞེན་བྱེད་ཐུབ་ན་ད་གཟོད་རང་ཉིད་ཀྱི་ལས་ཀར་འཛིན་པའི་ལྟ་སྟངས་དང་། བསླབ་གཞིར་ཞིབ་འཇུག་བྱེད་པའི་བསམ་བློ་འཛུགས་ཐུབ་པ་མ་ཟད།སློབ་ཕྲུག་ལའང་རྒྱུས་ལོན་གཏིང་ཟབ་ལོན་ནས་སློབ་ཕྲུག་ག་གེ་མོ་ཞིག་སློབ་གྲྭར་ཞུགས་ནས་ཉིན་ཤས་ལས་མ་སོང་ཡང་སློབ་ཐུན་འཚོགས་སྐབས་བསམ་བློ་སློབ་སྦྱོང་ཐོག་མི་གནས་པའི་སྣང་ཚུལ་རྟག་ཏུ་ཐོན་གྱི་ཡོད། ང་ཚོས་སློབ་ཕྲུག་དེ་དག་ཟུར་དུ་བཙལ་ཏེ་ཡང་སྙིང་རྒྱུ་མཚན་གང་ཡིན་མིན་སྐད་ཆ་འདྲི་སྐབས་སློབ་ཕྲུག་ཕལ་ཆེ་བ་ཞིག་སློབ་གྲྭར་སློབ་སྦྱོང་བྱེད་འདོད་མེད་པ་མ་ཟད། སློབ་སྦྱོང་བྱེད་འདོད་མེད་པ་རེད།སློབ་ཕྲུག་དེ་ཚོའི་འདོད་ཚུལ་ལྟར་ན། སློབ་སྦྱོང་ལ་ཅུང་ཞན་པའི་སློབ་མ་ནི་དགེ་རྒན་དང་སློབ་གྲོགས་ཀུན་གྱི་མིག་ནང་གི་ཚེར་མ་ལྟར་གྱུར་ཏེ།མི་གཞན་གྱིས་མཐོང་ཆུང་དང་འཕྱ་སྨོད་བྱེད་པ་མ་ཟད། མིག་སྔའི་སློབ་སྦྱོང་གི་གནས་བབ་ལ་བལྟས་ན་མ་འོངས་བར་མདུན་ལམ་གང་ཡང་མེད་པ་དང་། མི་གཞན་གྱིས་མཐོང་ཆུང་དང་འཕྱ་སྨོད་བྱེད་པ་མ་ཟད། རང་མཉམ་ཁྲོད་དུ་མགོ་བོ་འདེགས་ཐབས་བྲལ་བ་ཞིག་ཡིན་པར་ངོས་འཛིན་བྱས་ཏེ།མཐར་སློབ་གྲྭ་ནས་ཕྱིར་འཐེན་བྱ་རྒྱུའི་བསམ་བློ་ཡང་འཁོར་འདུག
གོང་གསལ་དོན་དངོས་དེར་དམིགས་ཏེ་ཁོ་བོས་སློབ་ཕྲུག་དེ་ཚོའི་བསམ་བློ་རྙིང་པར་འགྱུར་ལྡོག་གཏོང་རྒྱུ་དང་། ཡང་དག་པའི་སྒོ་ནས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ཤེས་རྟོགས་གལ་པོ་ཡོད་ཆེད། སློབ་མ་དེ་དག་ཐེངས་མང་ཟུར་དུ་བཙལ་ཏེ་ཕན་ཚུན་བསམ་བློ་བརྗེ་རེས་དང་། མེས་རྒྱལ་དང་ཕ་ཡུལ་འཛུགས་སྐྲུན།དེ་བཞིན་ཕ་ཡུལ་གྱི་དབུལ་བཅོས་ཕྱུག་འགྱུར་བྱེད་པའི་ཤེས་བྱ་རིག་གནས་དང་ཚན་རིག་ལག་རྩལ་ལ་མཁས་པའི་མི་སྣ་མེད་ན་འགྲིག་ཐབས་མེད་པ་སོགས་བཤད་དེ་སློབ་མའི་སློབ་སྦྱོང་ལ་སེམས་འཁུར་གྱིས་སློབ་མར་དགའ་ཞེན་བྱེད་པ་ནི་འཚོ་བའི་ཐོག་གི་ཐུགས་ཁུར་དང་སློབ་སྦྱོང་ཐོག་གི་བརྒྱུད་སྤྲོད་བྱས་པ་ཙམ་མ་ཟད། གཙོ་ཆེ་ཤོས་ནི་ཚན་རིག་དང་མཐུན་པའི་མི་ཚེའི་ལྟ་ཚུལ་ཆགས་པ་དང་། ཡང་དག་པའི་སྒོ་ནས་སློབ་མས་སློབ་སྦྱོང་གི་གལ་ཆེན་རང་བཞིན་ཤེས་རྟོགས་ཐུབ་དགོས།
