དགེ་བཤེས་འཇམ་དཔལ་རྒྱ་མཚོ་རྒྱ་གར་འཕགས་པའི་ཡུལ་་སོགས་སུ་ཕེབས་ནས་གསུང་ཆོས་གནང་བ།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2020-02-10 20:51:17    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

         9.jpg

 ༄༅། ། འཇམ་དབྱངས་སྤྲུལ་པའི་ངེས་ལེགས་རྣམ་རོལ་ནས། །

དཔལ་བཟང་དུས་ཀྱི་དགེ་རྩ་མ་ལུས་པ།།

     རྒྱ་ཆེན་སྤྱོད་པས་ཞིང་མཆོག་འཛམ་གླིང་དུ།།

       མཚོ་ལྟར་འཇིགས་མེད་མཛད་འདི་ཨེ་མ་རྨད།།

       རྒྱ་གར་ལྷོ་ཕྱོགས་བོད་ཀྱི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་དཔལ་ལྡན་འབྲས་དཀར་སྤུངས་པའི་ནང་ཚན་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་དགེ་བཤེས་འཇམ་དཔལ་རྒྱ་མཚོ་མཆོག་ཟླ་གཉིས་གྱི་རིང་ལ་རྒྱ་གར་འཕགས་པའི་ཡུལ་གྱི་གདན་ས་འབྲས་སྤུངས་དང་། དགའ་ལྡན། གནས་མཆོག་རྡོ་རྗེ་གདན་དང་། བྱ་རྒོད་ཕུང་པོ་རི། ཝ་ར་ཎ་སི་སོགས་སུ་མཆོད་མཇལ་དང་ཆོས་ཕྱོགས་ཀྱི་མཛད་རིམ་ལེགས་པར་གྲུབ་སྟེ། ཕྱིར་ཐའེ་ཝན་གླིང་ཕྲན་དུ་ཕེབས་ནས་བློ་སྦྱོང་དང་ལམ་གཙོ་སོགས་ཀྱི་གསུང་ཆོས་དང་ཕྱོགས་འདུས་ཀྱི་དད་ལྡན་ཚོས་རྗེ་བདག་ཉིད་ཆེན་མོའི་ལྟ་གྲུབ་དང་མཛད་པ་འཕྲིན་ལས་ལ་བགྲོ་གླེང་རྒྱ་ཆེར་མཛད།  ཐའེ་ཝན་གྱི་དད་ལྡན་པར་ནང་ཆོས་ངོ་སྤྲོད་མཛད་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཕེལ་རྒྱས་དང་། དད་ལྡན་སྐྱེ་འགྲོ་ཡོངས་ལ་ཆོས་འབྱོར་བདེ་སྐྱིད་འཕེལ་བའི་མཛད་འཕྲིན་རྒྱ་ཆེར་སྤེལ་ལོ།།

 

 

 

 

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།