ཕྱི་རྒྱལ་གྱི་སློབ་གསོ་པ་གྲགས་ཆེན་སུའུ་ཧོ་མོའུ་ལིན་སི་ཅི་དང་ཁོང་གི་སློབ་གསོའི་བསམ་བློ།
རྩོམ་པ་པོ།  མི་གསལ།    སྤེལ་དུས།  2012-09-21 20:12:25    རྡེབ་ཚད།     ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།

     སུའུ་ཧོ་མོའུ་ལིན་སི་ཅི་ནི་སྤྱི་ལོ་༡༩༡༨ལོ་ནས་༡༩༧༠ལོའི་བར་གྱི་མི་ཡིན། སུ་ལེན་སྔོན་མའི་སྙན་གྲགས་ཆེ་བའི་སློབ་གསོའི་གཞུང་ལུགས་དང་ལག་ལེན་པ་ཞིག་ཡིན་ལ། འཛམ་གླིང་སྟེང་གི་སྙན་གྲགས་ཆེ་བའི་སློབ་གསོ་པའང་ཡིན།  སུའུ་ཧོ་མོའུ་ལིན་སི་ཅི་ནི༡༩༡༨ལོའི་ཟླ་༩པའི་ཚེས་༢༨ཉིན་ཝུའུ་ཁོ་ལན་གྱི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ༡༩༢༦ལོར་ཁོང་སྡེ་བའི་སློབ་ཆུང་དུ་ཞུགས་ནས་སློབ་སྦྱོང་བྱས་པ་དང་། ༡༩༣༣ལོར་ལོ་བདུན་ལམ་ལུགས་ཀྱི་སློབ་གྲྭར་མཐར་ཕྱིན་རྗེས་ཁོ་ལིའེ་མིང་ཁྲུངའུ་ཀེ་དགེ་འོས་སློབ་གླིང་གི་དགེ་རྒན་གསོ་སྦྱོང་འཛིན་གྲྭར་ཞུགས། ༡༩༣༥ལོར་ལོ་༡༧ལ་སླེབས་པའི་སུའུ་ཧོ་མོའུ་ལིན་སི་ཅི་ཕྱིན་རང་གི་མ་ཡུམ་སློབ་གྲྭར་ལོག་ནས་གྲོང་གསེབ་དེའི་སློབ་ཆུང་གི་དགེ་རྒན་ཞིག་ཏུ་གྱུར་པ་རེད།
     རྒྱལ་སྲུང་དམག་འཁྲུག་མགོ་བརྩམས་རྗེས་སུའུ་ཧོ་མོའུ་ལིན་སི་ཅིས་ཆབ་སྲིད་མཛུབ་སྟོན་པའི་འགན་འཁུར་ནས་གཡུལ་སར་སླེབས། དམག་འཁྲུག་ནང་དུ་ཁོང་ལ་རྨས་སྐྱོན་ཆེན་པོ་ཕོག རྨ་ཁ་གསོས་རྗེས་ཁོང་སླར་ཡང་སློབ་གསོའི་ལས་གནས་སུ་ཕྱིར་ཕེབས་ཏེ་སློབ་འབྲིང་ཞིག་གི་སློབ་གཙོ་བྱས།རྗེས་སུ་ཕ་ཡུལ་དུ་བཀོད་སྒྲིག་བྱས་ནས་ཁུལ་སློབ་གསོ་ཁག་གི་ཁག་དཔོན་གི་འགན་འཁུར་ནས་སྟོབས་ཤུགས་གང་ཡོད་ཀྱིས་དམག་འཁྲུག་མཇུག་རྫོགས་རྗེས་སུ་སློབ་གྲྭ་སླར་གསོ་བྱེད་པའི་བྱ་བ་བསྒྲུབས། སུའུ་ཧོ་མོའུ་ལིན་སི་ཅི་སློབ་ཁྲིད་ཀྱི་ལས་གནས་དང་པོ་སྟེ་ཚ་ཚ་འུར་འུར་གྱི་འཚོ་བར་རབ་ཏུ་དགའ་བས། ཁོང་གིས་སློབ་གྲྭར་ཕྱིར་ལོག་ནས་བྱ་བ་སྒྲུབ་པའི་རེ་བ་བཏོན་པ་ལྟར། ༡༩༤༧ལོར་ཁོང་ནི་ཕ་ཧྥ་ལེ་ཧྲེ་སློབ་འབྲིང་གི་སློབ་གཙོར་བསྐོས། དེ་ནས་བཟུང་སྟེ་ཁོང་གིས་སློབ་ཁྲིད་ཀྱི་ལས་གནས་སུ་ལོག་༢༣གྱི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་མཐར། ༡༩༧༠ལོའི་ཟླ༩པའི་ཚེས་༢ཉིན་ཚེ་ལས་འདས།
         སུའུ་ཧོ་མོའུ་ལིན་སི་ཅིས་སློབ་གཙོ་བཟང་པོ་ཞིག་བྱེད་དགོས་ན་ངེས་པར་དུ་སློབ་མ་དང་སློབ་ཁྲིད་ལ་ཉིན་གཅིག་ཀྱང་ཁ་འབྲལ་མི་རུང་བ་སྙམ། དེའི་ཕྱིར། ཁོང་གིས་སློབ་མའི་ཁྲོད་དུ་ཞུགས་པ་དང་སློབ་ཁང་གི་ནང་དུ་ཞུགས་པ། དགེ་རྒན་གྱི་ནང་དུ་ཞུགས་པ་བཅས་ཁ་གཡང་བསྒྲགས། ཁོང་ནི་སློབ་གཙོ་ཞིག་ཡིན་མོད། འོན་ཀྱང་ཁོང་གིས་འཛིན་གྲྭ་ཞིག་ལོ་རིམ་དང་པོ་ནས་མཐོ་འབྲིང་མཐར་ཕྱིན་པའི་བར་འཛིན་གྲྭ་དེའི་འཛིན་གྲྭའི་ཀྲུའུ་རིན་གྱི་འགན་འཁུར་ཡོད། ཁོང་གིས་སློབ་གསོ་ཞེས་པ་ནི་ཐོག་མར་མིའི་རིག་པ་ཞིག་ཡིན། ཁོ་ཚོའི་ཤེས་རིག་འཕེལ་རྒྱས་སུ་འགྲོ་བ་དང་ཁོ་ཚོའི་བསམ་གཞིགས་དང་། དགའ་ཕྱོགས། འཇོན་ཐང་། ལུས་དང་རིག་པའི་སྤུས་ཀ། འཕེལ་ཕྱོགས་བཅས་ལ་ཆ་རྒྱུས་མེད་ན་སློབ་གསོ་ཞེས་པ་གླེང་ཐབས་མེད་སྙམ། དེའི་ཕྱིར་ཁོང་ནི་སློབ་མ་རྣམས་དང་ཉིན་མཚན་མེད་པར་འགྲོགས་ཏེ་ཁོ་ཚོའི་དགའ་བ་དང་སྡུག་བསྔལ་ལ་རྒྱུས་ལོན་བྱས་ཏེ། སློབ་མ་འཚར་ལོངས་འབྱུང་བར་སེམས་ཁུར་གནང་། དུས་མཚུངས་སུ།
         ཁོང་གིས་ཉིན་རེར་ཆུ་ཚོད་གཉིས་ཀྱི་དུས་ཡུན་བེད་སྤྱད་དེ་སློབ་ཁྲིད་ལ་ཉན་པ་མ་ཟད། ད་དུང་ན་གཞོན་དགེ་རྒན་རྣམས་ལ་སློབ་ཁྲིད་དང་ཁ་བརྡ་བྱས་ཏེ། དགེ་རྒན་གྱིས་སློབ་མ་རྣམས་འཚར་ལོངས་འབྱུང་བ་དང་ཁོ་ཚོའི་བསམ་པའི་འཇིག་རྟེན་འཕེལ་རྒྱས་སུ་འགྲོ་བ་དང་བསམ་པའི་འཚོ་བར་སེམས་ཁུར་བྱེད་དགོས་པའི་བླང་བྱ་བཏོན། ཁོང་གིས་སློབ་གྲ་ཡོངས་ཀྱི་དགེ་རྒན་མཐུན་སྒྲིལ་བྱས་ཏེ་ཕུལ་དུ་བྱུང་བའི་ཐུན་མོང་ཞིག་ཏུ་བསྒྱུར་བ་དེ་ནི་ཕ་ཧྥུ་ལེ་ཧྲི་སློབ་འབྲིང་ལ་གྲུབ་འབྲས་ཐོབ་པའི་ཁག་ཐེག་ཡིན། ཕ་ཧྥུ་ལེ་ཧྲི་སློབ་འབྲིང་ནི་ལོ་བཅུའི་ལམ་ལུགས་ཀྱི་སྤྱིར་བཏང་གི་གྲོང་གསེབ་ཀྱི་སློབ་གྲྭ་དེར་སུའུ་ཧོ་མོའུ་ལིན་སི་ཅིས་ཧུར་ཐག་གིས་སློབ་གསོ་བཅོས་བསྒྱུར་དང་ཚོད་ལྟ་བྱས་པར་བརྟེན་ནས་ཕུལ་དུ་བྱུང་བའི་སློབ་གྲྭ་ཞིག་ཏུ་གྱུར་པ་མ་ཟད། དེང་རབས་སུ་འཛམ་གླིང་ནའང་སྙན་གྲགས་ཆེ་བའི་ཚོད་ལྟའི་སློབ་གྲྭ་ཞིག་ཏུ་གྱུར་ཡོད་པ་རེད།
       སུའུ་ཧོ་མོའུ་ལིན་སི་ཅིས་ལོ་བཅུ་ཕྲག་གི་རིང་ཉིན་གཅིག་ལྟར་བྱ་བ་འབར་བརྩོན་བྱས་ཏེ། རང་གི་སེམས་ཤུགས་ཡོད་ཚད་བྱིས་པ་རྣམས་སྐྱོན་དང་བྲལ་བའི་ངང་འཚར་ལོངས་འབྱུང་བའི་སྟེང་དུ་བཀོལ་བ་དང་། ཁོང་གིས་རིགས་པའི་གཞུང་ལུགས་དང་ལག་ལེན་དུ་ཟུང་འབྲེལ་བྱས་ཏེ་སློབ་གསོའི་གནད་དོན་གསར་བར་ཞིབ་འཇུག་གནང་སྟེ་རང་གི་ལྟ་ཚུལ་གསར་བ་བཏོན་པ་མ་ཟད། རིགས་པའི་གཞུང་ལུགས་སྟེང་དུ་དེ་ལ་སྤྱི་སྡོམ་གསར་བ་གནང་། ཁོང་གིས་ཕྱོགས་ཡོངས་ནས་སྤྱིར་བཏང་གི་སློབ་གསོའི་ཁྱབ་ཁོངས་སོ་སོར་ཞིབ་དཔྱད་བྱས་ཏེ། ལོ་ཆུང་དང་ན་གཞོན་རྣམས་ཕྱོགས་ཡོངས་དང་མཐུན་སྦྱོར་ངང་གོང་དུ་སྤེལ་བའི་རིགས་པའི་གཞུང་ལུགས་བཏོན། སུའུ་ཧོ་མོའུ་ལིན་སི་ཅིས་སྐུ་ཚེ་གང་བོར་གསུང་རྩོམ་པོད་༤༡དང་ཆེད་རྩོམ་༦༠༠ལྷག བྱིས་པའི་ཀློག་དེབ་སྟེ་བྱིས་པའི་སྒྲུང་གཏམ་༡༠༠༠ལྷག་བརྩམས་གནང་མཛད། ཁོང་གི་བརྩམས་ཆོས་རྣམས་ཡིག་རིགས་སུམ་ཅུ་ལྷག་ཏུ་བསྒྱུར་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོར་འགྲེམ་སྤེལ་བྱས་ཡོད། ཁོང་གི་གསུང་རྩོམ་གཙོ་བོར་<<སློབ་མའི་ཐུ་མོང་གི་བསམ་པ་སྐྱེད་སྲིང་བྱེད་པ>>དང<<སློབ་མའི་བསམ་པའི་འཇིག་རྟེན>><<ན་གཞོན་མི་རབས་ལ་གུང་ཁྲེན་རིང་ལུགས་ཀྱི་ཡིད་ཆེས་ཆགས་པ>><<ན་གཞོན་སློབ་གཙོ་དང་ཁ་བརྡ་བྱེད་པ།>><<དགེ་རྒན་རྣམས་ལ་བཏོན་པའི་བསླབ་བྱ་དོན་ཚན་༡༠༠>><<ཕ་ཧྥུ་ལེ་ཧྲི་སློབ་འབྲིང>><<མི་ཆོས་རིག་པའི་རྩོམ་ཡིག་གཅེས་བསྡུས>><<བསམ་པ་ཡོད་ཚད་བྱིས་པ་རྣམས་ལ་འབུལ་བ>><<སྤྱི་དམངས་འཁྲུངས་པ།>><<བུ་ལ་ཕུལ་བའི་ཡིག་ཆ>>སོགས་ཡོད། དེའི་ནང་གི་<<བསམ་པ་ཡོད་ཚད་བྱིས་པ་རྣམས་ལ་འབུལ་བ>>ཞེས་པ་ལ་ཝུའུ་ཁོ་ལན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱ་དགའ་ཐོབ། དཔེ་ཆ་དེ་དང་<<སྤྱི་དམངས་འཁྲུངས་པ>>ལ་དུས་མཉམ་དུ་ཝུའུ་ཁོ་ལན་སློབ་གསོ་མཐུན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། དཔེ་ཆ་དེ་གཉིས་དང་<<བུ་ལ་ཕུལ་བའི་ཡིག་ཆ>>ཞེས་པ་ལས་སུའུ་ཧོ་མོའུ་ལིན་སི་ཅིའི་སློབ་གསོའི་མ་ལག་དང་སློབ་གསོའི་རིགས་པའི་གཞུང་ལུགས་དང་ལག་ལེན་པ་ཞིག་ཡིན་པའི་གཤིས་སྤྱོད་གསལ་བོར་མཚོན། སུའུ་ཧོ་མོའུ་ལིན་སི་ཅི་ཚེ་ལས་འདས་རྗེས་སུའུ་ལེན་སྔོན་མའི་སློབ་གསོ་པུའུ་དང་ཝུའུ་ཁོ་ལན་སློབ་གསོ་པུའུ་ཡིས<<སུའུ་ཧོ་མོའུ་ལིན་སི་ཅིའི་སློབ་གསོའི་རྩོམ་བཏུས>>ཞེས་པ་རྩོམ་སྒྲིག་བྱས། ཁོང་གི་གསུངས་རྩོམ་ལས་སློབ་གྲྭའི་སློབ་གསོའི་གནས་ཚུལ་དངོས་གསོན་ཉམས་ལྡན་པའི་ངང་མཚོན་ཡོད་པ་དང་། དེ་ནི་སློབ་གྲྭའི་བྱ་བར་སྒྱུ་རྩལ་ལྡན་པའི་ངང་མདོར་བསྡུས་དང་མཐོར་འདེགས། བསྐྱར་མཚན་བཅས་བྱས་པ་ཡིན་པས། དཔེ་ཆ་དེ་ལ་མི་རྣམས་ཀྱིས་སློབ་གྲྭའི་འཚོ་བའི་ཤེས་བྱ་ཀུན་བཏུས་དཔེ་དེབ་ཞེས་པ་དང་། ཁོང་ལ་སློབ་གསོའི་བསམ་བློའི་སྐྱེ་མཆོག་ཅེས་པའི་སྙན་པའི་ཆོ་ལོ་གསོལ།         
རྩོམ་སྒྲིག་པ་ཨོ་རྒྱན་དོན་གྲུབ།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།