སློབ་གསོ་ནི་འཕེལ་རྒྱས་ཀྱི་འགག་རྩ་ཡིན་ལ་སློབ་གྲྭ་ནི་སློད་གསོའི་རྟེན་གཞི་ཡིན། སློབ་གྲྭ་གང་ལ་མཚོན་ནའང་དགེ་རྒན་གྱི་སློབ་ཁྲིད་སྤུས་ཚད་དང་འགན་འཁྲིའི་འདུ་ཤེས། མི་གཤིས་སློབ་གསོའི་འདུ་ཤེས་སོགས་ནི་སློབ་གྲྭའི་སྲོག་ཤིང་དང་སློབ་གསོའི་ཕན་འབྲས་བསྐྲུན་པའི་རྒྱུ་དང་རྐྱེན་ངོ་མ་ཡིན་པས། ལོ་ངོ་དུ་མའི་རིང་གི་བྱ་བར་རྒྱུས་ལོན་རགས་ཙམ་བྱས་པ་དང་འབྲེལ་ནས་གཤམ་གསལ་གྱི་གནད་དོན་ཁག་བཞིའི་སྒོ་ནས་ཀློག་མཁན་ལ་སློབ་ཁྲིད་ལག་ལེན་ཁྲོད་ཀྱི་མྱོང་བ་བགྲོ་གླེང་གི་ཚུལ་དུ་བཤད་ན་འདི་ལྟ་སྟེ།
གཅིག དགེ་རྒན་གྱི་ཤེས་བྱའི་སྤུས་ཚད་ཞན་པ།
མིག་སྔར་རྒྱུས་ལོན་པ་ལྟར་ན་དགེ་རྒན་མང་པོ་ཞིག་སློབ་མཐར་ཕྱིན་ཏེ་བྱ་བར་ཞུགས་པ་ནས་བཟུང་དཔེ་ཆ་དོར་ནས་སློབ་སྦྱོང་གི་འདུ་ཤེས་ཡོངས་སུ་བོར་འདུག་པ་མང་པོ་འདུག དགེ་རྒན་གྱི་ཤེས་བྱའི་སྤུས་ཚད་ཞན་པའི་དབང་གིས་སློབ་གསོའི་བྱ་བའི་ཁྲོད་གནས་པའི་གནད་དོན་ནི་གཤམ་གསལ་ལྟར། ༡.སློབ་ཁྲིད་ལ་སྣེ་སྟོན་གྱི་ནུས་པ་མི་ཐོན་པ། ༢.རང་ཉིད་ལ་སློབ་གསོའི་འདུ་ཤེས་སྐྱེས་མེད་པ། ༣.འཁྲིད་བྱ་ལ་ངེས་ཟིན་མེད་པ། ༤.བྱ་བའི་གཙོ་ཕལ་ལ་དབྱེ་ཞིབ་མེད་པ། ༥.སློབ་གསོ་དང་འབྲེལ་བའི་ཤེས་རྒྱ་མེད་པ་བཅས་སོ། །གོང་གསལ་གྱི་གནད་དོན་འདི་དག་གིས་སློབ་གྲྭ་སྤྱིའི་སློབ་བསྒྲུབ་དང་སློབ་གསོའི་བྱ་བ། སློབ་མའི་མདུན་ལམ་ལ་ཕན་པ་དང་ནུས་ཤུགས་ཆེན་པོ་ཐོན་གྱི་མི་འདུག་སྙམ།
གཉིས། དགེ་རྒན་ལ་དགེ་རྒན་གྱི་རང་གཤིས་ཆགས་ཐུབ་ཀྱི་མེད་པ།
གཞི་རིམ་དགེ་རྒན་མང་པོ་ཞིག་དཔེ་དེབ་དང་ཁ་བྲལ་ནས་ཡུན་རིང་འགོར་བ་དང་ལྟ་ཁློག་དང་བསམ་གཞིག་བློས་བཏང་ཟིན་འདུག་པས་སློབ་ཁྲིད་ལ་གཤམ་གསལ་གྱི་གནད་དོན་འདུག་སྟེ། ༡.སློབ་ཁྲིད་ལ་སྒེར་གཤིས་དང་ལྡན་པའི་ཐབས་ལམ་རྙེད་མེད་པ། ༢.རང་རྐྱ་ཐུབ་པའི་དཔེ་ཁྲིད་གཤིས་སྐྱོང་གི་ནུས་པ་མེད་པ། ༣.སློབ་མའི་ཀུན་སྤྱོད་ཐད་ལ་ཡལ་སྐུལ་གྱི་བག་ཆགས་འཇོག་མི་ཐུབ་པ་བཅས་སོ། །
གསུམ། དགེ་རྒན་གྱི་བསམ་བློའི་འདུ་ཤེས་བརྟན་པོ་མིན་པ།
སྤྱི་ཚོགས་ཀྱི་ངན་གོམས་དང་རང་ཉིད་ཀྱི་ཆུ་ཚད་དང་རིག་གནས་ཀྱི་ལྟ་བ་སྟངས་སོགས་ཀྱི་དབང་གིས་སློབ་གསོ་སྤྱིའི་བྱ་བའི་ལག་ལེན་ཁྲོད་དུ་གནད་དོན་འདི་འདྲ་འདུག་སྟེ། ༡.བྱ་དངོས་གང་ལའང་ལེགས་ཉེས་དང་དགེ་སྡུག་གི་དབྱེ་འབྱེད་མེད་པ། ༢.བླང་དོར་གྱི་གནས་ལུགས་ལ་རྨོངས་པ། ༣.སེམས་ཀྱི་ལྟ་བ་དང་ལངས་ཕྱོགས་བརྟན་པོ་མིན་པ་བཅས་ཀྱིས་སློབ་མ་བདེ་ཐང་དང་རང་ཚུགས་ལྡན་པའི་བསྐྱེད་སྲིང་ལ་ཕན་མི་ཐོགས་པ།
བཞི། དགེ་རྒན་གྱི་འགན་འཁྲིའི་འདུ་ཤེས་ཞན་པ།
མི་སུ་ཡིན་རུང་སྤྱི་ཚོགས་ལ་ཞབས་འདེགས་ཀྱི་འགན་འཁྲི་ནི་མ་སྐུལ་དང་ལེན་དུ་ཡོད་དགོས་ལ་འདི་ནི་འགྲོ་བ་མི་ཡི་རླབས་ཆེན་རང་བཞིན་ཡིན། ཁྱད་པར་དུ་དགེ་རྒན་ཞིག་ལ་མཚོན་ན་འགན་འཁྲིའི་འདུ་ཤེས་ནི་བྱ་བ་ཀུན་གྱི་རྩ་བའི་ཆ་རྐྱེན་ཡིན། དེང་གི་དགེ་རྒན་མི་ཉུང་བ་ཞིག་གི་འགན་འཁྲིའི་འདུ་ཤེས་ལྟོས་བཅོས་ཀྱིས་ཅུང་ཞན་པར་འདུག་སྟེ། ༡.སློབ་གྲྭའི་བཀོད་སྒྲིག་དང་དུ་མི་ལེན་པ། ༢.སྒེར་དུ་མ་བབས་པའི་ཐུན་མོང་གི་བྱ་བ་ལ་དོ་སྣང་མི་བྱེད་པ། ༣. མ་སྐུལ་དང་ལེན་གྱིས་སློབ་མ་ལ་སློབ་གསོ་དང་ཕན་པ་མི་བསྒྲུབ་པ། ༤.སྤྱི་ཚོགས་ཞབས་འདེགས་ཀྱི་ཀུན་སློང་མེད་པ་བཅས་ཀྱིས་རང་རེའི་སྲོལ་བཟང་རྒྱུན་འཛིན་དང་དར་སྤེལ་མེད་པ་བཅས་སོ། །
མདོར་ན། ང་ཚོ་སྐྱེ་བོ་སུ་ལའང་རང་ཉིད་ཀྱི་མི་འདང་ས་ཡོད་སྲིད་ཀྱང་སྐྱ་ཆད་སྔོ་སྡུག་གི་དེངས་རབས་དུས་ཀྱི་མཐའ་མ་འདིར་རང་རེ་མགོ་ནག་པ་ཀུན་གྱིས་བློ་སེགས་གཅིག་ཏུ་མཐུན། རྡོག་རྩ་གཅིག་ཏུ་སྒྲིལ་ནས་རང་རེ་ལ་ཨེ་ཕན་བསམ་པའི་ཀུན་སློང་རྣམ་དག་གིས་རང་གི་འགན་འཁྲི་ལ་གཞོལ་བ་ནི་ང་ཚོའི་འཕེལ་རྒྱས་དང་ཐར་ལམ་ཡིན་པ་གདོན་མི་ཟའོ། །
དེ་བས། སློབ་ཁྲིད་ལག་ལེན་གྱི་མྱོང་བཤད་འདི་རང་ཅག་བོད་མི་ཀུན་དང་ཁྱད་པར་དུ་སློབ་གསོའི་འཕྲིན་ལས་སྐྱོང་མཁན་ལ་རྣམས་ལ་གྲོས་འདོན་དང་བགྲོ་གླེང་དུ་ཕུལ་བ་རྣམ་དཀར་དགེ་བའི་ལས་སུ་གྱུར་ཅིག་གུ
མཇུག་ཏུ་སྨྲས་པ།