གཉིས། སློབ་མར་སྐུལ་ལྕག་གཏོང་དགོས།
དགེ་རྒན་ཞིག་ཡིན་ན་ཐོག་མར་སློབ་གྲོགས་ཕན་ཚུན་བར་ལ་ཉེ་དགའ་ཕྱོགས་ཞན་དང་སློབ་སྦྱོང་ལ་བཟང་བའི་སློབ་མར་དགའ་ཞེན་དང་སྦྱངས་འབྲས་ཞན་པའི་སློབ་མར་སུན་སྣང་གཏན་ནས་སྐྱེས་མི་རུང་། དགེ་རྒན་གྱི་གྲུབ་འབྲས་གཙོ་བོ་ནི་སློབ་སྦྱོང་ལ་ཞན་པའི་སློབ་མ་འཕེལ་རྒྱས་སུ་གཏོང་ཐུབ་མིན་དེ་ཡིན་པས། དུས་རྒྱུན་གྱི་འཚོ་བའི་ཁྲོད་སློབ་འབྲས་ཞན་པའི་སློབ་མར་དོ་ཁུར་མང་དུ་བྱས་ནས་རོགས་རམ་དང་སྐུལ་ལྕག་བཏང་སྟེ་སློབ་མའི་སེམས་ཤུགས་གསོ་རྒྱུ་གལ་ཆེ་སྟེ། སློབ་མ་རང་ཉིད་རང་ལ་ཡིད་ཆེས་བྱུང་ན་ད་གཟོད་སློབ་མས་དགེ་རྒན་གྱི་ཐུགས་འཁུར་དང་བྱམས་སྐྱོང་ཟེམས་ཀྱིས་ངོས་ཟིན་ཏེ་རང་གི་སློབ་སྦྱོང་གི་སེམས་ཤུགས་ཆེ་རུ་ཕྱིན་ཏེ་འབད་བརྩོན་བྱེད་ངེས་ཡིན།
གསུམ། རང་ཉིད་སློབ་མའི་སེམས་ཀྱི་བརྟེན་གཞིར་འགྱུར་དགོས།
དགེ་རྒན་ནི་སློབ་མའི་མིག་དཔེ་ལྟ་ས་ཡིན་པར་མ་ཟད་རེ་བ་དང་མགོན་སྐྱབས་ཡང་ཡིན། དགེ་རྒན་གྱི་སློབ་གསོའི་ཚིག་གཅིག་གིས་སློབ་མའི་མི་ཚེ་ཁ་ཕྱོགས་ལ་མཛུབ་སྟོན་གྱི་ནུས་བ་ཐོན་ཐུབ། བཅའ་སྡོད་སློབ་གྲྭའི་སློབ་མ་ཆུང་ཆུང་འདི་དག་ལ་མཚོན་ན། ཁོ་ཚོའི་འཚོ་བ་དང་སློབ་སྦཡོང་ཕྱོགས་གང་ཅིའི་ཐད་ནས་དགེ་རྒན་གྱི་མཛུབ་སྟོན་དང་བྱམས་སྐྱོང་ཡོད་ན་སེམས་དགའ་ཞིང་སློབ་སྦྱོང་གི་འདུན་པ་ནམ་ཡང་ཉམས་པ་མེད། གལ་ཏེ་དགེ་རྒན་གྱི་མཛུབ་སྟོན་དང་བྱམས་སྐྱོང་མེད་ན་ཁོ་ཚོ་དགེ་རྒན་ལ་རེ་ཐག་ཆད་ནས་སེམས་ཕམ་སྟེ་སློབ་སྦྱོང་གི་ངར་ཤུགས་ཉམས་ཤིང་སློབ་བྱོལ་བྱ་འདོད་ཀྱི་བསམ་བློ་ཡང་འཁོར་ངེས་ཡིན། དེ་བས་དགེ་རྒན་ནི་ཕྱོགས་གང་ཐད་ནས་སློབ་མའི་སེམས་ཀྱི་བརྟེན་གཞི་རུ་འགྱུར་དགོས།
བཞི། དགེ་རྒན་གྱིས་སློབ་མ་ལྟ་རྟོག་བྱེད་ཤེས་དགོས།
དགེ་རྒན་ཞིག་ཡིན་ན་དུས་རྒྱུན་དུ་སློབ་མའི་ཁྲོད་ཀྱི་བྱ་བ་སྣ་ཚོགས་དོ་སྣང་བྱེད་དགོས་པ་མ་ཟད་ཉིན་རྒྱུན་དུས་ངེས་མེད་དུ་སློབ་མའི་ཁྲོད་དུ་ཟབ་ཞུགས་བྱས་ཏེ་སློབ་མ་རེ་རེའི་གདོང་གི་རྣམ་འགྱུར་དང་གྱོན་པའི་ཆ་ལུགས། གྲལ་གྱི་འདུག་སྟེགས་སོགས་ལ་དོ་སྣང་དང་ལྟ་རྟོག་བྱེད་དགོས་པ་མ་ཟད། ཅོག་ཙེ་ཕྱི་ནང་གི་དཔེ་ཆ་སྒྲིག་སྟངས། སློང་ཁང་གི་བཀོད་སྒྲིག་དང་རྩིགས་ལྡེབས་སོགས་ལ་ལྟ་ཞིབ་བྱས་ཏེ་དེ་དག་ལ་ཇི་ལྟར་ལས་སྣོན་དང་བཀོད་སྒྲིག་བྱས་ན་འཚིན་གྲྭ་དང་སློབ་མའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་ཐུབ་མིན་དང་སློབ་མའི་བསམ་བློ་ལ་ཡར་སྐུལ་གྱི་ནུས་པ་ཐོན་མིན་ལ་དབྱེ་ཞིབ་བྱས་ཏེ་དེ་ལྟར་སྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེའོ། །
ལྔ། དགེ་རྒན་གྱིས་སློབ་ལ་མིག་དཔེ་ལེགས་པོ་ཞིག་སྟོན་དགོས།
དགེ་རྒན་ནི་དཔེ་ཆའི་སྟེང་གི་ཤེས་བྱ་གོ་བརྡ་སྤྲོད་ཐུབ་པ་དང་རང་གི་ཉམས་མྱོང་གི་སྟེང་ནས་སློབ་མའི་སེམས་ཁམས་ལ་ཕན་ཐོགས་པར་བྱེད་པ། སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་ཐད་ལ་སློབ་གསོ་གཏོང་བ་དང་གཏོང་བར་ནུས་བ། རང་གི་བྱ་སྤྱོད་ཀྱིས་སློབ་མར་ཤུགས་རྐྱེན་ཐེབས་པར་བྱེད་ནུས་པ་ཞིག་ཡིན་དགོས་པ་ལྟར། དགེ་རྒན་ལེགས་པའི་ཀུན་སྤྱོད་ཀྱིས་སློབ་མ་ལེགས་པའི་བློ་བསྐྱེད་སྟེར་བ་དང་དགེ་རྒན་གྱི་ཀུན་སྤྱོད་ངན་པས་སློབ་མ་ལ་ངང་ངམ་ཤུགས་ཀྱི་ངན་གཤིས་སྣ་ཚོགས་ཀྱང་སྟེར་བཞིན་ཡོད། དེ་བས་དགེ་རྒན་ལེགས་པོ་ཞིག་བྱེད་ན་ངེས་པར་དུ་རང་གི་ཀུན་སྤྱོད་ལ་དོ་སྣང་བྱས་ཏེ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གང་ཐད་ནས་སློབ་མ་ལ་མིག་དཔེར་འོས་པ་ཞིག་བརྩོན་ལེན་བྱེད་དགོས།
