༄༅།། དགེ་བཤེས་འཇམ་དཔལ་རྒྱ་མཚོ།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2015-02-03 21:53:59    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

                 IMG_1013.JPG

       ༄༅། ། དགེ་བཤེས་འཇམ་དཔལ་རྒྱ་མཚོ་ནི་སྤྱི་ལོ་༡༩༧༣ ལོར་མདོ་སྨད་མཚོ་སྔོན་ཁྲི་ཀ་རྫོང་དུ་འཁྲུངས། ཆུང་དུས་ནས་དགའ་ལྡན་དགོན་དུ་ཆོས་སྒོར་ཞུགས་པ་དང་། བོད་དུ་སྔ་ཕྱིར་བསྒྲུབ་གྲྭ་དང་བཤད་གྲྭ་རིམ་པར་བསླབ་པ་སློབ་གཉེར་བྱས།  རྒྱ་གར་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་གཞུང་ཆེན་བཀའ་བོད་ལྔ་ལ་སློབ་གཉེར་གནང་ཏེ་སྤྱི་ལོ་༢༠༠༨ ལོར་དགེ་བཤེས་དམ་བཅའ་དང་མཚན་རྟགས་བཞེས།  བོད་ཀྱི་དཔེ་མཛོད་ཁང་དང་ཨ་རིའི་ཚན་རིག་ལྟེ་གནས་ཁང་གིས་གོ་སྒྲིག་ཞུ་བཞིན་པའི་དངོས་ཁམས་དང་སྐྱེས་དངོས་ཚན་རིག་སློབ་གཉེར་བྱས།  རྗེ་གུང་ཐང་རྗེས་དྲན་༼བྱང་ཆུབ་མཆོད་པའི་མེ་ཏོག༽རྩོམ་སྒྲིག་འགན་འཛིན་དང་།  ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ།  ཐའེ་ཝན་ཧྥ་ཀོ་ཧྲན་ནང་བསྟན་ཞིབ་འཇུག་ཁང་གི་ནང་ཆོས་དགེ་རྒན་གནང་། ད་ལྟའི་ཆར་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་ཆོས་གླིང་གི་མཁན་པོའི་འགན་གནང་ཞོར་དུ། ཁྲི་འཇམ་བསམ་གཏན་སྒོམ་སྒྲུབ་གླིང་དང་། ནུབ་ཕྱོགས (Germany)འཇར་མན་ནེའི་བསམ་གཏན་སྒོམ་སྒྲུབ་གླིང་གི་འགན་འཛིན་དང་ནང་ཆོས་འཆད་ཁྲིད་དགེ་རྒན་གནང་བཞིན་པ་བཅས་ལོ་རྒྱུས་སྙིང་བསྡུས་སོ།

            IMG_1057.JPG

                                           དགེ་བཤེས་དམ་བཅའ་འཇོག་བཞིན་པ། 

           333.jpg

                                        ཨ་ལགས་དོར་ཞི་རིན་པོ་ཆེ་དང་མཉམ་དུ། 

            IMG_0983.JPG

                                           དགེ་བཤེས་སློབ་མ་ཚོ་དང་མཉམ་དུ་ཡོད་པ། 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།