༅༅།། ས་ག་ཟླ་བར་དཀར་ཟས་སྤྱོད་རོགས།
རྩོམ་པ་པོ།  དགེ་བཤེས་འཇམ་དཔལ་རྒྱ་མཚོ།     སྤེལ་དུས།  2016-05-07 22:58:38    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

      7358CCC4-BC91-42A0-8BCD-1944C9738F43.JPG

      དེ་རིང་ནི་སྤྱི་ལོ་༢༠༡༦བོད་ཟླ་༤པའི་ཚེས་༡ཡིན་པ་དང་དུས་མཚུངས་བོད་ཀྱི་སྲོལ་རྒྱུན་གྱི་ས་ག་ཟླ་བའི་ཉིན་དང་པོ་ཡང་རེད། བོད་ཟླ་བཞི་པར་ས་ག་ཟླ་བ་ཟེར་ལ་དཀར་ཟས་ཟླ་བ་ཡང་ཟེར། དེ་ཡང་། བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་སངས་རྒྱས་བ། མྱ་ངན་ལས་འདས་པ་བཅས་མཛད་པ་ཆེན་པོ་གསུམ་མཉམ་འཛོམས་ཀྱི་ཟླ་བ་ཞིག་ཀྱང་རེད། འཛམ་གླིང་ཡུལ་གྲུ་གང་སར་ནང་བའི་དད་ལྡན་རྣམས་པའི་ཟླ་བ་འདིའི་ནང་སྡིང་སྤང་དགེ་སྒྲུབ་དང་། རྣམ་དཀར་དགེ་བའི་བྱ་བ་སྤེལ་ན་བྱིན་རླབས་དང་ཕན་ཡོན་ཤིན་ཏུ་ཆེ་བའི་དུས་ཆེན་ཁྱད་པར་ཅན་འདིར། ཡ་རབས་གོམས་གཤིས་བཟང་པོ་མི་ཉམས་རྒྱུན་འཛིན་ཡོང་བར་ཀུན་གྱིས་ཐུགས་སྣང་གནང་རོགས། ཐའེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་ཆོས་གླིང་ནས་ཟླ་ཚེས་བཟང་པོ་ལ་གུས་ཕུལ།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།