མདོར་ན། ཕ་མ་བཟང་བོའི་བུ་ཕྲུག་དང་དགེ་རྒན་ལེགས་པོའི་སློབ་མ་ཞེས་པ་ལྟར་སློབ་ཅི་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ནི་དགེ་རྒན་ལ་རག་ལས་པས་དགེ་རྒན་གྱི་བྱ་བའི་གལ་ཆེན་རང་བཞིན་ཡང་དེ་ཡིན། དེ་བས་སློབ་མ་ཚད་ལྡན་ཞིག་བསྐྱེད་སྲིང་བྱ་རྒྱུ་ང་ཚོ་དགེ་རྒན་རྣམས་ཀྱི་འོས་འགན་ཡིན་ནོ། །
- གྲངས་ཉུང་མི་རིགས་སྐད་ཡིག་གི་སྲིད་ཇུས།
- ལོ་ན་༦ནས་༩བར་གྱི་བྱིས་པའི་འཚར་ལོངས་དང་སློབ་གསོ།
- བོད་ཀྱི་སློབ་གསོ་བ་ཞིག་གི་སེམས་ཁོང་ནས་བརྡོལ་བའི་སྐད་ཆ།
- བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གསོའི་བསྒྱུར་བཅོས་སྐོར་གླེང་བ།
- ༄༅།། བྱིས་པར་སློབ་གསོ་གཏོང་བའི་སྐོར་གྱི་དཔེ་དེབ་གསུམ།
- ༄༅། །བོད་ཀྱི་གནའ་རབས་སློབ་གསོའི་ཁྱད་ཆོས།
- ༄༅། །པཎ་ཆེན་སྐུ་ཕྲེང་བཅུ་བའི་མི་རིགས་སློབ་གསོ་སྐོར་གྱི་གསུངས།
- ༄༅། །ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིད་འབྱུང་དམར་ཁྲིད།
- ཀུན་སྤྱོད་དང་མི་གཞི།
- སློབ་ཆུང་སློབ་མར་མཁོ་བའི་རྩོམ་ཡིག་དུས་དེབ་དང་ཚགས་པར་སོགས་འདོན་སྤེལ་དགོས་པའི་ཕན་འབྲས་སྐོར་ཕྲན་ཙམ་གླེང
- འཛིན་བདག་གི་བྱ་བའི་གལ་ཆེན་རང་བཞིན་གླེང་བ།
- ཀུན་སྦྱོད་དང་མི་གཤིས་བཟང་པོ་ཞིག་འཇགས་པར་བརྩོན་དགོས།
- བོད་ཀྱི་སློབ་གསོའི་རིག་པ་གོང་འཕེལ་ཇི་ལྟར་བྱུང་བའི་གཏམ་གླེང་།
- སློབ་ཁྲིད་ལག་ལེན་གྱི་མྱོང་བཤད།
- སློབ་གསོ་སློབ་ཁྲིད་ཀྱི་སྣང་ཚུལ་ཁ་ཤས་ལ་དཔྱད་པ།
- བོད་ཀྱི་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱ་འཛུགས་སྐྲུན་བྱེད་ཚུལ་ལ་དཔྱད་པ།
- ཁྱིམ་གྱི་སློབ་གསོ་དང་མི་རིགས།
- འཛིན་བདག་འོས་མཚམས་ཤིག་ཇི་ལྟར་བྱེད་པའི་སྐོར་
- ཕྱི་རྒྱལ་གྱི་སློབ་གསོ་པ་གྲགས་ཆེན་སུའུ་ཧོ་མོའུ་ལིན་སི་ཅི་དང་ཁོང་གི་སློབ་གསོའི་བསམ་བློ།
- བོད་ཀྱི་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་སྐོར་ཕྲན་ཙམ་གླེང་བ།
དྲ་ཚིགས་འདིའི་པར་དབང་རྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
青ICP备12000378号 QQ: 406771696