༄༅།། ཞྭ་སེར་བསྟན་པའི་མཛེས་རྒྱན་དཔལ་ལྡན་འབྲས་སྤུངས་ཁྲི་བ་༧རྗེ་བཙུན་བློ་བཟང་བསྟན་པ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གིས་ཐའེ་ཝན་དུ་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་སྐབས་ཀྱི་ཟིན་བྲིས་མདོར་བསྡུས་ཙམ་བཀོད་པ།
འབྲས་སྤུངས་ཁྲི་བ་རིན་པོ་ཆེ་མཆོག་གིས་གསུང་ཆོས་གནང་བཞིན་པ།
བློ་སྦྱོང་ཚིག་བརྒྱད་མ་འདི་ནི་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་བས་མཛད་པ་ཡིན་པའི་ཚིག་ཉུང་ལ་དོན་ཧ་ཅང་ཟབ་མོ་ཡིན་པའི་ཚང་མའི་སློབ་སྦྱོང་ཡག་པོ་གནང་རྒྱུ་གལ་ཆེན་པོ་ཡིན།
དེ་ནས།བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི།། དོན་མཆོག་སྒྲུབ་པའི་བསམ་པ་ཡིས། ། རྟག་ཏུ་གཅེས་པར་འཛིན་པར་ཤོག ། ཞེས་དེ་ལ་སྤྱིར་སེམས་ཅན་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསླབ་པ་ནི་སེམས་ཅན་དང་རིན་པོ་ཆེ་གཉིས་འདྲ་ཆོས་གཉིས་ཡོད། བློ་སྦྱོང་འདི་ནི་བྱང་ཆུབ་སེམས་སྦྱོང་དང་འགྲེལ་ནས་རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་མཉམ་བརྗེའི་གྱི་སྒོ་ནས་བློ་སྦྱོང་བ་དེ་འདྲ་རེད་བསམ། གཞན་གཅེས་པར་འཛིན་པ་དེ་ཡོན་ཏན་དུ་བལྟས་ནས་དང་དུ་ལེན། རང་གཅེས་པར་འཛིན་པའི་གཅེས་འཛིན་ལ་སྒོ་དུ་མ་ནས་ཉེས་དམིགས་མཐོང་བའི་ཐོག་ནས་བཟློག་ཐབས་བྱེད་རྒྱུ་དང་། དེ་གཉིས་པོ་དེའི་སྐྱོན་དང་ཡོན་ཏན་ཤེས་བའི་ཐོག་ནས་དེ་ལ་ཕན་བཏགས་ན་གནས་སྐབས་དང་མཐར་ཐུག་གི་དགེ་བ་ཐམས་ཅད་འབྱུང་སྟེ་གནས་སྐབས་ཀྱི་བདེ་བ་ཡང་སེམས་ཅན་མེད་ན་གང་ནས་ཚོལ་ཏེ་རང་འགགས་ལ། མཐར་ཐུག་གི་བདེ་བ་བྱང་ཆུབ་སེམས་ཡང་སེམས་ཅན་ལ་བརྟེན་ནས་འབྱུང་སྟེ། དེ་ཉིད་སེམས་ཅན་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་བླ་མེད་དུ་ཐོབ་པར་འགྱུར།། ཞེས་སོགས་གསུང་།
གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་བལྟ་ཞིང་། །གཞན་ལ་བསམ་པ་ཐག་པ་ཡིས།། མཆོག་ཏུ་གཅེས་པར་འཛིན་པར་ཤོག ། ཞེས་གསུང་པ་ལྟར་གནས་གང་དུ་སྡོད་ཀྱང་རུང་གྲོགས་སུ་དང་གང་ལ་འགྲོགས་ཀྱང་བདག་ཉིད་ནི་ཀུན་ལས་དམན་པར་བལྟ་ཞིང་ཕྱོགས་ཐམས་ཅད་དུ་རང་ལ་དམན་པར་བཏགས་ལ་སྙིང་ཐག་པ་ནས་གཞན་ལ་གུས་པར་བྱ་བ་བསླབ་པ་ནི་གྲོགས་རང་ལ་མཐོ་བ་བཤེས་གཉེན་དང་རང་དང་མཉམ་པ་ཚངས་པར་སྤྱོད་པ་དང་། མདོར་བསྡུས་ན་རང་ལས་དམན་པ་ནི་སུ་གཅིག་མེད་སྙམ་པའི་ང་རྒྱལ་དང་ཁེངས་པ་སྐྱུང་ཏེ་མཉམ་བཞེས་གནང་རྒྱུ་གལ་ཆེན་སོགས་གསུངས་སོ། །
ནང་བསྟན་ཐོས་བསམ་ཆོས་ཚོགས་ནས་གུས་ཕུལ།
- ༄༅།། བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་སྐབས་ཀྱི་ཟིན་བྲིས་མདོར་བསྡུས།
- ༄༅།། ཐའེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་ཆོས་གླིང་བཙུགས་ནས་ལོ་ངོ་བཅུ་འཁོར་བའི་དགའ་སྟོན་མཛད་སྒོ།
- ༄༅། །ཐའེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་ཆོས་གླིང་གི་མགྲོན་ཤོག
- དགེ་བཤེས་འཇམ་དཔལ་རྒྱ་མཚོས་ཧྥ་རན་སི་ནས་འཆད་ཁྲིད་གནང་རྒྱུའི་བརྡ་ཐོ།
- དགེ་བཤེས་འཇམ་དཔལ་རྒྱ་མཚོས་ཟླ་བརྒྱད་པར་ཧིན་རྡུ་ཉི་ཞི་ཡ་རུ་སྤྱོད་འཇུག་བཀའ་ཁྲིད་གནང་།
- ༄༅།། ལོ་སར་ཤིས་ཚིག
- དབང་རྩ་ཚན་རིག་པ་ཞིག་གི་རྣམ་ཤེས་ལ་ལྟ་སྟངས།
- ༅༅།། ས་ག་ཟླ་བར་དཀར་ཟས་སྤྱོད་རོགས།
- ༄༅།། དགེ་བཤེས་འཇམ་དཔལ་རྒྱ་མཚོ།
- ༄༅།། མཎི་ཡིག་དྲུག་འགྲེལ་བཤད།
- བསྟན་པ་སྔ་དར་སྐབས་ཀྱི་བོད་ཀྱི་ཆོས་ལུགས་བྱུང་འཕེལ་སྐོར་གླེང་བ།
- ༄༅།།རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུའི་ངོ་སྤྲོད།
- ཁྲི་ཀའི་ཇོ་ཇོ་ལྷ་ཁང་།
- ༄༅།།བསྟན་པའི་གཏད་རབས་བདུན་གྱི་བྱུང་བ།
- ༄༅།། དགེ་བཤེས་འཇམ་དཔལ་རྒྱ་མཚོ།
- ཚན་རིག་ཟིན་ཐོ།
- ནང་དོན་ཁ་སྣོན།ནང་དོན་ཁ་སྣོན།ནང་དོན་ཁ་སྣོན།ནང་དོན་ཁ་སྣོན།ནང་དོན་ཁ་སྣོན།ནང་དོན་ཁ་སྣོན།ནང་དོན་ཁ་སྣོན།ནང་དོན་ཁ་སྣོན།
- ༄༅།། མཎི་ཡིག་དྲུག་འགྲེལ་བཤད།
- དགེ་འདུན་པའི་ཚན་རིག་སྦྱོང་དགོས་པའི་གནད་དོན་བཅུ།
- དབང་རྩ་ཚན་རིག་པ་ཞིག་གི་རྣམ་ཤེས་ལ་ལྟ་སྟངས།
དྲ་ཚིགས་འདིའི་པར་དབང་རྨ་ཡུལ་ཁྲི་ཀའི་རིག་གནས་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
青ICP备12000378号 QQ: 406771696