༄༅། །ཐའེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་ཆོས་གླིང་གི་མགྲོན་ཤོག
རྩོམ་པ་པོ།      སྤེལ་དུས།  2017-12-29 20:01:39    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

     微信图片_20171229200104.jpg

༄༅། །ཐའེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་ཆོས་གླིང་།
Taiwan Tibetan Buddhist Association
11F., No.2, Ln. 35, Lisin 3rd St., Sinjhuang Dist., New Taipei City 242, Taiwan (R.O.C.)
Tel: 886+2+89928995   Fax: 886+2+89920209
E-mail: trijamcenter@gmail.com Web:www.trijam.org

ཐའེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་ཆོས་གླིང་གི་བྱུང་རིམ་མདོར་བསྡུས།

    ༄༅། །ཐའེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་ཆོས་གླིང་ནི་ཐའེ་པེ་གྲོང་ཁྱེར་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་དར་སྤེལ་བྱེད་པའི་ཆོས་ཚོགས་ཤིག་ཡིན།      ཕྱི་ལོ ༢༠༠༤ལོར་རྒྱ་གར་ལྷོ་ཕྱོགས་བོད་ཀྱི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་དཔལ་ལྡན་འབྲས་དཀར་སྤུངས་པའི་ནང་ཚན་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་དགེ་བཤེས་འཇམ་དཔལ་རྒྱ་མཚོ་མཆོག་ཐའེ་ཝན་དུ་ཕེབས་སྐབས།

      1.JPG

     དད་ལྡན་ཚེ་རིང་ཤོང་སོགས་མི་སྣ་ཚད་ལྡན་ཁག་དང་ལྷན་བཀའ་བགྲོས་མཛད་དོན།  དེང་སྐབས་ཚན་རིག་དང་དཔལ་འབྱོར་གྱིས་འཛམ་གླིང་དབང་བསྒྱུར་ཐོག་ཕྱིའི་དངོས་པོའི་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་འབྱུང་བཞིན་པ་དེ་ལྟར་ན་ཡང།  ནང་བསམ་པའི་དཔལ་ཡོན་ཞན་སྟབས་བདེ་སྐྱིད་རྣལ་མ་ཞིག་འཐོབ་པར་དཀའ་བའི་གནས་སྟངས་འདི་ལ་སྨན་ཆེད།  འཇིག་རྟེན་ཕན་བདེའི་གཞི་རྩ་ནང་བསྟན་འཆད་ཉན་སློབ་སྦྱོང་གི་བྱེད་སྒོ་སྤེལ་བའི་ཆོས་ཚོགས་ཤིག་འཛུགས་སྐྲུན་གནང་ཐུབ་ཚེ་ཐའེ་ཝན་མི་རིགས་ཀྱིས་མཚོན་པའི་སྤྱི་ཚོགས་ནང་ཕན་རླབས་ཆེ་བའི་དགོངས་འཆར་བྱུང་དོན་ལྟར།  ཕྱི་ལོ༢༠༠༥ལོར་འཆར་གཞི་ལྟར་འབད་བརྩོན་མཉམ་རུབ་ཀྱིས་དགོས་མཁོའི་ཆ་རྐྱེན་མཁོ་སྒྲུབ་དང་ཐའེ་ཝན་དབུས་གཞུང་ལ་ལས་འཆར་སྙན་ཞུ་ཕུལ།  ཕྱི་ལོ་༢༠༠༦ཟླ་༤ཚེས་༢༣ཉིན་ཐའེ་ཝན་དབུས་གཞུང་ནས་བཀའ་འཁྲོལ་ངོ་སྦྱོར་བསྩལ་བ་མ་ཟད་ཆོས་ཚོགས་ འདི་བཞིན་འཛམ་གླིང་རྒྱལ་སྤྱིའི་ནང་བསྟན་ལྷན་ཚོགས་ཀྱི་སྤྱི་མཚུངས་གནས་བབ་ཐོག་ནང་ཆོས་འཆད་སྤེལ་གྱི་ཁྲིམས་མཐུན་སྒྲིག་འཛུགས་འོག་གནས་རྒྱུ་དང།  ཐའེ་ཝན་རྒྱལ་ཡོངས་རང་བཞིན་གྱི་ནང་པའི་སློབ་གཉེར་ཚོགས་པའི་སྡེ་ཚན་དུ་གནས་པར་ཐའེ་ ཝན་ནང་སྲིད་ལྷན་ཁང་དང་ས་ཁུལ་རིམ་པའི་སྒྲིག་འཛུགས་ཀྱིས་ཐག་གཅོད་གནང་བའི་ བདེན་དཔང་རྒྱབ་གཉེར་བསྩལ་ཏེ་གདེང་འཇོག་ཚད་མེད་ཐོབ།  དེ་ལྟར་བཀྲ་ཤིས་རྟེན་འབྲེལ་འཛོམས་པའི་ཉིན་མོ་སྟེ་ཕྱི་ལོ་༢༠༠༦ཟླ་༤ཚེས་༢༣ཉིན་ཆོས་ཚོགས་འདི་ཉིད་དངོས་སུ་དབུ་བརྙེས་པ་ཡིན།  སྐབས་དེའི་རྒྱུན་ལས་ལྷན་ཚོགས་ནི།  མཁན་པོ་དགེ་བཤེས་འཇམ་དཔལ་རྒྱ་མཚོ།  ཚོགས་གཙོ་ཚེ་རིང་ཤོང།  དེ་བཞིན་ཚོགས་གཞོན་དང་དྲུང་ཡིག་རྩིས་གཉེར་བཅས་བསྐོ་འཇོག།  ཆོས་ཚོགས་ཀྱི་དམིགས་ཡུལ་ལས་འཆར་སྒྲིག་གཞི་སོགས་ཀྱང་གཏན་འབེབས་མཛད། 

