དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2019-06-17 18:03:30    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

              11.jpg

    ༄༅། །ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ཉིན་ནི་ནང་པ་སངས་རྒྱས་པ་ཞིག་ལ་མཚོན་ན་ལོ་གཅིག་དུས་གཅིག་གི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་ཞིག་སྟེ།སྟོན་པ་ཤཱཀྱ་མུ་ནེ་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་ཡིན།

     སངས་རྒྱས་བཅོམ་ལྡན་འདས་ཀྱི་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་དགོད་པའི་ཆེད་མཛད་པ་བརྗོད་ལས་འདས་པ་བཞེས་ཤིང་། དེའི་ནང་ཐུན་མོང་གི་སྣང་ངོར། དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ། ཡུམ་གྱི་ལྷུམས་སུ་བཞུགས་པའི་མཛད་པ། སྐུ་བལྟམས་པའི་མཛད་པ། གཞོན་ནུའི་རོལ་རྩེད་མཛད་པའི་མཛད་པ། བཙུན་མོའི་འཁོར་གྱི་རོལ་བའི་མཛད་པ། རབ་ཏུ་བྱུང་བའི་མཛད་པ། ལོ་དྲུག་དཀའ་བ་སྤྱད་པའི་མཛད་པ།བྱང་ཆུབ་ཤིང་དྲུང་དུ་གཤེགས་པའི་མཛད་པ། བདུད་བཏུལ་བའི་མཛད་པ། སངས་རྒྱས་པའི་མཛད་པ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ། མྱ་ངན་ལས་འདས་པའི་མཛད་པ་སྟེ་མཛད་པ་བཅུ་གཉིས་སོ། ། ས་ག་ཟླ་བ་འདི་རང་ཅག་ནང་པ་ཡོངས་ཀྱི་ཆེས་ཁྱད་དུ་འཕགས་པའི་དུས་ཆེན་ཞིག་ལ་ངོས་འཛིན་བྱེད་དེ་རྣམ་དཀར་དགེ་སྦྱོར་རྒྱ་ཆེན་པོ་བརྩོན་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་ནོ།  །

དེ་ཡང་།
ས་གའི་ཡར་ཚེས་བཅོ་ལྔ་ལ།།
ལྷུམས་ཞུགས་བྱང་ཆུབ་མྱང་འདས་ཏེ།།
རྣམ་གསུམ་འཛོམས་པའི་དུས་ཡིན་ནོ།།

 

      དེ་རིང་གི་ཉིན་མོ་འདིར་དགེ་སྒྲུབ་སྡིག་སྤངས་ཅི་ནས་ཀྱང་འབད་པར་འཚལ་ཞེས་དགེ་བཤེས་འཇམ་དཔལ་རྒྱ་མཚོས་ཡོ་རབ་ཧྥ་རན་སིའི་ནས་༢༠༡༩/༠༦/༡༥་ཉིན་ཟླ་ཚེས་བཟང་པོ་ལ།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།