ཀ་དག་ཆོས་ཀྱི་དགོངས་པ་རང་རྒྱུད་ལ་བླངས་ཤིང་། །
ཁ་མིན་སྙིང་གི་དབུས་ནས་གཞན་ཕན་རེ་བསམ་བཞིན། །
ག་ལེར་དཔེ་ཁྲིད་གཤིས་སྐྱོང་རྣམ་དག་ལ་གཞོལ་ན། །
ང་ཚོའི་ཕུགས་རེ་འགྲུབ་པའི་རྟེན་འབྲེལ་དུ་འགྲུབ་ཡོང་། །
- གྲངས་ཉུང་མི་རིགས་སྐད་ཡིག་གི་སྲིད་ཇུས།
- ལོ་ན་༦ནས་༩བར་གྱི་བྱིས་པའི་འཚར་ལོངས་དང་སློབ་གསོ།
- བོད་ཀྱི་སློབ་གསོ་བ་ཞིག་གི་སེམས་ཁོང་ནས་བརྡོལ་བའི་སྐད་ཆ།
- བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གསོའི་བསྒྱུར་བཅོས་སྐོར་གླེང་བ།
- ༄༅།། བྱིས་པར་སློབ་གསོ་གཏོང་བའི་སྐོར་གྱི་དཔེ་དེབ་གསུམ།
- ༄༅། །བོད་ཀྱི་གནའ་རབས་སློབ་གསོའི་ཁྱད་ཆོས།
- ༄༅། །པཎ་ཆེན་སྐུ་ཕྲེང་བཅུ་བའི་མི་རིགས་སློབ་གསོ་སྐོར་གྱི་གསུངས།
- ༄༅། །ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིད་འབྱུང་དམར་ཁྲིད།
- ཀུན་སྤྱོད་དང་མི་གཞི།
- སློབ་ཆུང་སློབ་མར་མཁོ་བའི་རྩོམ་ཡིག་དུས་དེབ་དང་ཚགས་པར་སོགས་འདོན་སྤེལ་དགོས་པའི་ཕན་འབྲས་སྐོར་ཕྲན་ཙམ་གླེང
- འཛིན་བདག་གི་བྱ་བའི་གལ་ཆེན་རང་བཞིན་གླེང་བ།
- ཀུན་སྦྱོད་དང་མི་གཤིས་བཟང་པོ་ཞིག་འཇགས་པར་བརྩོན་དགོས།
- བོད་ཀྱི་སློབ་གསོའི་རིག་པ་གོང་འཕེལ་ཇི་ལྟར་བྱུང་བའི་གཏམ་གླེང་།
- སློབ་ཁྲིད་ལག་ལེན་གྱི་མྱོང་བཤད།
- སློབ་གསོ་སློབ་ཁྲིད་ཀྱི་སྣང་ཚུལ་ཁ་ཤས་ལ་དཔྱད་པ།
- བོད་ཀྱི་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱ་འཛུགས་སྐྲུན་བྱེད་ཚུལ་ལ་དཔྱད་པ།
- ཁྱིམ་གྱི་སློབ་གསོ་དང་མི་རིགས།
- འཛིན་བདག་འོས་མཚམས་ཤིག་ཇི་ལྟར་བྱེད་པའི་སྐོར་
- ཕྱི་རྒྱལ་གྱི་སློབ་གསོ་པ་གྲགས་ཆེན་སུའུ་ཧོ་མོའུ་ལིན་སི་ཅི་དང་ཁོང་གི་སློབ་གསོའི་བསམ་བློ།
- བོད་ཀྱི་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་སྐོར་ཕྲན་ཙམ་གླེང་བ།
དྲ་ཚིགས་འདིའི་པར་དབང་རྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
青ICP备12000378号 QQ: 406771696