      3.JPG

    གཞན་ཡང་ཆོས་ཚོགས་ཀྱི་ཚོགས་ཁང་གསར་ཉོ་དང།  རྒྱ་གར་དང་བལ་ཡུལ་ནས་སྐུ་གསུང་ཐུགས་རྟེན་གདན་འདྲེན་ཞུས་ཐོག།ཕྱི་ ལོ་༢༠༠༦ ཟླ་༧ ཚེས་༡༠ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་གཙོས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་དགེ་འདུན་པ་རྣམས་གདན་ཞུས་ཀྱིས་སྐུ་གསུང་ཐུགས་རྟེན་ལ་རབ་གནས་བྱིན་རླབས་མཛད་པ་དང།ཐའེ་ ཝན་དབུས་གཞུང་གི་ཆེ་མཐོའི་མི་སྣ་སོགས་གནད་ཡོད་ཁག་མགྲོན་ཞུས་ཐོག་ཆོས་ཚོགས་དབུ་བརྙེས་པའི་མཛད་སྒོ་ཟབ་རྒྱས་བསྐྱངས།  ཆོས་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་འཆད་སྤེལ་གྱིས་ཐའེ་ཝན་མི་མང་གི་ཆོས་དད་གོམས་གཤིས་མི་ཉམས་རྒྱུན་སྐྱོང་དང་བདེ་སྐྱིད་ཀྱི་མི་ཚེའི་འཚོ་བ་དོན་ལྡན་ཡོང་བར་རམ་འདེགས་ཞུ་རྒྱུ།རྣམ་དཀར་ཆོས་ལྡན་གྱི་བྱེད་སྒོ་གང་འོས་སྤེལ་ཏེ་རང་གཞན་གཉིས་ཕན་གྱི་འདི་ཕྱིའི་ལེགས་ཚོགས་སྒྲུབ་ཐབས་གནང་རྒྱུ།  སྐྱབས་ཡུལ་མཆོག་གསུམ་བསོད་ནམས་ཀྱི་ཞིང་སར་བསྙེན་བཀུར་མཆོད་འབུལ་དང།  དབང་པོ་མ་ཚང་ཞིང་ཉམ་ཐག་པའི་སྐྱེ་བོའི་རིགས་ལ་རོགས་སྐྱོར་འཚོལ་སྒྲུབ་གནང་རྒྱུ་དང་འཕགས་བོད་མཁས་པའི་བསྟན་བཅོས་དང་གསུང་རྩོམ་གལ་འགངས་ཆེ་རིགས་དམིགས་འདོན་བྱས་ཏེ་དེབ་ཕྲེང་དཔར་སྐྲུན་བྱེད་ཐབས་གནང་རྒྱུ་བཅས་ཡིན།  ད་ལྟའི་ཆར་ཆོས་བརྒྱུད་རིས་མེད་ཀྱི་མཁས་དབང་རྣམས་ཆེད་དུ་གདན་འདྲེན་ཞུས་ནས་དད་ལྡན་མི་མང་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་བཞིན་ཡོད་པ་དང།  བདུན་ཕྲག་རེ་རེར་ནང་ཆོས་ངོ་སྤྲོད་ཐེངས་གཉིས་དང།  སྒོམ་སྒྲུབ་ཉམས་ལེན་གྱི་བྱེད་སྒོ།  དེ་བཞིན་ཟླ་བ་ཡར་ངོའི་སྐབས་རྗེ་བཙུན་སྒྲོལ་མ་དང།  མར་ངོའི་སྐབས་སུ་མགོན་པོའི་སྒྲུབ་ཐབས་ཉམས་ལེན་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བཞིན་ཡོད།   སརྦ་མངྒ་ལཾ།

     2.JPG

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།